དཔེ་འཕྲིན། མཁན་ཀུན་བཟང་རྣམ་རྒྱལ་གྱི་གསུང་འབུམ།

文摘   2023-03-01 15:09  

རྩོམ་པ་པོ། 

མཁན་ཀུན་བཟང་རྣམ་རྒྱལ།

མཁན་ཆེན་ཀུན་བཟང་རྣམ་རྒྱལ་མཆོག་ནི། མདོ་སྨད་ས་ཡི་ཡང་རྩེ། སྨར་ཤོད་གོ་འཇོའི་ཆར་གཏོགས་མཚམས་གཞུང་མ་ཎི་རང་བྱོན་གྱི་ཉེ་ འདབས་ལྷ་ཐོག་འབྲོག་སྡེ་རུ་ཕྱི་ལོ་༡༩༧༩ ལོར་སྐུ་འཁྲུངས།

དཔེ་འཕྲིན།

 དེ་ཡང་གངས་རིའི་མུ་ཁྱུད་མཛེས་པས་བསྐོར་བའི་ཡུལ་གྲུ་སྟེ། མཐོ་སྒང་གདོང་དམར་བོད་ཀྱི་ཞིང་མཆོག་འདི་རུ་སྔོན་བྱོན་མེས་དབོན་གོང་མ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས། བོད་རྒྱུད་ནང་བསྟན་རིག་གཞུང་ཞེས་འཛམ་གླིང་མི་རིགས་ཡོངས་ཀྱིས་མཐོང་ཆེན་ཉིད་དུ་བརྩི་བཞིན་ཡོད་པའི་བོད་ཀྱི་རིག་པའི་གནས་ཆེན་ཀུན་པོ་ལ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་ཆེད་དུ། དེང་དུས་མཁས་དབང་མང་པོས་གསུང་རྩོམ་སྤང་ལ་ཤྭ་མོང་བརྡོལ་བ་བཞིན་འཆིས། དེ་བཞིན་ད་ལྟའི་ཆར་ཤར་ཀཿཐོག་པའི་མཁན་པོ་མཁས་བཙུན་བཟང་པོའི་དཔལ་མངའ་བ་མཁན་རིན་པོ་ཆེ་ཀུན་བཟང་རྣམ་རྒྱལ་མཆོག་གིས་དགོན་པ་ཉམས་གསོ་དང་འབྲེལ། སྟག་དགོན་རྒྱུད་སྡེ་བཤད་གྲྭའི་ནང་ལོ་ངོ་བཅུ་བདུན་ལྷག་ལ་བཤད་གྲྭའི་ལས་ཐོག་མཁན་པོའི་འགན་བཞེས་ཤིང་མདོ་སྔགས་རིག་གཞུང་དང་བཅས་འཆད་ཁྲིད་གནང་ཞོར་བརྩམས་གནང་མཛད་པའི། བརྗོད་བྱ་རྒྱལ་བའི་བཀའ་དང་བསྟན་བཅོས་ཀྱི་ཟབ་གནད་འདུས་ཤིང་། རྗོད་བྱེད་ཚིག་གི་སྡེབ་སྦྱོར་ཤིན་ཏུ་ལེགས་པའི་རིན་བྲལ་གྱི་ལེགས་བཤད་ད་སྐབས་བཞུགས་པ་ཀུན་བསྡོམས་ན་ཕལ་ཆེར་གླེགས་བམ་བཅོ་ལྔའི་གྲངས་སུ་བཞུགས་ངེས་འདུག་ཀྱང་ད་དུང་ཕྱིས་འབྱུང་ཕྲིན་ལས་ཀྱི་རྟེན་འབྲེལ་ལ་དམིགས་ཏེ། ད་ལན་གླེགས་བམ་བཅུ་གསུམ་གྱི་གྲངས་སུ་བྱས་ཤིང་། 

