༄༅། །དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་མིའི་གཟུགས་
སུ་བྱོན་པ་༸ཁྱབ་བདག་གྲུབ་པའི་དབང་ཕྱུག་དཔལ་ཆེན་ཧེ་
རུ་ཀ་རྨོག་གྲུབ་འཇིགས་བྲལ་ཕྱོགས་ལས་རྣམ་པར་
རྒྱལ་བའི་སྡེའི་རྣམ་པར་ཐར་པ་རྗེས་སུ་དྲན་
པའི་བསྟོད་དབྱངས་ལེགས་བཤད་མ་
ལི་ཀ་ཡི་ཕྲེང་བ་ཞེས་བྱ་བ་
བཞུགས་སོ། །
吉祥密主大金刚手化为人身遍主大
自在胜乐金刚化身莫扎法王
无畏十方胜者传记——
善说玛利噶花鬘
རྩོམ་པ་པོ ཀཿ ཐོག་མཁན་ཀུན་བཟང་རྣམ་རྒྱལ།
作者:噶陀堪布根松朗加
顶礼上师文殊菩萨!
གནས་ལུགས་རང་བྱུང་ཡེ་ཤེས་ནི། ། 本性源于智慧性 ངོ་བོ་འཁྲུལ་གྲོལ་ལས་འདས་ཤིང་། ། 本相越于错乱性 མ བཅོས་རིག་པ་ཟངས་ཐལ་མ། ། 无造智慧径直性 རང་ངོ་ཤེས་པས་གུས་ཕྱག་འཚལ། །了知本面而顶礼
༡༽
སྤྲོས་མཚན་མཁའ་ལྟར་དག་པའི་དབྱིངས། ། 离戏如天纯净境འཁྲུལ་དང་གྲོལ་བའི་མཐའ་ལས་འདས། ། 离于一切错乱性དམ་པའི་དོན་ལ་འགྲོ་འོང་མེད། ། 殊胜胜义无来往 སྤྲོས་བྲལ་ཆོས་སྐུའི་བླ་མར་འདུད། ། 离戏法身师前礼
༢༽
སྐྱེ་དང་འཆི་བ་མི་མངའ་ཡང་། ། 本来无生亦无亡 དག་པ་སེམས་དཔའི་སྣང་ངོ་རུ། ། 纯净菩萨本相中 ཞལ་ཕྱག་ཕྱོགས་བཅུར་ཐལ་ལེ་བ། ། 面臂十方极显明 མཚན་དཔེ་ལོངས་སྐུའི་བླ་མར་འདུད། ། 相好报身师前礼
༣༽
དབྱིངས་ལས་གཤེགས་བཞུད་མི་མངའ་ཡང་། །相应众生前示现གང་འདུལ་འགྲོ་བའི་སྣང་ངོ་རུ། ། 境中无来亦无往གདོལ་པ་ཤན་པ་སྨད་ཚོང་གཟུགས། ། 猎户屠夫花魁身སྣ་ཚོགས་སྤྲུལ་སྐུའི་བླ་མར་འདུད། ། 种种化身师前礼
༤༽
རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་དང་བཀའ་ཡི་སྡུད་པོ་གསང་བའི་བདག །部众遍主金刚持及佛法集者深密主ཞིང་འདིར་མི་ཡི་ཟོལ་དུ་སྣང་བ་གྲུབ་ཆེན་རྨོག་གྲུབ་ཧེ་རུ་ཀ །此界暇满化为人身大圣莫扎黑如嘎གདུལ་བྱའི་མོས་ངོར་སོ་སོར་སྣང་ཡང་དོན་ལ་དབྱེར་མེད་ཐ་མི་དད། །相应信众心境显现多相本性无别一致尊རྒྱལ་བ་ཀུན་གྱི་ཕྲིན་ལས་བྱེད་པོ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་འདུད། ། 进行一切诸佛功业无畏十方胜者前顶礼
༥༽
དཔལ་ཆེན་ཀུན་འདུས་ཧེ་རུ་ཀ ། 大胜总集黑如嘎 ཁྲོ་རྒྱལ་ཕྲིན་ལས་ནུས་པ་རྫོགས། ། 忿怒功业圣力圆ཕྱག་ན་རྡོ་རྗེ་འབར་བའི་སྐུ། ། 手持金刚发焰身འགྲོ་སྒྲོལ་རྗེ་ལ་ཕྱག་འཚལ༵་ལོ། ། 众生怙主前顶礼
༦༽
ཕྱི་ནང་གསང་བའི་མཆོད་པ་དང་། ། 内外密间诸供品 ཡང་གསང་བླ་ན་མེད་པ་ཡི། ། 极密殊胜无上之མཆོད་སྤྲིན་སྣ་ཚོགས་བློས་སྤྲུལ་ནས། ། 种种供云幻缘供གཉིས་འཛིན་ཞི་བའི་ངང་ནས་མཆོད༵། ། 离于二取中供奉
༧༽
རྣམ་རྟོག་མ་རིག་ཆེན་པོ་འདིས། ། 杂念极大此无明དངོས་པོ་བཟང་ངན་རིས་སུ་བཅད། ། 有法分为善与恶མཚན་འཛིན་རྟོག་པས་དེ་ཉིད་སྒྲིབ། ། 实执疑虑遮真性འཁྲུལ་རྟོག་རང་གྲོལ་ངང་དུ་བཤགས༵། ། 错觉自解中忏悔
༨༽
གདུལ་བྱ་ཞི་དང་ཁྲོ་བོའི་ངོར། ། 依于信众息静相ཐབས་མཁས་ཐུགས་རྗེའི་མཛད་པ་ཡིས། ། 善知方便大悲力སྒྱུ་འཕྲུལ་རོལ་མོ་བསམ་མི་ཁྱབ། ། 幻化妙音不可估རྣམ་པར་ཐར་ལ་རྗེས་ཡི་ར༵ང་། ། 神奇传记我随喜
༩༽
མི་སྲུན་སྐྱེ་བོར་མ་རིག་པས། ། 对于平凡无明故བསྒྲིབས་ཏེ་ལོག་སྒྲུབ་བགྱིས་པ་ལ། 蒙蔽詈骂反行等བླ་མ་སངས་རྒྱས་མི་སྐྱོ་བར། ། 上师觉者不舍弃སྨིན་གྲོལ་ཆོས་འཁོར་བསྐོར་དུ་གསོལ། ། 传法救度应礼赞
༡༠༽
དོན་དམ་གཤེགས་བཞུད་མི་མངའ་ཡང་། ། 胜义本无来往性ཨ་འཐས་འཁྲུལ་གཟུགས་སེམས་ཅན་ངོར། ། 顽固错乱众生面 འཁོར་བའི་འཁྲུལ་འཁོར་མ་ཞིག་བར། ། 直至轮回错轮尽 དཔལ་ལྡན་བླ་མ་བཞུགས་སུ་གསོལ༵། ། 具德上师祈安住
༡༡༽
བླ་མའི་སྐུ་གསུང་ཐུགས་གསུམ་ལ། ། 上师身语意三前 དགའ་དད་མཆོད་འབུལ་བགྱིས་པ་དང་། ། 欢喜净信敬供养 དུས་གསུམ་བསགས་དགེ་རྣམས་བསྡོམས་ཏེ། ། 三时所积妙善汇 འཁྲུལ་རྟོག་རང་སར་ཞི་ཕྱིར་བསྔོ༵། ། 疑虑自净而回向
༡༢༽
མཛེས་སྡུག་དབྱངས་ཅན་ངག་གི་ལྷ་མོ་ཡིས། ། 美色妙音天母力 བླ་མ་སངས་རྒྱས་རྣམ་པར་ཐར་པའི་གླུ། ། 上师觉者功道歌 སྙན་འཇེབས་གླིང་བུའི་དྲུག་འགྱུར་དབྱངས་དང་བཅས། ། 悦耳六弦圣笛声 མགྲིན་པ་ངག་གི་མཚོ་ལས་གཏེར་དུ་དྲངས། ། 响于喉间妙语海
༡༣༽
ངོ་མཚར་དགའ་བ་བརྒྱ་ལྡན་ལྷ་ཡི་སྲས། ། 稀有百喜天神子དད་སེམས་ཡིད་ཀྱི་མེ་ལོང་གཙང་མའི་ངོས། ། 净心意如清净镜 གཟུགས་སྐུ་ཟླ་གཞོན་གསར་པ་འཆར་བའི་ཚེ། ། 色身明月升起时 བསྟོད་དབྱངས་མགྲིན་པའི་རོལ་མོ་དལ་གྱིས་འཁྲོལ། ། 缓慢响起悦耳颂
༡༤༽
ནགས་ཀྱི་བུ་མོའི་ངག་རིག་རོལ་མོ་ལ། ། 林女妙音如乐声སྙན་འཇེབས་མཛེས་པའི་ལང་ཚོ་མི་ལྡན་ཡང་། ། 虽无温雅优美色ཟོལ་མེད་དད་སེམས་ཀྱིས་བསྐུལ་གླུ་དབྱངས་འདི། ། 诚挚净信敦促音ཡིད་གཅུགས་མཆེད་པོས་དལ་གཅིག་གསན་པར་རིགས། །祈请一心欢喜闻
༡༥༽
ཨེ་མ། འོག་མིན་ཞིང་ན་ཁྱབ་བདག་ཀུན་ཏུ་བཟང་། ། 密严刹土遍主普贤佛མི་མཇེད་ཞིང་ན་ཐུབ་དབང་རྫོགས་སངས་རྒྱས། ། 娑婆刹土能仁圆觉者རྔ་ཡབ་གླིང་ན་སྣང་སྲིད་ཟིལ་གྱིས་གནོན། ། 拂尘刹土有寂自在者གསང་བདག་དངོས་བྱོན་རྨོག་གྲུབ་ཧེ་རུ་ཀ ། 密主化身莫扎黑如嘎
