གསལ་བརྡ།

文摘   2025-01-27 12:33   西藏  

    གངས་ཀྱི་ར་བས་ཟླུམ་པོར་བསྐོར་བའི་བོད་ཆེན་པོའི་ཡུལ་གྲུ་འདིའི་སྟོད་སྨད་བར་གསུམ་ཀུན་དུ་སྔོན་བྱོན་དམ་པས་བྱིན་གྱིས་བརླབས་པའི་སྒྲུབ་གནས་མང་པོ་ཡོད་ལ། དེ་དག་ལས་ཆེས་ངོ་མཚར་ཞིང་བྱིན་ཆེ་བའི་གྲུབ་པ་བཞི་ལྡན་གྱི་སྒྲུབ་གནས་གྲགས་ཅན་ཉུང་ཤས་ཤིག་ཡོད་པའི་ཡ་གྱལ་བོད་ཁ་བ་ཅན་གྱི་གསུང་གི་རྟེན་གཅིག་མཚམས་ཀྱི་ཇོ་བོ་ཡི་གེ་བདུན་མའམ་ཡོངས་གྲགས་སུ་མཚམས་ཀྱི་མ་ཎི་རང་བྱོན་དུ་འབོད་པའི་གནས་རི་ངོ་མཚར་ཅན་འདི་ཉིད་ད་ལོ་ཤིང་མོ་སྦྲུལ་ལོར་གནས་འདུས་སམ་གནས་མགྲོན་དུ་ཁེལ་གྱིན་ཡོད་པས་ངེད་སྟག་མོ་དགོན་པས་གནས་འདི་དང་འབྲེལ་བའི་དད་ལྡན་ཚོའི་དད་པ་དང་རྗེས་དྲན་གྱི་རྟེན་དུ་དམིགས་ནས་ཐོན་རྫས་འགའ་ཞིག་བཟོས་ཡོད་པ་གཤམ་གསལ།
སྟག་དགོན་བླ་མ་བློ་གྲོས་ཀྱི་སྐུ་བརྙན།
ཀླུ་མི་མགོན་དཀར་པོའི་སྐུ་བརྙན།