1

དེའི་ནང་ཆོས་ཚན་བརྒྱ་དང་བརྒྱད་ཅུ་ཙམ་བཞུགས་པ་རྣམས་ཀྱི་ནང་དོན་གཙོ་བོ་ནི། གླེགས་བམ་དང་པོ། བསྟོད་ཚོགས་ཀྱི་སྐོར། སྙན་རྩོམ་གྱི་སྐོར། འབུལ་ཡིག་གི་སྐོར། གླེགས་བམ་གཉིས་པ། བཤད་རྒྱུགས། བསོད་ནམས་སྟོབས་ཀྱི་རྟོགས་བརྗོད་སོགས། རྣམ་ཐར་སྐོར། ལེགས་བཤད་སྐོར། གླེགས་བམ་གསུམ་པ། གསོལ་འདེབས་སྐོར། ཉམས་མགུར་སྐོར། ཞལ་གདམས་སྐོར། སྨོན་ལམ་སྐོར། ཞབས་བརྟན་སྐོར། ཚུལ་ཤིང་བསྟོད་པའི་སྐོར། གླེགས་བམ་བཞི་པ། སྡོམ་བརྒྱུད་གསོལ་འདེབས། སྡོམ་བརྒྱུད་རྣམ་ཐར། གླེགས་བམ་ལྔ་པ། མཚམས་མ་ཎིའི་གནས་ཡིག །སྟག་མོ་དགོན་པའི་ལོ་རྒྱུས། གླེགས་བམ་དྲུག་པ། དཔྱད་རྩོམ་གྱི་སྐོར། ཟིན་ཐོ་ཐོར་བུའི་སྐོར། བཟང་རྡོར་ཆོས་སྐོར་གྱི་དཀར་ཆག གླེགས་བམ་བདུན་པ། སཱ་ལུ་ལྗང་པའི་མདོ་འགྲེལ། དམ་ཚིག་གསལ་བཀྲའི་འགྲེལ་པ། གླེགས་བམ་བརྒྱད་པ། མན་ངག་ལྟ་ཕྲེང་གི་དཀའ་འགྲེལ། སྟོད་ཆ། གླེགས་བམ་དགུ་པ། མན་ངག་ལྟ་ཕྲེང་གི་དཀའ་འགྲེལ། སྨད་ཆ། མན་ངག་ལྟ་ཕྲེང་གི་སྤྱི་སྡོམ་ཚིགས་སུ་བཅད་པ། གླེགས་བམ་བཅུ་པ། སྡོམ་གསུམ་རྣམ་ངེས་ཀྱི་བཤད་འགྲེལ་ཆེན་མོ། སྟོད་ཆ། གླེགས་བམ་བཅུ་གཅིག་པ། སྡོམ་གསུམ་རྣམ་ངེས་ཀྱི་བཤད་འགྲེལ་ཆེན་མོ། བར་ཆ། གླེགས་བམ་བཅུ་གཉིས་པ། སྡོམ་གསུམ་རྣམ་ངེས་ཀྱི་བཤད་འགྲེལ་ཆེན་མོ། སྨད་ཆ། གླེགས་བམ་བཅུ་གསུམ་པ། གཞི་གསུམ་ཟིན་བྲིས། གཞི་གསུམ་བརྙན་པར། འདུལ་བའི་དཔེ་རིས།

2

བཅས་བཞུགས་པ་ཀུན་ངེད་སྟག་དགོན་སཾ་བྷོ་ཊའི་དཔེ་རྙིང་མྱུར་སྐྱོབ་གླིང་གིས་ལོ་ཤས་རིང་བསྡུ་བསྒྲིགས་ཞུས་ཏེ་དཔེ་དེབ་ཀྱི་རྣམ་པ་ཉིད་དུ་ད་སྐབས་པར་བསྐྲུན་བགྱིད་བཞིན་ཡོད་པས་མི་འགྱང་བར་མཁྱེན་སྤྱན་དང་ལྡན་པའི་གཟིགས་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་ཐུབ་ངེས་བྱ་རྒྱུ་ཡིན། བླུ་ཡོན་གྱི་རིན་གོང་ནི། ཡི་གེ་པར་ཡོན་དང་འགྲོ་སོང་ཙམ་ལས་ལྷག་པོ་ཁེ་བཟང་སྦྱར་མེད་ཀྱང་པར་གྲངས་ཉུང་བས་རྐྱེན་གྱིས་གསུང་འབུམ་ཆ་ཚང་རེ་ལ་སྒོར་༣༠༠རེ་ཐོབ་ཀྱི་འདུག ། གལ་ཏེ་ཁྱེད་ལ་དགོས་མཁོ་ཡོད་ཚེ་འབྲེལ་ཡུལ་འདི་དག་རྒྱུད་དེ་འབྲེལ་བ་གནང་རོགས། 

3

འབྲེལ་གཏུག་བྱེད་ཡུལ།

13322553416  

17789958687 

17889255672


贡法衣藏文平台
མེས་པོའི་ཟུང་ཁྲག་ནས་བཞུར་བའི་བོད་ཕ་སྐད་མ་ཡིག་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག །
 最新文章