༡༦༽
མཛེས་པའི་པད་མོ་འདམ་གྱི་ཁྲོད་ནས་འཁྲུངས། ། 生于稀有殊胜莲花中 རིན་ཆེན་གསེར་མཆོག་བྱེ་མའི་ནང་ནས་འཚེར། ། 烁于珍宝金粉堆积中 རྒྱལ་སྲས་དམ་པ་འཁོར་བའི་གྲོང་ན་བལྟམས། ། 佛子菩萨生于轮回中མི་སྲུན་སྐྱེ་བོའི་དབུས་ན་དམ་པ་མཛེས། ། 圣者显于凡夫人群中
༡༧༽
ཞིང་འདིར་མཚན་དཔེའི་པད་མོ་སྐུ་བལྟམས་ཚེ། ། 相好圣莲此域盛开时 མཁའ་ལ་དགེ་མཚན་ས་ལ་མེ་འབྲས་བཀྲ། ། 天地之间显现各瑞兆 ཡུམ་གྱིས་མདུན་མཁར་གུ་རུ་མཚན་བརྒྱད་མཇལ། ། 生母得见八大莲花生 ཁོར་ཡུག་དགེ་མཚན་བྱེ་བས་ཕྱུག་པར་བྱས། ། 无数稀有吉兆遍大地
༡༨༽
བི་མ་དངོས་སྣང་ངག་གི་དབང་པོ་དང་། ། 毕马化身语言自在者 འཕགས་ཆེན་སར་བཞུགས་ཐུབ་བསྟན་ཆོས་རྡོར་གྱིས། ། 身为大圣能仁法杵力 དཔལ་ཆེན་གསང་བདག་ཕྱག་རྡོར་མི་གཟུགས་སུ། ། 大胜密主金刚手菩萨བྱོན་པ་འདི་ཉིད་ཡིན་ཞེས་ལུང་གིས་བསྔགས། ། 真实化身被授亦赞叹
༡༩༽
ལང་ཚོ་པད་མའི་འདབ་མ་མ་གྲོལ་གོང་། ། 青年如莲花瓣盛开前 ནང་དུ་རྩལ་དང་མངོན་ཤེས་གྲུབ་པའི་རྟགས། ། 内心神通法力极增强
མི་ལས་འདས་པའི་ཐུན་མིན་ཡོན་ཏན་གང་། ། 越于凡夫福慧功德皆 ཡོངས་སུ་རྫོགས་ཤིང་ཆེ་དགུས་གཙུག་ཏུ་བཀུར། །圆满敬于一切九尊顶
༢༠༽
གཞོན་དུས་སྐུ་རྩེད་མཛད་པའི་སྐབས་ཤིག་ཏུ། ། 童年欢喜众人玩耍时ཆོས་ཀྱི་ཉི་མ་དབོན་པོ་ལ་སོགས་པ། ། 曲吉尼玛首领等信众 བདུན་ཕྲག་གཅིག་གིས་ཐག་པའི་སྣེ་འཇུས་ཏེ། ། 抓在绳子一端拉绳赛
ཐུར་དུ་མར་འཐེན་ཁྱེད་ཉིད་གཅིག་པུ་ཡིས། ། 一端上师抓住无摇动
༢༡༽
གྱེན་དུ་འཐེན་པས་མི་བདུན་གྱེན་ལ་འདྲུད། ། 上师拉绳七人向上破 མིག་ལ་ངོ་མཚར་དགའ་བའི་ལྟད་མོ་བྱིན། ། 露出慈悲欢笑嬉戏容 སུས་ཀྱང་འགྲན་བྲལ་སྟོབས་རྩལ་ཆེ་ཞེས་གླེང་། ། 无人能比显露巨威力 ཡ་མཚན་འགྲན་ཟླ་བྲལ་བའི་གྲུབ་རྟགས་བཞག ། 示显神奇无比之道迹
༢༢༽
སྡེ་དགེ་རྫོང་ནས་ཉི་མ་ཤར་ཟིན་རྗེས།། 德格县城太阳升起后 གང་ཉིད་བང་ཆེན་ཡིག་བསྐྱེལ་བཏང་བའི་སྐབས།། 上师作为信使送信时 ཧོར་པོ་འབྱོར་དུས་ཉིན་གུང་ཡོལ་མེད་པར།། 霍布达时未过中午时རྩ་རླུང་རང་དབང་ཐོབ་པའི་གྲུབ་རྟགས་བཞག ། 示显风脉自在之道迹
༢༣༽
མགོ་ལོག་ཕྱག་ཕེབས་ཆིབས་བསུ་བགྱིས་པའི་ཚེ།།驾临果洛信众恭迎时སྒ་ཡི་སྟེང་དུ་སྐུ་ཆས་མ་རེག་པར།། 骑着马却身体离马身མདའ་གང་ཙམ་ཞིག་སྟེང་དུ་འཕགས་ནས་བཞུགས།།坐于一箭之外于高处
སྣང་བ་བདེན་འཛིན་ཞིག་པའི་གྲུབ་རྟགས་བཞག། 示显实执清净之道迹
༣༤༽
ཐོག་མར་ཀཿཐོག་བསྟན་པ་ཉམས་གསོའི་སྐབས། ། 最初恢复噶陀传承法 ཁྱེད་ལ་ཕྱག་དངུལ་ནོར་རྫས་གང་ཡོད་དང་། ། 汝尊所得一切信财宝
མཁའ་འགྲོས་རིན་ཆེན་གཟི་ཞགས་མགུལ་རྒྱན་བཅས། ། 空行珍宝天珠颈饰等ལྷག་ལུས་མེད་པར་མཁན་རྒན་མདུན་སྤུངས་ནས། །一切不剩堆积老堪前
༢༥༽
ཀཿབསྟན་ཉམས་གསོ་བྱེད་པའི་ཆེད་དུ་བསྔོས། ། 回向弘扬显密诸佛法མཁན་རྒན་མཆོག་གི་ཐུགས་བསྐྱེད་བླ་མེད་དང་། ། 至尊老堪无上大悲及ཡབ་ཡུམ་གཉིས་ཀྱི་སྙིང་སྤོབས་ཟླ་བྲལ་བས། ། 父母二人心力无比故ཀཿབསྟན་བསྟན་པའི་རྨང་གཞི་ཁྱེད་ཀྱིས་བསླངས། །建立噶陀传承法基石
༢༦༽
མིང་འཛིན་གོ་ས་ཅན་དེ་མང་ན་ཡང་། ། 虽然名义地位算不多དོན་གྱི་ཕྱག་རྗེས་འཇོག་སྟངས་མི་འདྲ་བས། ། 事实功业道迹显无数མི་གྲལ་ཡོད་ཀྱང་མི་ལས་ཁྱད་དུ་འཕགས། ། 虽然坐于人群但非凡འདྲ་འདྲ་བསམ་ཡང་མི་འདྲའི་ཁྱད་པར་ཆེ། ། 平凡之中显得极非凡
༢༧༽
ལྷ་སའི་ལྕགས་པོ་རི་ཡི་ཉེ་དྲུང་དུ། ། 位于拉萨药王山附近 བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སོགས། །伏魔无畏智慧金刚等 སྐྱེས་ཆེན་དམ་པ་བཅུ་ཕྲག་གཉིས་ལྷག་ཙམ། ། 二十余位高僧大德们ལྷན་འཚོགས་བགྱིས་ཤིང་བདུད་རྩི་སྨན་མཆོག་སྒྲུབ།། 欢喜相聚修持甘露丸
༢༨༽
ཉིན་མཚན་འཕྲོ་མཐུད་བདུན་ཕྲག་དུ་མ་ལ། ། 昼夜不停连续几周间 ཆར་པའི་རྒྱུན་བབས་ལྷ་སར་ཆུ་མཚོ་འཁྱིལ། ། 降落暴雨拉萨雨水潴 མ་ཚད་ཇོ་བོ་ཡིད་བཞིན་ནོར་བུ་ཡང་། ། 觉沃佛等很多奇宝等
ཆུ་བོའི་དཀྱིལ་དུ་ནུབ་ལ་ཉེ་བའི་དུས། ། 遇险沉入洪水之中时
༢༩༽
ཕལ་ཆེར་སྔངས་སྐྲག་སྐྱེས་ནས་རེ་ཞུ་བྱས། ། 众人心生恐惧祈求时 སུས་ཀྱང་ཆར་པའི་རྒྱུན་དེ་བཅད་མ་ནུས། ། 无人阻挡强降暴风雨 བདུད་འཇོམས་མཆོག་གིས་ཁྱེད་ལ་བཀའ་ཕབ་པས། ། 至尊德炯赐予法令故 ཇོ་བོ་ཆུ་ཡིས་འཇིགས་པ་ཁྱེད་ཀྱིས་བསྐྱབས། ། 觉沃佛等免除遭洪水
༣༠༽
སྐབས་དེར་སྐྱེས་ཆེན་དམ་པ་ལྷན་འཚོགས་ཤིང་། ། 彼时诸多大圣僧相聚 རིམ་གཉིས་གནས་ལ་དབང་འབྱོར་མང་མོད་ཀྱང་། །虽然多数领有二次第 ང་ཆེ་ང་བཙན་ཆེ་དགུའི་ཚོགས་དབུས་སུ། ། 部中显现唯我独尊者 འབྱུང་བཞི་རང་དབང་སྒྱུར་མཁན་ཁྱེད་ཉིད་ཙམ། ། 自在左右四大种变化
༣༡༽
གཞན་ཡང་གྲོང་ཁྱེར་ནང་གི་སྐྱེ་བོ་རྣམས། ། 此外居于城市诸人群 འཇིགས་པ་ཞི་ཞིང་དགའ་བའི་དཔལ་ལ་རོལ། ། 离于恐惧欢喜享用福 སྙན་དང་གྲགས་པའི་རྔ་ཆེན་ལྷ་མིས་བརྡུངས། ། 人天部众敲打声誉鼓 སྔ་འགྱུར་བསྟན་པའི་དབུ་འཕང་ཁྱེད་ཀྱིས་བསྟོད།། 前译佛法威望速提高
༣༢༽