སྐུ་རྒྱུ་ལྷད་མེད་པའི་ཟངས་དམར་ལས་གྲུབ་ཅིང་ཁ་དོག་རྙིང་མདོག་ཏུ་བཅོས་པ། ཆེ་ཆུང་སོར་ལྔ་ལྷག་ཙམ་ཡོད་པའི་སྟག་མོ་བླ་མ་བློ་གྲོས་རིན་པོ་ཆེའི་སྐུ་བརྙན་བླ་མའི་རྣལ་འབྱོར་ལྟར་དུ་དང་།གཡང་རྟེན་ཀླུ་མི་མགོན་དཀར་པོའི་སྐུ་བརྙན་སྒྲུབ་ཐབས་ལྟར་ཚད་ལྡན་དུ་བཟོས་པ་གཉིས་ལ་སྟག་མོ་དགོན་པའི་དགེ་འདུན་པ་ཡོངས་ནས་གཟུངས་གཞུགས་སུ། ཀཿ ཐོག་མཁན་རྒན་རིན་པོ་ཆེ་བསོད་ནམས་བསྟན་པ་དབུ་བཞུགས་ཀྱིས་རྒྱུད་སྡེ་བཤད་སྒྲུབ་ནོར་བུ་ལྷུན་པོའི་འཇམ་དབྱངས་རིལ་བུ། ཀཿ ཐོག་སྟོང་གྲྭ་སོགས་སྨོན་ལམ་ཆེན་མོ་སྔ་ཕྱིའི་ཆོས་སྨན་རིལ་བུ། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་སྒྲུབ་རིལ། སངས་རྒྱས་འོད་སྲུང་གི་རིང་བསྲེལ། གུ་རུའི་ན་བཟའ་ཟབ་བེར་འཁོར་ལོ་དགུ་བརྩེགས།  ཀཿ ཐོག་དམ་གཙང་བྱམས་གསུམ་གྱི་གདུང་རུས་རིལ་བུ། བདུད་འདུལ་རྡོ་རྗེའི་ན་བཟའ། མཁན་ངག་དགའི་ན་བཟའ། མཁན་རྒན་གྱིས་སྐུ་ཚེ་གཅིག་ལ་སྒྲུབ་པའི་ཐོད་པའི་ནང་གི་སྨན་སྒྲུབ། ཀཿ ཐོག་དགེ་པཎ་གྱི་སྐུ་ཤ་རིལ་བུ། མཁན་ནུས་ལྡན་གྱི་ན་བཟའ། དྲི་མེད་ཞིང་སྐྱོང་དཔལ་ཆོས་ཀྱི་རྡོ་རྗེའི་སྐུ་ཤ་རིལ་བུ། དྲུང་པ་ནམ་མཁའ་རྒྱ་མཚོ་སོགས་ཀྱི་གདུང་རུས། མཁན་རྒན་རྒྱལ་མཚན་འོད་ཟེར་གྱི་དབུ་སྐྲ། ཆོས་སྨན་དམ་རྫས་ཀུན་འདུས། མཁན་རྒན་རྒྱལ་མཚན་འོད་ཟེར་གྱིས་སྐུ་ཚེ་གཅིག་ལ་སྒྲུབ་པའི་ཚེ་རིལ། འཇམ་མགོན་མི་ཕམ་རིན་པོ་ཆེའི་ན་བཟའ་ཕྱོགས་བསྡུས་རིལ་བུ། གཙང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་གདུང་རུས་རིལ་བུ། དམ་རྫས་རྟེན་འདུས་རིལ་བུ། དམ་རྫས་ཕབས་རྟ་རིལ་བུ། སྔ་འགྱུར་བཀའ་་མ་དང་གཏེར་མཛོད་སྐབས་སུ་སྒྲུབ་པའི་རིལ་བུ། མཁན་རྒན་བསོད་ནམས་བསྟན་པའི་ན་བཟའ། མཁན་རྒན་དབུ་བཞུགས་ཀྱི་སྒྲུབ་པའི་གཏོར་སྐམ། འཇམ་དབྱངས་བློ་གསལ་རྡོ་རྗེའི་བཞུགས་ཁྲིའི་ས་རིལ། བླ་མ་བསོད་རྒྱལ་གྱིས་བསྡུས་གྲུབ་མཛད་པའི་གཡང་རྫས། ཀཿ ཐོག་མཁན་ཨ་འཇམ་གྱིས་བསྡུས་གྲུབ་མཛད་པའི་ཕབས་རྟ་རིལ་བུ། དིལ་མགོ་མཁྱེན་བརྩེའི་དབུ་ལོ།  ཉག་བླ་བསོད་རྒྱལ་གྱི་དབུ་སྐྲ། དངུལ་ར་བསོད་ནམས་རིན་ཆེན་གྱི་དབུ་ཐོད། དངུལ་ར་དགོན་པའི་རྡོར་སེམས་རིལ་བུ། འཆི་མེད་འཕགས་མའི་སྒྲུབ་རིལ། རིག་འཛིན་ཀློང་གསལ་གྱི་ན་བཟའ། སྨྱོ་ཤུལ་ལུང་རྟོགས་ཀྱི་ན་བཟའ། མི་འགྱུར་རྡོ་རྗེའི་ཆོས་གོས། ངག་དགའི་ན་བཟའ་དང་དབུ་ལོ། འཇམ་དབྱངས་མཁྱེན་བརྩེའི་དབུ་ལོ། མཁན་ཆེན་ཞི་བ་འཚོའི་ཆོས་གོས། གཏེར་སྲས་འཆི་མེད་ཀྱི་གདུང་རས། དིལ་མགོ་མཁྱེན་བརྩེ་དབུ་བཞུགས་མཛད་པའི་བཀའ་མ་ཚོགས་ཆེན་འདུས་པའི་བདུད་རྩི་ཆོས་སྨན། མཁན་རྒྱལ་མཚན་འོད་ཟེར་གྱི་ན་བཟའ། ཀཿ དམ་པ་བདེ་གཤེགས་ཀྱི་གདུང་ཐལ། རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོའི་བཞུགས་གདན། སི་ཏུ་ཆོས་ཀྱི་ཉི་མའི་གའུའི་ལུང་ཐག །འགྲོ་འདུལ་དཔའ་བོ་རྡོ་རྗེའི་ན་བཟའ། ཡེ་ཤེས་འབུམ་པའི་ན་བཟའ། མཁན་ཨ་དགེའི་ན་བཟའ། དཀོར་ཁུངས་མཆོག་སྤྲུལ་ཨོ་རྒྱན་ཆེ་མཆོག་གིས་སྒྲུབ་པའི་སྨན་སྒྲུབ། ཀཿ ཐོག་སྤྲུལ་ཨོ་རྒྱན་ཆེ་མཆོག་གིས་བསྡུས་སྒྲུབ་མཛད་པའི་རིང་བསྲེལ་རྣམ་ལྔ་འདིའི་ནང་འཇམ་དབྱངས་མཁྱེན་བརྩེ་གོང་འོག་གི་རྟེན་སྒམ་དང་། མཁན་རྒན་རྒྱལ་མཚན་འོད་ཟེར་དང་བདུད་འཇོམས་རིན་པོ་ཆེ་སོགས་ཀྱི་ཕྱག་ལས་བྱུང་བའི་བྱིན་རྟེན་ཧ་ཅང་རྩ་ཆེན་བཞུགས་མོད་དཀར་ཆག་གཞན་དུ་གསལ་བ་ལྟར་ལས་འདིར་ཡི་གེ་མང་བས་འགོད་མ་ཐུབ། སྟག་མོ་དགོན་པའི་སྨན་སྒྲུབ། མཁན་རྒན་གྱིས་གནང་བའི་དམ་རྫས་ཕབས་རྟ་རིལ་བུ། རྨོག་སྤྲུལ་རིན་པོ་ཆེའི་བྲམ་ཟེ་སྐྱེ་བདུན་རིལ་བུ། རྨོག་སྤྲུལ་རིན་པོ་ཆེའི་གདུང་ཚྭ་དང་གདུང་རས། ཀཿ ཐོག་དགོན་པའི་གཏོར་སྐམ། ཀཿ ཐོག་གཏེར་མཛོད་རིལ་བུ། བླ་མ་བློ་གྲོས་ཀྱི་གདུང་ཚྭ་དང་གདུང་རས། དབུ་སྐྲ་དང་ན་བཟའ།  མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་ན་བཟའ། དཀོར་ཁུངས་མཆོག་སྤྲུལ་ཨོ་རྒྱན་ཆེ་མཆོག་གི་ན་བཟའ། འཆི་མེད་འཕགས་མའི་རིལ་བུ། བཀའ་བརྒྱད་སྨན་སྒྲུབ། འཆི་མེད་འཕགས་མའི་རྡུལ་ཚོན། ཀཿཐོག་དགོན་པའི་རྡུལ་ཚོན། སྟག་མོ་དགོན་པའི་གཏོར་སྐམ། གཡང་རྗས། རིན་ཆེན་ཕྱེ་མ།  སྔོན་བྱོན་དམ་པ་དུ་མའི་དམ་རྫས་བདུད་རྩི། ཚེ་རིལ། བདུད་རྩིའི་ཚེ་རྫས། མ་ཕམ་གཡུ་མཚོའི་བྱེ་མ་སྣ་ལྔ། ཧས་པོ་རིའི་ས་སྣ། གནམ་མཚོའི་ས་སྣ། མ་ཎི་འབྲུ་དྲུག་གི་ས་སྣ། མཚམས་ཀྱི་ཆུ་མིག་དཀར་མོའི་གནས་ཆུ། གནས་ཆེན་ཁག་གི་ས་སྣ་ཆུ་སྣ་དང་། མཚན་གཟུངས་སོགས་གཟུངས་ཀྱི་རིགས་ཚད་ལྡན་ཕུལ་ཞིང་སྒྲུབ་པ་དང་རབ་གནས་གཞུང་བཞིན་བྱས་པ་དང་།



