མཁན་ཆེན་ཀུན་བཟང་རྣམ་རྒྱལ་མཆོག་གིས་དཔྱད་རྩོམ་བགྲོ་གླེང་དབུ་འཛུགས་སྐབས་གནང་བའི་གསུང་བཤད།
བརྗོད་གཞི། བདེན་གཉིས་ཀྱི་དབྱེ་གཞི་གང་ཡིན་ཚུལ་ཕྲན་ཙམ་བཀོད་པ།
དཔྱད་རྩོམ་གཙོ་སྐྱོང་བ། མཁན་ཆེན་ཀུན་བཟང་རྣམ་རྒྱལ།
དཔྱད་རྩོམ་དམ་བཅའ་བ། སློབ་དཔོན་ལྷག་པ་ཚེ་རིང་།
དཔྱད་རྩོམ་དོགས་འདྲི་བ། བསོད་ནམས་དར་རྒྱས། སྐལ་བཟང་དབང་འདུས། ཐུབ་བསྟན་རྒྱལ་མཚན། སྐལ་བཟང་རྡོ་རྗེ། ཐུབ་བསྟན་རྒྱ་མཚོ། བསྟན་འཛིན་བཟང་པོ། ཨོ་རྒྱན་བསྟན་འཛིན།
བརྗོད་གཞི། ཉན་རང་གིས་བདག་མེད་རྟོགས་མིན་སྐོར་ལ་དཔྱད་པ་བན་དེའི་སྣང་བ།
དཔྱད་རྩོམ་གཙོ་སྐྱོང་བ། མཁན་ཉི་མ་གྲགས་པ།
དཔྱད་རྩོམ་དམ་བཅའ་བ། བསོད་ནམས་དར་རྒྱས།
དཔྱད་རྩོམ་དོགས་འདྲི་བ། བསྟན་འཛིན་བཟང་པོ། བསོད་ནམས་རྒྱལ་མཚན། ལྷག་པ་ཚེ་རིང་། ཆོས་དབྱིངས་འགྱུར་མེད། བསོད་ནམས་དོན་འགྲུབ། བསོད་ནམས་ཆོས་དར། ཚེ་དབང་ནོར་བུ། བསྟན་འཛིན་ཉི་མ།
བརྗོད་གཞི། འཕགས་བོད་དུ་མཁས་གྲུབ་ཀུན་གྱིས་ཡོན་ཏན་ཅན་མཐའ་གཅིག་ཏུ་བརྩོན་འགྲུས་ཀྱིས་བརྩམ་དགོས་ཚུལ་ལ་དཔྱད་པ་ཉུང་ཐོས་བློ་ཡི་རྨ་ཁ།
དཔྱད་རྩོམ་གཙོ་སྐྱོང་བ། མཁན་འཇམ་དབྱངས་བསྟན་འཛིན།
དཔྱད་རྩོམ་དམ་བཅའ་བ། ཐུབ་བསྟན་རྒྱལ་མཚན།
དཔྱད་རྩོམ་དོགས་འདྲི་བ། ལྷག་པ་ཚེ་རིང་། ཨོ་རྒྱན་བསྟན་འཛིན། བསོད་ནམས་དར་རྒྱས། སྐལ་བཟང་དབང་འདུས། ཐུབ་བསྟན་རྒྱ་མཚོ། སྐལ་བཟང་རྡོ་རྗེ།
བརྗོད་གཞི། ཀུན་གཞིའི་རྣམ་བཞག་མདོ་ཙམ་དཔྱད་པ།
དཔྱད་རྩོམ་གཙོ་སྐྱོང་བ། མཁན་ཉི་མ་གྲགས་པ།
དཔྱད་རྩོམ་དམ་བཅའ་བ། སློབ་དཔོན་བསྟན་འཛིན་བཟང་པོ།
དཔྱད་རྩོམ་དོགས་འདྲི་བ། ཐུབ་བསྟན་རྒྱལ་མཚན། བསོད་ནམས་ཆོས་དར། ཚེ་དབང་ནོར་བུ། ལྷག་པ་ཚེ་རིང་། བསོད་ནམས་རྒྱལ་མཚན། བསྟན་འཛིན་ཉི་མ། བསྟན་འཛིན་བཟང་པོ། ཆོས་དབྱིངས་འགྱུར་མེད། བསོད་ནམས་དོན་འགྲུབ།
དཔྱད་རྩོམ་བགྲོ་གླེང་སྐབས་ཀྱི་རྣམ་པ།
མདོ་སྔགས་ཆོས་ཚུལ་ཚང་ལ་མ་ནོར་བ། །
མཁས་ཤིང་གྲུབ་བརྙེས་རིག་འཛིན་བརྒྱུད་པའི་སྲོལ། །
ཐུབ་བསྟན་སྙིང་པོ་གསང་སྔགས་སྔ་འགྱུར་བའི། །
བསྟན་པ་འཕེལ་རྒྱས་འཛམ་གླིང་ཁྱབ་གྱུར་ཅིག །
ལེགས་བཤད་ཉི་ཟླའི་སྣང་བས་འཛམ་གླིང་ཁྱོན། །
ཀུན་ཏུ་རབ་ཁྱབ་བཀྲ་ཤིས་དཔལ་འབར་ཞིང་། །
བཤད་སྒྲུབ་པདྨའི་དགའ་ཚལ་རབ་ཏུ་རྒྱས། །
རྟག་ཏུ་མི་ཉམས་གོང་ནས་གོང་འཕེལ་ཤོག །
ཨོ་རྒྱན་མཚོ་སྐྱེས་བླ་མས་ལུང་བསྟན་ཅིང་། །
འོད་གསལ་ཐེག་མཆོག་བསྟན་འཛིན་འདུ་བའི་གནས། །
བཤད་སྒྲུབ་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད། །
ཕྲིན་ལས་གླིང་བཞིར་ཁྱབ་པ་བརྡལ་གྱུར་ཅིག །