བི་མ་དངོས་སྣང་མཁན་ཆེན་ངག་གི་དབང་། ། 毕马化身堪布语自在 པད་མའི་རྒྱལ་ཚབ་ཁྲག་འཐུང་བདུད་འཇོམས་གླིང་།莲师继承胜乐金刚尊 འཇམ་དཔལ་བཤེས་གཉེན་མཁྱེན་བརྩེ་ཆོས་བློ་གྲོས། ། 文殊亲友智悲法智慧 སྨིན་གྲོལ་རྒྱ་མཚོའི་བཀའ་རྒྱ་ཁྱེད་ལ་གཏད། ། 成解如海法印汝前礼
༣༣༽
ཁྱད་པར་མཁན་ཆེན་ངག་གི་དབང་པོ་ཉིད། ། 尤其大尊堪布语自在མྱ་ངན་འདའ་ཁར་ཆེད་དུ་ཀཿཐོག་ཕེབས། ། 涅槃之时降临噶陀域 བདུད་ཀློང་གཉིས་ཀྱི་བཀའ་དབང་སྨིན་གྲོལ་བཅས། ། 德龙二之灌顶成解等བརྒྱུད་འཛིན་བསྟན་པའི་བདག་པོར་མངའ་གསོལ་མཛད། ། 授为传承教法继承者
༣༤༽
ཡེ་ཤེས་སྤྱན་ལྡན་འཕགས་ཆེན་དུ་མ་ཡིས། ། 具有慧眼诸多大圣力དངོས་སམ་བརྒྱུད་ནས་ཁྱེད་ལ་བཀའ་རྒྱ་གཏད། །亲自传承赐予法密印 རྟོག་གེ་རང་མཐོང་ཅན་གྱིས་མཚན་སྙན་སྨད། ། 诋毁汝尊名誉寻思者སྙིང་རྗེ་དམིགས་པའི་ཡུལ་དུ་དགོངས་པ་ལས། ། 纳为大慈大悲之对境
༣༥༽
ཁྲོས་ན་དྲག་པོ་དཔལ་ཆེན་རྟ་མགྲིན་དངོས། ། 怒时真实忿怒马明王སྡང་མིག་བགྲད་པ་ཙམ་གྱིས་ལོག་འདྲེན་འདུལ། ། 怒目瞪即降伏导邪皆སྐྱེ་རྒྱུད་གཅོད་ལ་སྐད་ཅིག་ཡུན་ཙམ་ལས། ། 断除恶念瞬间或刹那དགོས་པ་མིན་པས་ཀུན་གྱིས་བག་ཡོད་མཛོད། ། 特殊之外谨慎不放逸
༣༦༽
ཁྲོས་པའི་རྣམ་པ་བསྟན་པའི་པར་རིས་ལས། ། 显现忿怒相时画像中ཞལ་ནས་རང་བྱུང་མཆེ་བ་རིང་པོ་ཞིག ། 嘴里露出自然长獠牙 མཇལ་དུ་ཡོད་པས་དལ་མོར་གཟིགས་མཛོད་དང་། །真实有物可见请观赏
དཔལ་ཆེན་ཁྲོ་བོའི་ཆས་ཀུན་ཡོངས་སུ་རྫོགས། ། 大胜忿怒装束皆圆满
༣༧༽
བཀའ་གཏེར་སྨིན་གྲོལ་མཛོད་འཆང་དུལ་བའི་སྡེ༵། ། 经藏成解藏持调服部མདོ་སྒྱུ་སེམས་ཀྱི་སྲོག་འཛིན་མཁན་ནུས་ལྡན༵།། 经幻心之命持具圣力མན་ངག་གདམས་པའི་སྲོལ་འཛིན་རྒྱལ་མཚན་འོད༵། ། 教诲窍诀传承宝幢光བརྒྱུད་འཛིན་ཐུགས་སྲས་ཐུ་བོར་ཁྱེད་ཉིད་བསྔགས། ། 传承心传圣子汝尊赞
༣༨༽
ཁྲིད་ཆེན་བཅུ་གསུམ་ཡང་སྙིང་བསྟན་འགྲོའི་བཙས། །十三法座之首教众要 སྔགས་སྲུང་རེ་མ་ཏི་ཡིས་བསྐུལ་བའི་ངོར། ། 护咒天母护法敦促故 མཛད་པའི་གདམས་ཁྲིད་ནོར་བུའི་མེ་ལོང་གང་། །功业教诲珍宝宝镜满 ཕྲིན་ལས་བཀའ་ཡི་ཆུ་བོ་ཁྱེད་ལ་བབས། ། 功业法令之河流入汝
༣༩༽
ཁྱེད་ཉིད་དགུང་གྲངས་གྱ་བདུན་ཕེབས་པའི་སྐབས། ། 汝尊年纪八十七岁时 མཁན་རྒན་མཆོག་དང་སྔགས་སྲུང་མས་བསྐུལ་ངོར།།老堪等及一髻佛母促 ཐུན་མོང་ཐུན་མིན་རྩ་རླུང་དང་བཅས་པར། ། 共与不共风脉修持等 ཕ་ཆོས་གདམས་ཁྲིད་ནོར་བུའི་ཆོས་སྒོ་ཕྱེས། ། 父法教诲珍宝法门解
༤༠༽
མཁན་སྤྲུལ་ཁོ་ན་བརྒྱ་ཕྲག་ལས་བརྒལ་ཞིང་། ། 堪布活佛超越百余尊 རིག་འཛིན་ཕོ་མོ་བརྒྱ་ཕྲག་སུམ་ཅུ་ལྷག ། 持明父母一百三十余 འདུས་ཚོགས་དབུས་སུ་སྣང་བ་ཉམས་འུར་ཞིང་། །圣众聚集之中示道迹
བླ་མ་བརྒྱུད་པའི་གདུང་དབྱངས་དང་བཅས་ཏེ། ། 本续诸师传承妙音响
༤༡༽
མིག་འཕྲུལ་བཞིན་དུ་ཁྲི་སྟེང་ཐོལ་གྱིས་བཞེངས། ། 好似幻术瞬间显于座 ཞབས་གཉིས་ཁྲི་སྟེང་མ་རེག་མདའ་གང་ཙམ། ། 双足不触坐垫离一箭བར་སྣང་ཁམས་བཞུགས་ཞབས་གཉིས་འདོར་ཐབས་སུ། །坐于其上空中步法姿 བགྲད་ནས་དལ་གཅིག་བཞུགས་ཏེ་སྡིག་མཛུབ་མཛད། །倨傲而坐作为期克印
༤༢༽
ད་ལན་ཁྱེད་ཚོས་ང་ལ་སེམས་གཏོད་ཅིག ། 汝等对我信任并依靠 ངས་ཀྱང་ཁྱེད་ལ་གཏད་པས་བླ་སློབ་གཉིས། །我亦对于汝等信亦度 ཐ་དད་མེད་པ་ཐུགས་ཡིད་མཉམ་བསྲེས་ཏེ། །无别信赖心意相融入 དགོངས་པ་དབྱེར་མེད་བྱེད་པ་ཡིན་ནོ་གསུངས། །即是深甚密意成无别
༤༣༽
སྐུ་ལུས་སྔར་ལས་ཆེ་ཞིང་གཟི་བྱིན་ཆེ། ། 圣身变巨同时增威光 ཞལ་ནས་ཧ་ཧ་ཧེ་ཧེ་རྡོ་རྗེའི་སྒྲ། ། 嘴里哈哈嘿嘿金刚声 སྒྲོགས་ཤིང་ངོ་མཚར་སྤྲུལ་བསྒྱུར་མཛད་པ་དེས། །示显稀有化身之道迹
འཁོར་ཚོགས་འདུས་པའི་ཀུན་རྟོག་དལ་ཅིག་བཅད། ། 断除随从部众杂念皆
༤༤༽
རྡོ་རྗེ་སྙིང་པོའི་རིང་ལུགས་ཟབ་མོའི་ཆོས། ། 金刚精髓自派深甚法ཟག་བཅས་འོད་ལུས་དེངས་པའི་ཕ་ནོར་མཆོག ། 离于有漏光身父圣宝 ཕྲིན་ལས་མི་ཟད་ནམ་མཁའི་མཐའ་མཉམ་པར། ། 功业无尽遍满虚空界 སྤེལ་མཁན་རྒྱལ་བ་ཁྱེད་ལས་གཞན་མ་བྱུང་། ། 如此功业仅有于汝尊
༤༥༽
ཀཿཐོག་བསྟན་ལ་མཁན་ཆེན་སྤྲུལ་པ་ནི། ། 噶陀佛法大堪布化身རྟ་ལོ་རྒྱལ་གྱི་མིང་ཅན་སྐྱེས་བུ་ཡིས། ། 属马觉者称号之士夫 བསྟན་པ་མཐའ་ནས་གསོ་བར་འགྱུར་རོ་ཞེས། ། 自从边远逐渐恢复法 རྡོ་རྗེའི་ལུང་གིས་བསྔགས་དེ་ཁྱེད་ལ་འོས། ། 金刚授记赞叹敬汝尊
༤༦༽
བྱ་བྲལ་དིལ་མཁྱེན་གཉིས་ཀྱིས་འཕགས་ཡུལ་དུ། ། 夏扎顶果天竺二圣者 ཆེད་དུ་གདན་ཞུས་དབུ་ཡིས་གཙུག་ཏུ་བཀུར། ། 特邀虔诚敬于头顶间 བདུད་ཀློང་རྣམ་གཉིས་བཀའ་དབང་གསན་བཞེས་མཛད། །德龙二者灌顶传承闻 དམ་པའི་དབུས་སུ་དམ་པ་ཤིན་ཏུ་མཛེས། ། 众圣之中汝尊显最美
༤༧༽
སྟོང་ཕྲག་དུ་མར་འདུས་པའི་ཁྲོམ་དབུས་སུ། ། 数十千万僧众聚集中ཉིད་ཀྱིས་བདུད་རྩི་བུམ་པས་ཁྲོམ་དབང་བཀུར། ། 以用甘露宝瓶授灌顶 བུམ་ཆུ་ཁ་གསབ་གཏན་ནས་མ་དགོས་པར། ། 瓶水倒后不添却不尽 བུམ་པ་གང་གིས་ཁྲོམ་ཚོགས་སྨིན་པར་བྱས། ། 一瓶净水成熟千万徒
༤༨༽