གཞན་ཡང་སྟག་དགོན་རིགས་གསུམ་ལག་འཁོར་ཏེ་གནའ་བོའི་སྲོལ་རྒྱུན་གྱི་ཆེས་མཛེས་པའི་ལག་འཁོར་གྱི་རྣམ་པ་ལྟར་དུ་བཟོས་ཤིང་ལག་འཁོར་རེ་རེའི་ནང་དུ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཚར་༧༥༦༠༠  འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས་ཚར་༧༧༠༤༠ ཕྱག་ན་རྡོ་རྗེའི་གཟུངས་སྔགས་༩༡༤༤༠ བཅས་ཚད་ལྡན་ཁུངས་ཐུབ་ཏུ་བཟོས་པ་སྟག་དགོན་དགེ་འདུན་སྤྱི་ཡིས་རབ་གནས་དང་གཟུངས་སྒྲུབ་ལེགས་པར་ཞུས་པ།


རྒྱུ་ཆ་དང་ཁ་དོག་ལེགས་འདེམས་ཀྱིས་བཟོས་ཤིང་རྒྱུན་སྤྱོད་ཇ་ཕོར་དང་གཡང་རྟེན་གང་བྱས་ཀྱང་ཆོག་པའི་ཇ་མདོག་དཀར་ཡོལ་འབྲུག་མ་ཆེ་ཆུང་གཉིས།

ད་དུང་གནས་བསྐོར་ཕེབས་སྐབས་སོགས་སུ་ཉེ་བར་མཁོ་བའི་ཡོ་བྱད་ཆར་གདུགས་ཁ་དོག་རིགས་གཉིས་བཅས་གནས་འདུས་ཀྱི་དད་རྟེན་ནམ་དྲན་རྟེན་དུ་ཆེད་དམིགས་ཀྱིས་བཟོས་ཡོད་ལ་གོང་ཞུས་ལྟར་སྐུ་འདྲ་དང་ལག་འཁོར། དཀར་ཡོལ་རྣམས་སྟག་མོ་དགོན་འདུས་པ་སྤྱི་ཡིས་ཕུར་པའི་དགུ་གཏོར་བདུན་སྒྲུབ་དང་སྦྲེལ་ནས་མི་མགོན་དཀར་པོའི་གཡང་སྒྲུབ་དང་རབ་གནས་བཅས་ཚད་ལྡན་གྲུབ་ཡོད་པས་དད་པ་དང་མཆོད་པའི་རྟེན་དུ་རུང་ངེས་སུ་ཡོད་ཅེས་འབྲེལ་ཡོད་མངགས་ཉོ་འདོད་མཁན་དག་ལ་གསལ་འདེབས་སུ་ཕུལ་བ་ལགས།

 
དགོན་པའི་འགན་འཛིན་པས།

        འབྲེལ་ཡུལ།

17397182565

17789958687

贡法衣藏文平台
མེས་པོའི་ཟུང་ཁྲག་ནས་བཞུར་བའི་བོད་ཕ་སྐད་མ་ཡིག་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག །
 最新文章