ནམ་མཁའི་ལྷ་རྣམས་དགའ་བས་མེ་ཏོག་འཐོར། ། 天神欢喜撒花于空中 ས་སྟེང་མི་རྣམས་ཐར་པའི་ས་བོན་བསྐྲུན། ། 地上众人受得解脱种 འབྲེལ་ཚད་དོན་ལྡན་རྒྱལ་བའི་མཛད་པ་ཅན། ། 结缘得利诸佛功业者 བུམ་ཆུ་འཛད་པ་མེད་པའི་གྲུབ་རྟགས་བཞག ། 示现宝瓶净水不断证
༤༩༽
གཟན་སྣེ་ས་ལ་འདྲུད་ཆས་བྱེད་པའི་སྐབས། ། 法衣末端落地刹那间 ཕྱག་གིས་བུམ་པ་བར་སྣང་ཁམས་བཞག་ནས། །手里宝瓶置于虚空间ན་བཟའ་མནབས་ཤིང་སྐུ་ངལ་ཅུང་ཙམ་གསོས། །手拿法衣其后稍休息སྣང་བ་བདེན་མེད་རྟོགས་པའི་གྲུབ་རྟགས་བཞག །示显觉悟所现无实证
༥༠༽
འཕགས་ཡུལ་གྲུབ་པའི་དབང་ཕྱུག་ས་ར་ཧ། ། 天竺大圣自在萨热哈བོད་ཀྱི་ཡུལ་ན་རྨོག་སྨྱོན་ཧེ་རུ་ཀ ། 藏区大圣莫云黑如嘎དེ་གཉིས་ཡུལ་གྱི་འབྱེད་ཆོས་ཙམ་ཞིག་ལས། །二者两地之外无分别སྣང་སེམས་རང་དབང་བསྒྱུར་ལ་ཁྱད་པར་ཅི། །自在净治有寂杂念皆
༥༡༽
མ་ར་ཏི་ཀར་འཆི་མེད་ཚེ་སྒྲུབ་མཛད། ། 玛热德噶长寿修持者 ངོ་མཚར་ཚེ་ཡི་མདའ་གསུམ་གཏེར་ལ་དྲངས། །长寿三箭取于伏藏中བྱ་བྲལ་བཻ་རོ་གཉིས་ལ་རེ་རེ་ཕུལ། ། 供给夏扎以及贝若尊 སྐུ་ཚེ་མཐའ་ཕྱིན་རྟེན་འབྲེལ་བསྒྲུབས་ཡོད་གསུངས། །赐予长寿究竟之缘起
༥༢༽
གཅིག་དེ་མི་རྒན་རང་གིས་ཉར་ཚགས་གྱིས། ། 其中一箭老人已收藏 ད་ལྟ་གྱ་བདུན་སྟེང་དུ་སླེབས་སོང་ཞེས། ། 如今到了高龄八十七 བཞད་མོ་མཛད་ཅིང་ཚོགས་མང་འདུས་པའི་དབུས། ། 欢喜笑脸所聚部众中 རྡོ་རྗེའི་གསུང་དེ་ད་དུང་སྙིང་དབུས་དྲན། ། 金刚之语我等今惦念
༥༣༽
འོག་མིན་གཉིས་པ་ཀཿཐོག་རྡོར་གདན་དུ། ། 第二刹土噶陀金刚座 རིན་ཆེན་གཏེར་མཛོད་སྨིན་གྲོལ་སྒོ་ཕྱེས་ཚེ། ། 七宝藏等成解门解时 སྐུ་ཡི་སྟོད་དང་ཕྱག་གི་བུམ་པའི་སྟེང་། ། 上身以及手持宝瓶上
སྣ་ཚོགས་འོད་ཟེར་འཕྲོས་པའི་གྲུབ་རྟགས་བཞག །显现光团示显各道迹
༥༤༽
གནས་ཡུལ་མ་ངེས་ཞིང་ན་རྟག་བཞུགས་པའི། ། 无定任意刹土常安住 ཞིང་སྐྱེས་མ་དང་མཁའ་འགྲོའི་ཚོགས་དབུས་སུ། །刹土圣母空行部众集 ཞི་དང་ཁྲོ་བོའི་རྣམ་འཕྲུལ་དུ་མ་ཡིས། ། 一切静猛部众父母集 མཁའ་འགྲོ་བྱེ་བའི་ཚོགས་དཔོན་མཛད་པར་གྲགས། །世称千万空行之首领
༥༥༽
ཡུན་རིང་བགྲོད་པའི་ངལ་བ་ལ་མ་ལྟོས། ། 不惧辛劳乘入长远道 ཐེག་དགུའི་རྩེ་རྒྱལ་མན་ངག་རྫོགས་པ་ཆེ། ། 九乘之顶窍诀大圆满 རིག་གསང་རྗེན་པ་སྟོན་མཁན་དྲིན་ཆེན་རྗེ། ། 径直开示智密大恩尊
བསམས་བཞིན་དད་པའི་སྤུ་ལོང་ཆེས་ཆེར་གཡོ། །心生净信毛发悉竖立
༥༦༽
བགྲང་བྱ་བཅུ་ཕྲག་དགུ་ལས་བརྒལ་ཟིན་ཡང་། །虽然已过高龄九十岁 སྐུ་ལ་བགྲེས་མེད་གསུང་ལ་འགག་པ་མེད། ། 心身不老不衰语自在ཐུགས་ལ་འཁྲུལ་མེད་དབང་པོ་མི་གསལ་མེད། །禅心无摇五官仍明锐
རྫོགས་ཆེན་ལམ་གྱི་འབྲས་རྟགས་མངོན་གྱུར་པ། །示显大圆满之道证
༥༧༽
སྤྱོད་པ་ཤོང་ཡངས་ཕལ་གྱི་བློར་མི་ཆུད། ། 行为善良凡夫难设想 ལྟ་བ་མཐོ་ཡངས་རྟོག་གེས་དེ་མི་ཤེས། ། 己见极广寻思者莫测 དགོངས་པ་གཏིང་ཟབ་སོ་སྐྱེས་དོན་མི་དཔོག ། 密意极深凡夫无法量 སེམས་ཅན་འཁྲུལ་བས་སངས་རྒྱས་ངོས་མི་ཟིན། །众生无明难识真觉者
༥༨༽
ཁྲོཾ་ལྗོངས་རྟོགས་པའི་དབང་ཕྱུག་ཨ་རིག་དང་། ། 受得证悟自在阿热及ཁྱེད་གཉིས་ཕན་ཚུན་ཉམས་རྟོགས་བསྡུར་བའི་སྐབས། །汝尊二者相互示道时 གྲུབ་པའི་དབང་ཕྱུག་ཨ་རིག་རིན་པོ་ཆེས། ། 大圣自在阿热仁波切དེང་དུས་དུས་ངན་སྙིགས་མ་འདི་འདྲའི་སྐབས། །称道如此五浊横流时
༥༩༽
ཉམས་དང་རྟོགས་པའི་རྩལ་འབར་རྫོགས་ཆེན་པ། ། 证悟道迹如此圆满者 མདོ་ཁམས་འདི་ན་ཀཿཐོག་རྨོག་རྩ་འདྲའི། ། 在此多康噶陀莫扎尊 དེང་དུས་སུ་ཡང་མེད་ཅེས་ཚོགས་དབུས་སུ། ། 当代甚多部中汝独尊 ངོ་མཚར་རྡོ་རྗེའི་གསུང་གིས་བསྔགས་བརྗོད་བྱས།།稀有金刚圣语作赞叹
༦༠༽
རྩལ་དང་གྲུབ་རྟགས་སྤྱན་དང་མངོན་ཤེས་སོགས། །力与道迹慧眼神通等ནུས་པའི་མཐུ་དང་བརྒྱུད་པའི་ཁུངས་གང་ལ། ། 圣力威力传承等来源 བསམས་ན་དེང་དུས་སྔ་འགྱུར་བསྟན་པའི་བདག ། 若思当代前译教法主 པད་མ་ཀ་རའི་རྒྱལ་ཚབ་དངོས་དེ་ཁྱེད། ། 汝尊实为莲花生继承
༦༡༽
ཁང་སར་བསྟན་པའི་དབང་ཕྱུག་ཉིད་མདུན་དུ། ། 康萨教法自在者尊前 མན་ངག་སེམས་ཁྲིད་གསན་དུ་ཕེབས་པའི་ཚེ། ། 听闻教诲深受诀窍时 ཕཊཿསྒྲ་གཅིག་གིས་རྟོག་པའི་འཕྲོ་བཅད་ནས། ། 一声呸力断除诸杂念 རིག་གསང་རྗེན་པའི་བྱིན་རླབས་འཕོ་བར་མཛད། ། 揭露智密增强加持力
༦༢༽
དེང་དུས་རྫོགས་ཆེན་པར་གྲགས་ཁང་སར་བས། ། 当代大圆成就康萨尊 ཁོ་བོར་སྤྲོས་མེད་འོད་གསལ་རྫོགས་པ་ཆེ། ། 汝尊离戏光明大圆满 རང་ངོ་སྤྲོད་མཁན་དམ་པ་ཁྱེད་ཡིན་ཞེས། ། 汝尊深悟自面为圣者 ཚོགས་མང་འདུས་པའི་དབུས་སུ་གཙུག་ཏུ་བཀུར། །部众聚集之中敬于顶
༦༣༽
སྐབས་རེ་མི་དད་ལོག་པར་ལྟ་བའི་ངོར། ། 有时对于不信邪见者ལོག་སྲེད་ཅན་གྱི་མི་ཚོགས་འདུས་པའི་དབུས། ། 一切不正人群聚集中 ལུས་ཀྱི་འགུལ་བསྐྱོད་མེད་པར་ཁྲི་སྟེང་དུ། ། 圣身无摇无移于法座 གཤེགས་བཞུད་མཛད་པའི་རྣམ་ཐར་གྲངས་ལས་འདས། །时离时回功业成无数
༦༤༽
གྲུབ་མཆོག་ཚུལ་ཁྲིམས་བཟང་པོས་མཛད་པ་ཡི། ། 大圣慈诚桑布所著之“ལྕམ་མོ་དགོན་”དུ་མ་ཎིའི་མགུར་དབྱངས་སྐབས། ། 江母寺里嘛呢唱诵时འདུས་ཚོགས་ཐམས་ཅད་སྤྱན་གཟིགས་དངོས་མཐོང་གསུངས། །所聚部众得见真观音སྤྱན་ཆབ་བསིལ་ཏེ་ཐལ་མོ་སྦྱར་བཞིན་བཞུགས།། 净信流泪合掌敬祈祷
༦༥༽
ཀཿཐོག་ཚེས་བཅུའི་སྒྲུབ་མཆོད་འཚོགས་པའི་དུས། །噶陀初十修持会供时 འདུས་ཚོགས་ཐམས་ཅད་དམ་པ་རིགས་བརྒྱའི་སྐུ། ། 部众显为文武百尊身 གསལ་བར་མཐོང་བས་དད་སྤྲོ་སྐྱེས་སོང་གསུངས། །亲眼目睹心生坚定信 དེ་ལྟར་དག་པ་མཐོང་ཚུལ་བསམ་མི་ཁྱབ། ། 彼等所见净相有无数
༦༦༽
སྣོད་བཅུད་དག་པའི་དངོས་པོ་ཡིན་པ་ལ། ། 情器本来清净有为法 ཡིན་པར་བཞིན་དུ་དག་པར་སྣང་བ་ནི། ། 如此如实显现清净相 ནང་སེམས་དག་པས་སྣོད་བཅུད་ལྷར་མཐོང་བ། །内心清净情器见本尊
མདོ་རྒྱུད་མན་ངག་ལུང་གིས་གསལ་བར་གྲུབ། ། 显密窍诀经教应验证
༦༧༽
ཕྱག་སྟོང་དགོན་དུ་རྡོར་སེམས་བསྙེན་སྒྲུབ་སྐབས། ། 千佛寺内萨埵诵修时 མི་ནག་རལ་གྲི་རིང་པོ་ཐོགས་པ་ཞིག ། 遇见黑人腰部插长刀མདུན་དུ་བྱུང་བས་བྱང་ཆུབ་སེམས་བསྐྱེད་དང་། ། 恭敬前来心生菩提心སྐྱབས་སྡོམ་བྱིན་ནས་ཐ་ཚིག་བསྒྲགས་ཡོད་གསུངས། ། 接受皈依戒亦立誓言
༦༨༽
ཞི་ན་ཞི་བའི་ནང་ནས་ཞི་བ་སྟེ། ། 息静部众之中最静尊 ཞི་བ་འཕགས་མཆོག་ཐུགས་རྗེ་ཆེན་པོ་དངོས། ། 真实息静大悲观世音ཁྲོས་ན་ཁྲོ་བོའི་ནང་ནས་ཁྲོ་བོ་སྟེ། ། 忿怒部众之中最忿怒 ཁྲོས་པ་ཁྲོ་བོ་དཔལ་ཆེན་རྟ་མགྲིན་དངོས། ། 真实忿怒大胜马明王
༦༩༽
རྫོང་མགོ་སྙིང་ཐིག་ཡ་བཞིའི་བཀའ་དབང་སྐབས། ། 传授四心滴之灌顶时ཉིན་ཞིག་ཕྱག་དཔེ་འཁྲུགས་ཏེ་དཔེ་མ་རྙེད། ། 一日经书纷乱未得页 ཤིན་ཏུ་ཁྲོས་ཏེ་དབང་ཚན་དེ་རྣམས་ཀྱང་། ། 非常愤怒灌顶念诵皆 ཐུགས་ཐོག་ཤར་གྱིས་གསུངས་པས་རང་ཤར་པ། ། 句句显于心间成自明
༧༠༽
ཨེ་སྐྱིད་གེ་ཏོག་ཚང་གི་མི་རྒན་ཞིག ། 哎吉格朵家中一老人 རོ་ལངས་བརྒྱབ་སྟེ་སུས་ཀྱང་འདུལ་མ་ནུས། །死后起尸无人能降伏 ཁྱེད་ཉིད་གདན་ཞུས་རོ་ཁང་སྒོ་ཕྱེས་ནས། ། 邀请汝尊解开停尸房
ལྟ་སྟངས་མཛད་པ་ཙམ་གྱིས་རང་སར་འགྱེལ། །一观即可起尸落原处
༧༡༽
རོ་ལངས་བཏུལ་དང་སྨྱོ་འདྲེ་འདུལ་བ་དང་། ། 降伏起尸镇压厉鬼等 གདོན་གྱིས་ཟིན་པའི་སྐྱེ་འགྲོ་འདུལ་བའི་ཚུལ། །治疗鬼魔缠身之众生 ངོ་མཚར་རྣམ་ཐར་རྒྱ་མཚོའི་རྗེས་འགྲོ་བས། །稀有传记如海饶益众
གསང་བའི་བདག་དང་ཞལ་མི་གཉིས་པ་ཁྱོད། །汝尊与金刚手无别尊
༧༢༽
ན་ཚོད་གཞོན་ཡང་ནུས་པ་གཞན་ལས་ཆེ། ། 幼年之时威力超越他 ལྟ་བ་མཐོ་ཞིང་སྤྱོད་པ་ཤོང་ཡངས་པ། ། 己见极高行为极广阔 མ་མོ་མཁའ་འགྲོ་ཀུན་གྱི་ཚོགས་དཔོན་རྗེ། ། 一切天母空行部众首 རྫོགས་ཆེན་ནམ་མཁའི་རྣལ་འབྱོར་རྨོག་སྨྱོན་པ། ། 大圆满虚空瑜伽莫疯子
༧༣༽
དཔལ་རི་བཞེངས་སྐབས་གསེར་གྱིས་མི་འདང་ཚུལ། ། 筹建铜山宫殿缺金时 ལྷ་བཟོས་ཞུས་པས་རྡོ་ཞིག་ཕྱག་གིས་བླངས། །画师求故顺手拿石头 སྣང་སྲིད་གསེར་གྱི་རང་བཞིན་ཡིན་པ་ལ། ། 有寂化为金粉之本性 གསེར་གྱིས་མ་འདང་ན་ནི་འདི་གསེར་ཞེས། །示显道迹弥补所缺金
༧༤༽
ལྷ་བཟོ་ཀརྨའི་མདུན་དུ་འཕངས་བྱུང་བས། ། 抛入噶玛画师面前故 གསེར་རྡོ་བྱིས་པའི་ཁུ་ཚུར་ཙམ་ཞིག་གྱུར། ། 出现金石大如小孩拳 འུད་སྒྲོགས་མ་ཡིན་ལྷ་བཟོ་ཀུན་གྱིས་མཐོང་། །不属虚造画师们所见 ངོ་མཚར་སྐྱེས་ཤིང་དད་པའི་གནས་སུ་བཀོད། །顿时净信亦成皈依处
༧༥༽
འོག་མིན་གཉིས་པ་ཀཿཐོག་རྡོར་གདན་དུ། ། 密严刹土噶陀金刚座 དཔལ་རིའི་ཞིང་བཀོད་གསེར་གྱིས་མ་འདང་ཞིང་།།建造铜山宫殿却金粉 ཀུན་ཀྱང་ཐབས་ཟད་འུ་ཐུག་གྱུར་པའི་ཚེ། ། 人们无法得到绝望时རྡོ་ལོག་གསེར་དུ་བསྒྱུར་བའི་གྲུབ་རྟགས་བཞག ། 示显道迹石头化金粉
༧༦༽
བསྟན་པ་ཡང་དར་ཆོས་ཀྱི་སྒོ་ཕྱེས་ཚེ། ། 佛法恢复解开法门后 མཁན་ཆེན་མུན་སེལ་མདུན་དུ་ཕེབས་པའི་སྐབས། །前往拜见大堪门色时 ལམ་དུ་“འབོས་སྤ་སང་”ཞེས་ནག་ཕྱོགས་ཀྱིས། ། 途中一位施碍行恶者 ཕྲག་དོག་བྱས་ཏེ་གནམ་ལྕགས་ཐོག་ཆར་ཕབ། ། 嫉恨降落天铁及雷雨
༧༧༽
ན་བཟའ་ཕྲུག་ལྭའི་སྟེང་དུ་ཐོག་གི་ཆུ། ། 以用法衣阻挡雷电雨 དངུལ་ཆུ་བཞིན་དུ་རིལ་རིལ་འགྲིལ་བ་ལས། ། 阻碍雷雨如同擦汗水མི་རྟ་འཁོར་སློབ་ཀུན་ལ་མ་གནོད་པར། ། 人马眷属免障无遭殃གནམ་ལྕགས་ཐོག་གིས་མ་ཚུགས་གྲུབ་རྟགས་བཞག ། 示显避开雷电之道极
༧༨༽
མི་འགྱུར་སྤྲུལ་སྐུས་གསོལ་མར་ཕུལ་བ་རྣམས། །不变化身所供供品等 མཛོད་ཀྱི་ནང་བཅུག་ལྡེ་མིག་མ་རྙེད་པའི། །存于库房钥匙不见时 ཚུལ་དེ་འཁོར་སློབ་ཀུན་གྱིས་ཞུས་པ་ན། ། 由于眷属信众祈求故 སྔ་མོ་ང་ཉིད་ཁྲིམས་ཁང་ནང་འདུག་ཚེ། ། 往昔我在落入牢狱时
༧༩༽
འདི་འདྲ་རྐུ་ཇག་མང་པོ་བྱས་མྱོང་ཞེས། ། 如此很多盗贼之行为སྐུ་རྩེད་མཛད་ཞོར་འདུས་ཚོགས་རྒྱ་མཚོའི་དབུས། །部众如海聚集中玩笑ཕྱག་མཁར་སྒོ་ལྕགས་སྟེང་དུ་རེག་ཙམ་གྱིས། ། 手杖碰触铁锁刹那间རང་སར་འཐོར་ཏེ་སྒོ་མོ་ཧར་གྱིས་ཕྱེས། ། 铁锁粉碎瞬间打开门
༨༠༽
མཛོད་ཀྱི་སྒོ་ཕྱེས་དགེ་འདུན་པ་རྣམས་ལ། ། 打开库房所聚僧众前 གསོལ་མར་མང་ཕུལ་འཚོ་བའི་མཐུན་རྐྱེན་སྦྱར། །供养酥油增添顺缘供དམུ་རྒོད་སྐྱེ་བོ་དད་པའི་གནས་སུ་བཀོད། ། 野蛮凡夫纳入净信处སྒོ་ལྕགས་རང་སར་ཞིག་པའི་གྲུབ་རྟགས་བཞག ། 示显粉碎铁锁之道迹
༨༡༽
ཁྲ་གླིང་དགོན་དུ་ས་ཕོ་འབྲུག་གི་ལོའི། ། 察林寺内藏历土龙年 བོད་ཟླ་བཅུ་གཅིག་གྲང་ངར་ཆེ་བའི་སྐབས། ། 十一月间非常寒冷时 རིན་ཆེན་གཏེར་མཛོད་སྨིན་དབང་ཆོས་སྒོ་ཕྱེས། ། 传授七宝藏成解灌顶 གྲང་ངར་ཞི་ཞིང་མཁའ་ནས་གཡུ་འབྲུག་གྲགས། ། 消除寒冷雷声隆隆响
༨༢༽
རྨ་ཆུའི་སྟེང་གི་འཁྱག་རོམ་ངང་གིས་ཞི། ། 黄河面上结冰自然解 སྦྲང་ཆར་བསྙིལ་ཞིང་སྤང་ལ་མེ་ཏོག་འཁྲུངས། ། 降落细雨草坪上开花 བུང་བའི་སྒྲ་ལྡིར་སྐྱེ་འགྲོ་ངོ་མཚར་སྐྱེས། ། 蜜蜂嗡嗡作响众人惊 དགུན་དུས་དབྱར་ལ་བསྒྱུར་བའི་གྲུབ་རྟགས་བཞག །示显冬化为夏之道迹
༨༣༽
པད་མའི་རྒྱལ་ཚབ་བླ་མ་གཏུམ་པོ་ཡིས། ། 莲师继承喇嘛敦布尊 གདན་ཞུས་བགྱིས་ངོར་ཕྱོགས་དེར་ཆིབས་ཁ་བསྒྱུར། །邀请汝尊驾临其寺庙 ལམ་ཐག་རིང་ཞིང་ནུབ་ཕྱོགས་ཆུ་ལྷའི་སྤོར། ། 路途遥远西方水神顶 རྟ་བདུན་འོད་བརྒྱ་པ་དེ་བཞུད་ཉེ་ཡང་། ། 七马之主具有百光者
༨༤༽
མཉམ་དུ་ཡོད་པའི་འཁོར་སློབ་འདུས་ཚོགས་ལ། ། 随同汝尊眷属众弟子ག་ལེར་འགྲོ་དང་དུས་ཚོད་ཡོད་དོ་གསུངས། ། 声称行程可慢有时间 ལམ་ཐག་རིང་པོར་ཆིབས་ཁ་དལ་མོར་བསྒྱུར། ། 遥远路途行程变缓慢 དགོན་པར་འབྱོར་ནས་ཕེབས་བསུ་གྲུབ་པའི་རྗེས། །到达寺内众生前来迎
༨༥༽
ཉི་ནུབ་མུན་རུབ་དུས་གཅིག་འཁེལ་བར་བྱས། ། 一日缓慢行程达老远 ཚུལ་དེ་མཐོང་བས་མི་རྣམས་ཡ་མཚན་སྐྱེས། ། 众人见此情景生惊讶 རང་དབང་མེད་པར་སྐྱེ་འགྲོ་དབང་དུ་བསྡུས། ། 自在领有一切有情众ངོ་མཚར་བསམ་ལས་འདས་པའི་གྲུབ་རྟགས་བཞག །示显不可思议之道迹
༨༦༽
འཕགས་ཡུལ་གྲུབ་པའི་དབང་ཕྱུག་ཌོམ་བི་པ། ། 天竺大圣自在卓毕巴 བོད་ཡུལ་གསང་བདག་རྨོག་གྲུབ་ཧེ་རུ་ཀ ། 藏区密主莫珠黑如嘎 ཡུལ་དང་དུས་ཀྱི་འབྱེད་ཆོས་ཙམ་ཞིག་ལས། ། 地与时间之外无别尊 ངོ་མཚར་གྲུབ་པའི་མཛད་རྣམ་གཅིག་ཏུ་གྲུབ། ། 稀有大圣道迹一时成
༨༧༽
རྒྱ་བོད་མི་རིགས་འདུས་པའི་དཀྱིལ་དབུས་སུ།། 藏汉各族信众聚集中 སྐུ་རྩེད་ཚུལ་གྱིས་ཕུར་པ་མཁའ་ལ་གཟིར།། 玩笑之中橛杵抛向天 ཐལ་འཚུབས་དང་བཅས་བྱ་ཞིག་མདུན་སར་ལྷུང་།།一鸟落入跟前带灰尘 ངོ་མཚར་བསད་པ་གསོ་བའི་གྲུབ་རྟགས་བཞག ། 示显所杀复活之道迹
༨༨༽
མཁས་གྲུབ་ཆེན་པོ་ཡེ་ཤེས་འབུམ་པ་དང་། ། 至尊大圣益西蚌巴及ཀློང་གསལ་ཆིབས་པ་འབྲོང་ནག་གཉིས་ཀྱི་ཚེམས། །龙萨骑坐黑牛之牙齿 ད་དུང་དམ་པ་བདེ་གཤེགས་སྐེད་ཕུར་དང་། །当巴德谢(大圣)腰插橛杵及 གསེར་གྱིས་བྲིས་པའི་ཤེར་ཕྱིན་འབུམ་པ་སོགས། །金粉所写般若经函等
༨༩༽
རྒྱུས་མེད་ཡུལ་ན་རྒྱུས་ཡོད་བཞིན་གཟིགས་ཏེ། །不熟悉地识为熟悉地 རིན་ཆེན་རིན་ཐང་བྲལ་བ་མཆོག་གི་རྫས། ། 奇宝无价之宝圣物等མི་དང་མི་མ་ཡིན་གྱི་ཕྱག་བརྒྱུད་ནས། ། 经过人与非人手中得རྫས་གཏེར་བཞེས་པ་གྲངས་ཀྱིས་ག་ལ་ཆོད། ། 所取伏藏圣物有无数
༩༠༽
སྔོན་དུས་བསོད་ནམས་འབུམ་པའི་གདན་ས་དང་། །往昔索朗蚌巴大圣所居寺རྫོགས་ཆེན་རྨོག་གྲུབ་ནམ་མཁའ་ཆོས་དབང་གིས། །作钦莫珠朗咖曲旺尊 ཟབ་གཏེར་མཁའ་འགྲོ་དགོངས་འདུས་གཏེར་གནས་ཆེ། །深甚伏藏空行密意集དགོན་ཕུག་དགོན་དུ་ངོ་མཚར་ཆུ་གཏེར་བཞེས། ། 贡普寺内解开奇伏藏
༩༡༽
ཀཿཐོག་རྡོ་གཅལ་སྟེང་དུ་མཁན་སློབ་ནི། ། 噶陀石板之上堪徒等 ཟུང་གིས་གཙོས་པའི་བཤད་གྲྭ་ཉིས་སྟོང་ལྷག ། 两千余名讲修之僧众ལྷན་འཚོགས་བགྱིས་ཤིང་སྐྱབས་རྗེ་བླ་མ་དང་། །一时聚集至尊法王与སྦྱིན་བདག་”ཡན་ཞུང་”མཇལ་འཕྲད་བགྱིད་པའི་སྐབས། །严雄施主相互会面时
༩༢༽
ནག་ཕྱོགས་མི་མ་ཡིན་གྱིས་ཐོ་བཙམས་ནས། ། 恶方非人部众损恼故 དགུང་སྔོན་དབྱིངས་ནས་སྤྲིན་ནག་དྲག་པོ་འཁྲིགས། ། 虚空突然弥漫黑丛云 དྲག་ཆར་འབེབས་ལ་ཉེ་བའི་སྐབས་དེ་རུ། ། 临近狂风暴雨来袭时 མཁའ་ལ་གཟིགས་ནས་ལྟ་སྟངས་སྡིག་མཛུབ་མཛད། ། 汝尊向天手势期克印
༩༣༽
འུད་བརྗོད་ཙམ་མིན་སྣོད་ནང་ཆུ་འཛིན་ལྟར། ། 句句属实如同壶中水ཆུ་ཐིགས་གཅིག་ཙམ་ས་ལ་མ་བཏང་བར། ། 滴滴均入壶中未落地སྐྱ་སེར་སྐྱེ་བོ་ཀུན་གྱིས་མཐོང་བའི་ངོར། ། 僧俗部众亲眼目睹过 འབྱུང་བཞི་རང་དབང་བསྒྱུར་བའི་གྲུབ་རྟགས་བཞག ། 示显领有四大种道迹
༩༤༽
བསམ་པ་ལོག་པས་སྦྱོར་ངན་བརྩམས་པ་ཡིས། །恶行恶意进行妨害故མཚོ་ཕུ་རྡོ་ལོའི་སྙུང་ཁམས་ཤིན་ཏུ་ལྕི། ། 措普多罗身患重疾病རྐྱེན་གེགས་འདི་ཉིད་རྨོག་གྲུབ་མ་གཏོགས་པ། ། 此次逆缘除外莫珠外གཞན་ལ་སེལ་བའི་ནུས་པ་མི་འདུག་གསུངས། །无人能除无人亦能治
༩༥༽
དམ་པ་གང་ཉིད་དེ་རུ་ཕྱག་ཕེབས་ནས། ། 故此大圣前往患者处དྲག་པོ་གཤིན་རྗེའི་གཏོར་ཟོར་ཉག་ཆུའི་ནང་། 阎王咒食抛入雅砻江 འཕངས་མ་ཐག་ཏུ་ས་གཞི་གཡོས་པ་དང་། ། 抛食瞬间地面震摇晃འུར་ལྡིར་སྒྲ་བཅས་གནམ་ལྕགས་ཐོག་ཆར་འབེབས། །巨声同时降落天铁雨
༩༦༽
ལམ་གྱི་འོག་ནས་མནན་རྫས་གྱེན་དུ་འཕངས། ། 道路之下取出镇压物 ལས་ལ་སྦྱར་ཚེ་དཔལ་ཆེན་གཤིན་རྗེ་དངོས། ། 进行仪轨大胜阎罗王 སྐྱབས་རྗེ་དམ་པ་གང་དེའི་སྐུ་ཚེའི་གེགས། ། 遣除法王所患病魔障འགལ་རྐྱེན་ཞི་བའི་མཐུན་རྐྱེན་ཁྱེད་ཀྱིས་བསྒྲུབས།清净逆缘促使顺缘聚
༩༧༽
དགོན་ཕུག་དགོན་དུ་རྨོག་གྲུབ་བླ་མ་ཡིས། ། 贡普寺内莫珠喇嘛尊ཁོ་བོར་ལྕེ་བཙུན་ཁྲིད་ཡིག་བརྩལ་བའི་སྐབས། ། 一时赐予一法注解时རྣལ་འབྱོར་ཉམས་ལ་མི་འཆར་གང་ཡང་མེད། ། 意境觉悟一切观与行གསུངས་ནས་སྤྱན་གཉིས་ཐད་ཀར་གཟིགས་ནས་བཞུགས། །称后双目直视而安坐
༩༨༽
ཁྱེད་ཚོའི་དགོན་པའི་མཐའ་འཁོར་མཆོད་རྟེན་དང་། །您们寺院周围佛塔及ཁོར་ཡུག་འདི་ལྟར་འདུག་ཅེས་གསལ་བར་གསུངས། ། 环境如此显现详细讲ད་དུང་སྤྱན་གཉིས་རབ་གསལ་ཕྱོགས་དེ་རུ། ། 甚至双目极明之彼方ཐད་ཀར་གཟིགས་བཞིན་བར་སྣང་ཁམས་འདི་རུ། །一眼直视即彼虚空中
༩༩༽
མེ་ཏོག་པད་མ་དམར་པོ་ཆེན་པོ་ཞི། ། 显于极大红色圣莲花 འབྱེད་འཛུམ་ངོ་མཚར་འདི་ལྟར་བྱེད་འདུག་ཅེས། །如此盛开花瓣真稀有ཁོ་བོར་སྤྱན་གྱིས་གཟིགས་ནས་དགྱེས་བཞིན་དུ།།汝等亲眼目睹欢喜中 རྡོ་རྗེའི་གསུང་གིས་མངའ་གསོལ་སྙིང་དབུས་རྒྱཿ 金刚妙语授位心间印
༡༠༠༽
དེ་ལྟར་སྣང་བ་དག་པའི་གཟིགས་ཚུལ་ནི། ། 如此所观显为净相性 བསམ་གྱིས་ཁྱབ་མིན་ཐམས་ཅད་ཡིག་ཐོག་ཏུ། །彼等非常不可思议事ད་ལན་འགོད་པའི་ལོང་ཁོམ་མ་བྱུང་ཡང་། ། 虽然及时未能作笔记ཕྱིས་འབྱུང་རྟེན་འབྲེལ་དགེ་མཚན་ངང་དུ་བཞག །延后亦有缘起之妙汇
༡༠༡༽
པད་མ་རྫོང་དུ་བགྲང་བྱ་དགུ་བཅུའི་སྐབས། ། 班玛县城十九岁那时རིག་འཛིན་ཕོ་མོ་སྟོང་ཕྲག་ལྔ་ལྷག་ལ། ། 五千余名持明父母聚བདུད་ཀློང་གཉིས་ཀྱི་སྨིན་དབང་བསྐུར་བའི་སྐབས། ། 传授德龙二者灌顶时བུམ་ཆུ་བདུད་རྩིར་བསྒྱུར་བའི་གྲུབ་རྟགས་བཞག །瓶水化为甘露示道迹
༡༠༢༽
རིས་མེད་གྲུབ་མཐའ་ཡོངས་ལ་དག་སྣང་ཟབ། ། 净修各个教派传承法 རྒྱ་བོད་ཆོས་ཀྱི་སྡེ་དགོན་ཕལ་མོ་ཆེར། ། 朝圣藏汉各地诸寺庙ཞབས་ཀྱིས་བཅགས་ཏེ་སྤྱི་བོས་གཙུག་མཆོད་ནས། ། 驾临虔诚顶礼亦供养འཚོ་བའི་མཐུན་རྐྱེན་སྦྱར་བའང་གྲངས་ལས་འདས། ། 增添彼等僧众顺缘供
༡༠༣༽
ཁྱད་པར་ཀཿཐོག་བསྟན་པའི་ཡན་ལག་ཀུན། ། 尤其噶陀传承教法皆མི་ཉམས་གོང་འཕེལ་ཉམས་པ་སླར་གསོ་མཛད། ། 已衰恢复未衰令增长 གཙུག་ལག་ཁང་སོགས་བཞེངས་པའི་མཐུན་རྐྱེན་བསྐྲུན། །筹建各个寺庙助顺缘ཕྱག་རྗེས་མཛད་པའི་རི་མོ་བརྗོད་ལས་འདས། ། 弘法利生功业不可估
༡༠༤༽
ཟས་གོས་མཐུན་རྐྱེན་མེད་པའི་སྐྱེ་བོ་དང་། ། 欠缺食物顺缘不足者 ཡོད་ཀྱང་བསམས་པའི་རེ་ཁ་མ་གང་བའི། ། 以及心生贪婪者如愿ཉམ་ཐག་དབུལ་པོ་ཁོ་ནའི་རེ་སྐོང་ཕྱིར། ། 满足弱小贫穷者心愿 དེད་དཔོན་རྒྱ་མཚོར་བགྲོད་པའི་གཏམ་རྒྱུད་དྲན། །惦念船主航海之典故
༡༠༥༽
སྒྲུབ་རྫས་རིལ་བུ་དཔག་མེད་འཕེལ་བ་དང་། ། 所修药丸增倍成无数 འཛད་མེད་ཟས་གོས་མཆོད་སྦྱིན་མཛད་པ་སོགས། །无尽食物供食满足众མཐོང་དང་ཐོས་ཚེ་བརྟགས་ཤིང་དཔྱད་པ་ན། ། 不论见或闻时当深思གྲུབ་པའི་མཛད་སྤྱོད་ཡིན་པ་སུ་ཡིས་བསྙོན། ། 识为大圣功业不起疑
༡༠༦༽
མཁྱེན་པའི་རྩལ་རྫོགས་གྲུབ་པའི་མངོན་རྟོགས་བརྙེས། །觉悟圆满大圣得现觉ནུས་པའི་སྟོབས་མངའ་གསང་བདག་རྡོ་རྗེ་འཆང་། །极具威力密主金刚手 སྣང་སྲིད་དབང་བསྒྱུར་རྨོག་གྲུབ་ཧེ་རུ་ཀ ། 领有有寂莫珠黑如嘎 ཁྱེད་ཉིད་གང་བཞུགས་ཞིང་དེ་འོག་མིན་དངོས། ། 汝尊住于何处即刹土
༡༠༧༽
རྡོ་རྗེ་འཆང་དེ་སྟེང་ཕྱོགས་ཡོད་མིན་ལ། ། 金刚持者不在于上部 པད་མ་འབྱུང་གནས་སྲིན་ཡུལ་ཕེབས་པ་མེད། །莲花生亦未登罗刹域 རང་སྣང་དག་ན་རྡོར་འཆང་པད་འབྱུང་གཉིས། །若净自相金刚持莲师ལོགས་ཤིག་མེད་པར་རྒྱལ་བ་དངོས་དེ་ཁྱེད། ། 没有别处上师为其尊
༡༠༨༽
སྨིན་གྲོལ་རྒྱ་མཚོའི་ཆོས་སྒོ་ཁྱོད་ཀྱིས་ཕྱེས། ། 成解如海法门由汝解འབྲེལ་ཚད་དོན་དང་ལྡན་པ་ཁྱོད་ཀྱིས་མཛད། ། 结缘得利功业由如行 སྐྱེ་བོ་གྲངས་མེད་གསང་ཆེན་ལམ་ལ་བཀོད། ། 无数信众纳入大密道 ཕན་བདེའི་འབྱུང་གནས་བླ་མ་རིན་པོ་ཆེ། ། 利乐之源莲师如意宝
༡༠༩༽
དཔལ་ལྡན་བླ་མའི་མཛད་སྤྱོད་ནམ་མཁའི་ཁམས། ། 具德上师功行遍满天ཁོ་བོ་བྱིས་བློ་སྦྲང་བུའི་གཤོག་རྩལ་གྱིས། ། 我等幼心蜜蜂飞翼力ཡོངས་རྫོགས་གཏིང་མཐའ་དཔོག་པར་མི་ནུས་ཀྱང་། ། 无法掂量及其圆满性སྐལ་བཟང་བསོད་ནམས་བགོ་སྐལ་རྒྱན་དུ་བླངས། །为了缘者分享福慧分
༡༡༠༽
སྐྱེ་བ་འདི་དང་ཚེ་རབས་ཕྲེང་བ་རུ། ། 今生来生世世中 དཔལ་ལྡན་བླ་མའི་ཞབས་ཀྱི་པད་མོ་ལ། ། 具德上师莲足前གུས་པས་བརྟེན་པས་སྐལ་བཟང་མཆོག་ཐོབ་སྟེ། །顶礼受得其福分ཐུགས་སྲས་ཐུ་བོ་ཉིད་དུ་བདག་གྱུར་ཅིག ། 愿成上师心传子
༡༡༡༽
སྐྱེ་ཀུན་གཟུགས་བྱད་ལེགས་ཤིང་ཚུལ་ཁྲིམས་གཙང་། ། 世世五官端正戒律净རྣམ་པར་དཔྱོད་པའི་ཤེས་རབ་རྩལ་རྫོགས་ཏེ། ། 极具辩才殊胜智慧圆རྒྱལ་སྲས་བརྒྱད་ཀྱི་མཛད་ཆེན་བདག་གིར་བགྱིད། །八大菩萨功业由我行 འོད་སྣང་མཐའ་ཡས་དྲུང་དུ་འགྲོ་བར་ཤོག །众生纳入无量光佛刹
༡༡༢༽
སྟེང་དུ་བཀྲ་ཤིས་བསིལ་གདུགས་དཀར་པོ་གཡས་གཡོན་བཀྲ་ཤིས་གསེར་གྱི་ཉ། ། 上部架设吉祥宝伞左右吉祥鱼 མདུན་དུ་བཀྲ་ཤིས་བུམ་པ་བཟང་པོ་ཁ་རྒྱན་བཀྲ་ཤིས་ཀ་མ་ལ། །跟前吉祥宝瓶口饰吉祥青莲花 སྙན་པའི་བཀྲ་ཤིས་ཆོས་དུང་དཀར༵་པོ་ཐུགས་ཀར་བཀྲ་ཤིས་དཔལ༵་བེའུ། །悦耳吉祥白色海螺心间吉祥结 མི་ནུབ་བཀྲ་ཤིས་ཆོས་ཀྱི་རྒྱལ་མཚན་བཀྲ་ཤིས་འཁོར་ལོའི་བཀྲ་ཤིས་ཤོག །不衰吉祥宝幢吉祥圣轮得吉祥
༡༡༣༽
ཅེས་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་བཀའ་དྲིན་ཅན་གྱི་བླ་མ་དམ་པ་དོན་གྱི་སླད་དུ་མཚན་ནས་གསོལ་བ་འདེབས་ན༸སྐྱབས་རྗེ་གྲུབ་པའི་དབང་ཕྱུག་རྨོག་སྤྲུལ་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེའི་རྣམ་ཐར་བསྟོད་དབྱངས་ལེགས་བཤད་མ་ལི་ཀ་ཡི་ཕྲེང་བ་ཞེས་བྱ་བ་འདི་ཉིད་ཤར་ཀཿཐོག་པའི་རང་ལུགས་དྲི་མེད་སྐྱོང་མཛད་བསྟན་པ་རིན་པོ་ཆེ་ལ་ལྷག་བསམ་རྣམ་པར་དཀར་བའི་ཤར་ཕྱོགས་རྒྱལ་མོ་རོང་པའི་ས་ཡི་ཆར་དཔལ་ལྡན་ཕྱག་སྟོང་སྤྱན་སྟོང་དགོན་བཻ་རོ་དགྱེས་པའི་བྱང་ཆུབ་འགྲོ་འདུལ་གླིང་གི་བླ་མ་སངས་སངས་མཆོག་གིས་ཡུན་རིང་མོ་ནས་བཀས་བསྐུལ་གནང་མོད།
此圣尊部众与一切坛城遍主总集之身-大恩大德至尊上师莫扎法王-大圣自在者无畏十方胜者传记善说青莲花鬘,东方噶陀无垢教法如意宝护持者,东方甲摩擦瓦绒区域吉祥千手观音寺白若欢喜之地菩提利生林寺院喇嘛桑桑多次赐法令故,
སློབ་དཔོན་དཎྜིས། མཁས་པའི་ཡང་དག་རབ་སྦྱར་བའི།། གང་ནས་ངག་གི་འདོད་འཇོར་བཤད།། དེ་ཉིད་ཉེས་པ་སྦྱར་ན་སླར།། སྦྱོར་པོ་བ་གླང་ཉིད་བརྗོད་ཅེས།། ཞེས་པའི་དོན་ལྟར་སྦྱོར་བའི་ཚུལ་མི་ཤེས་ནས་སློབ་མ་བླུན་པོས་བླ་མ་ཟོག་པོར་བསྒྱུར་བའི་ལོ་རྒྱུས་ཀྱི་དཔེ་ལྟར་འགྲོ་བར་དོགས་ནས་རང་གི་ཤེས་ཡོན་གྱི་ཆུ་ཚད་ལ་བསམ་སྟེ་སྐབས་རེ་ཞིག་གཏང་སྙོམས་སུ་བཞག
丹智善师言道:“贤者虽正若但所论,凡夫嘴里随欲言,即彼如若过错故,识为论者黄牛等。”,正如所言,如若不会论事,产生误会,让有些弟子误识上师为愚者之喻,因此不敢多言,在此停留。
འོན་ཀྱང་ཉེ་ཆར་སླར་ཡང་དམངས་སྒོར་བརྒྱ་ཕྲག་བཅུ་གསུམ་གྱི་རྟེན་འབྲེལ་ལེགས་སྐྱེས་ཆེན་པོ་གནངས་ཏེ་སླར་ཡང་ནན་ཏན་ཆེན་པོས་བཀས་བསྐུལ་གནང་བར་ལྡོག་ཏུ་མ་ཕོད་པར་མ་ཟད་གྲངས་གནས་བཅུ་གསུམ་འདིའང་ཀཿཐོག་པ་ལ་རྟེན་འབྲེལ་གྱི་དགོས་གནད་ཆེན་པོ་ཡོད་པར་དམིགས་ཏེ།
不过近期敬献贡品及诚挚敦请,遇大缘起之下,无法拒绝此恩,亦识为噶陀缘起大增之要义。
འཛམ་གླིང་ན་སྙན་གྲགས་འབར་བའི་གནས་ཆེན་ཁ་བ་དཀར་པོའི་ཉེ་འདབས་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཕྱག་བཏབ་པའི་སྤུང་སྒང་ཨོ་རྒྱན་རིག་འཛིན་མཁའ་སྤྱོད་གླིང་དུ་ས་ཁྱི་ལོའི་བོད་ཟླ་༤ པའི་ཚེས་༡༥ ཉིན་ས་ག་ཟླ་བའི་དུས་ཚེས་ཁྱད་པར་ཅན་རྒོངས་མོ་དབང་གི་དུས་སུ་བསྟན་འགྲོ་ལ་སྨན་པའི་མཛད་བཟང་ཅན་མཁན་སྤྲུལ་དུ་མ་ལ་གཏེར་ཆེན་བཟང་པོ་རྡོ་རྗེའི་ཟབ་གཏེར་ཆོས་བསྐོར་དབང་ལུང་ཕུལ་བའི་སྐལ་བཟང་བྱུང་བའི་ཉིན་དེར་དབུ་བཙུགས་པ་ལས་རྒྱུན་མར་འབྲི་བའི་ལོང་ཁོམ་མ་བྱུང་ཞིང་རང་གིས་མཐོང་ཞིང་ཐོས་པ་རྣམས་དང་ཁྱད་པར་དུ་རྡོ་རྗེའི་མཆེད་བཟང་པོ་རྣམས་ཀྱིས་ངག་ལམ་དུ་སྐྱབས་རྗེ་གྲུབ་དབང་བླ་མའི་མཛད་ཆེན་ཁུངས་ལྡན་ཡོངས་སུ་གྲགས་པ་རྣམས་ཞར་དང་ཞོར་དུ་དུས་ཚོད་སྤྱད་ནས་སྙན་སྦྱོར་གྱི་སྤྲོས་པ་སྐྱུང་སྟེ་གོ་བདེར་བྲིས་
于世界著名圣地卡瓦嘎布雪山附近,在噶陀司徒曲吉嘉措创办的普岗邬金持明空行院,于藏历土狗年四月(萨瓦达哇月)十五日(殊胜吉祥良辰之日)下午威力自在增盛之时,弘法利生者,为诸多堪布及活佛传授深甚伏藏修法之灌顶传承教导之日,开始写作。虽然有时没能续持,一旦有空继续,自己亲自所闻所见,尤其金刚道友们所述一根有据关于法王仁波切弘法利生之功业如是记录,为了读者容易理解和易懂,远离于修辞等颂词。
པའི་ཚིགས་སུ་བཅད་པ་བརྒྱ་ཕྲག་བཅུ་གསུམ་པོ་འདི་ཉིད་མཇུག་ལེགས་པར་གྲུབ་པའི་ཉིན་མོ་ནི་མཚམས་གནས་ཆེན་མ་ཎི་མཐོང་གྲོལ་ཆེན་མོའི་མདུན་ཞོལ་སྟག་དགོན་རྒྱུད་སྡེ་བཤད་སྒྲུབ་འཆི་མེད་པད་མ་འོད་གླིང་རིགས་གསུམ་སེམས་དཔའ་དགྱེས་པའི་དགའ་ཚལ་དུ་རབ་བྱུང་བཅུ་བདུན་པའི་ས་ཁྱི་ལོའི། བོད་ཟླ་༥ ཚེས་༡༥ ཉིན་ཉིང་འཁྲུལ་གྱི་དགེ་མཚན་བཟང་པོ་དང་བཅས་ཤར་ཀཿཐོག་རྒྱུད་སྡེ་བཤད་སྒྲུབ་ནོར་བུའི་
简易一百一十三颂写作圆满之日,位于圣地嘛呢见解脱前方平原中达寺院续部讲修长寿莲花光明林三部菩萨欢喜乐园中,于藏历土狗年五月十五日(化解诸恶之吉日),东方噶陀续部讲修奇宝讲授员,
ལྷུན་པོའི་ནང་མཁན་མིང་ཙམ་འཛིན་པའི་རྒྱལ་སྲས་ཐ་ཆུང་བ་ཐུབ་བསྟན་ལུང་རྟོགས་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའམ་མ་མཁའ་འགྲོས་གཅེས་མིང་གནང་བར་ཀློང་ཡངས་བདེ་བ་རྡོ་རྗེ་ཞེས་སམ་ཐ་སྙད་ཡོངས་སུ་གྲགས་པ་ནི་གོ་འཇོ་བ་”ཀུན་བཟང་རྣམ་རྒྱལ་”དུ་འབོད་པའི་འདུ་གསུམ་པ་དེས་རང་གནས་ཨོ་རྒྱན་ལུང་རྟོགས་ཆོས་མཛོད་གླིང་རིགས་གསུམ་སེམས་དཔའ་དགྱེས་པའི་དགའ་ཚལ་དུ་མཇུག་ཡོངས་སུ་རྫོགས་པར་སྦྱར་བས་བརྒྱུད་གསུམ་རིག་འཛིན་བླ་མའི་དོན་རྒྱུད་དགོངས་པའི་བྱིན་རླབས་སྙིང་ལ་འཇུག་པའི་རྒྱུར་གྱུར་ཅིག། །། སརྦ་མངྒ་ལམ།
土登龙多益西见灿华桑布,又名空行母赐名龙央德瓦多吉,别名贡觉人根松朗加名者写于邬金经教法海林三部菩萨欢喜乐园。愿此善成为三法持明诸师事部密意之加持渗入我等众生心中之主因!愿妙善增长!