བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།
ལྟག་ཨོ་རྒྱན་ཆོས་འཕེལ་ནས།
རེ་བཞི།
གྲོང་སྡེ་ཡི་ཁང་པ་ལ་“སྤྱི་ཁང་”ཡང་ན་“དཔོང་ཁང་”དང་། སྒེར་སོ་སོའི་ཁང་པ་བཅས་གཉིས་ཡོད། དཔོང་ཁང་ཡུན་དུ་གནས་དགོས་ན། རྟག་ཏུ་མི་མང་པོ་མཉམ་དུ་འདུས་ཏེ་མི་ཡི་ལུས་དྲོད་ཀྱིས་གསོ་དགོས། དེ་མེད་ན། དཔོང་ཁང་གུད་སླ་བའོ།། སྒེར་གྱི་ཁང་པ་ནི་ཁྱིམ་ཚང་སོ་སོའི་ནང་མིས་ལུས་དྲོད་འབར་བ་ནས་གསོ་དགོས། དེ་མེད་ན། སྒེར་ཁང་ཡང་གུད་སླ་བར་འགྱུར་རོ།།
རེ་ལྔ།
བོད་ཁང་གི་རྒྱ་སྒོ་རྟག་ཏུ་ཕྱེ་ནས་ཡོད་པ་ལ་“སྒོ་ནག་འུག་”ཅེས་ཟེར། དེ་ནི་འཛེམས་དགོས་པ་ཞིག་ཡིན། རྒྱ་སྒོ་རྟག་ཏུ་ཕྱེ་ན་“ནང་གཡང་ཕྱི་ལ་ཤོར། ཕྱི་གདོན་ནང་ལ་འཛུལ།”ཞེས། ཁྱད་པར་དུ་(ས་རུབ་ཁ་ལ་མོ) ཤི་པོའི་“བླ་འཁྱམས་”ནང་ལ་ཡོང་ཞེས་དོགས་པས། ཕྱི་སྒོ་རྟག་ཏུ་བརྒྱབ་དགོས་པ་ཡིན་ནོ།།
རེ་དྲུག
སྔུན་གྱི་ཤོད་སྲོལ་དུ། བོད་ཁང་རེའི་སྟེང་གི་ནམ་མཁའ་ནས་དམུ་ཐག་ཡང་ན་“དམུ་དག་”རེ་རྒྱ་མཐོངས་ཁ་ནས་ཕྱང་ཡོད་ཟེར། མི་རྣམས་ཀྱིས་རྨུ་ཐག་བཟུང་ནས་གནམ་མཐོངས་བརྒྱུད་སྟེང་ལྷ་ཡུལ་དུ་འགྲོ་ཟེར། ཕྱིས་སུ་རྨུ་ཐག་གི་སྲོལ་ལུགས་ཉམས་ནའང་། རྟེན་འབྲེལ་མི་འཕྱུག་པར་རྒྱ་མཐོངས་དང་ཉེ་བའི་གྱང་ངོས་སུ་ཐ་གུ་དང་ཐག་པ་དཔྱངས་སྲོལ་ཡོད། དེ་ནི་དམུ་ཐག་མི་ཆད་པའི་ཕྱག་རྒྱ་ཞིག་ཀྱང་ཡིན་ནོ།།
རེ་བདུན།
བོད་ཁང་གི་གྱང་དང་བརྩིགས་པའི་ནང་གཡག་རྭ་འཇོག་སྟེ། རྭ་རྩེ་ནི་ས་དགྲ་དང་ཆུ་དགྲ་ཡོད་སའི་ཕྱོགས་སུ་ཁ་གཏད་དགོས། ཡང་ན། སྒོ་ཐོད་དུ་གཡག་རྭ་འཇོག་སྟེ་ཧལ་ཁྱིའི་གནོད་པ་བསྒྲིབ་པ་བྱས་སོ།། དེ་བཞིན་དུ། ཁང་པའི་ནང་ལོགས་སུའང་“གཡག་མགོ་”འཇོག་སྲོལ་ཡོད། དེ་ནི་ཁང་པའི་གནས་སུ་འཆི་བདག་གི་གནོད་པ་བསྒྲིབ་པ་དེ་ཡིན་ནོ།།
རེ་བརྒྱད།
བོད་ཁང་“ཕྱག་རྒྱ་”ཡི་གང་ཟེར། ཁང་པའི་སྟེང་འོག་བར་གསུམ་དང་། ཕྱི་ནང་གསང་གསུམ་དུ་རྟགས་ཀྱི་ཕྱག་རྒྱ་སྣ་ཚོགས་པ་བཀོད་སྲོལ་མཆིས། དེའི་དོན་ནི་གདོད་མའི་གཏོ་བཤད་ལས། “ཕྱག་རྒྱ་འདིའི་བྱིན་རླབས་ཀྱིས། བདག་པོའི་ལོའི་ཀ་བ་མ་འགྱེལ་ཅིག གདུང་མ་མ་ཆག་ལ། རྨུ་ཐག་མ་ཆད་ཅིག རྟེན་ཕུར་མ་བུད་ཅིག”ཅེས་གསུངས་པ་བཞིན་དུ། འདི་ནས་བདག་པོའི་ཁང་པ་བརྟན་པ། ཁང་པའི་བདག་པོ་བརྟན་པ་དེ་ཡིན་ནོ།། དགེའོ།། …མུ་འགོད།
「往期回顾」
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༡༷་་་་༡༦
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༡༧་་་་༡༩
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༢༠་་་་༢༤
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༢༥་་་་༣༠
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༣༡་་་་༣༥
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༣༦་་་་༤༠
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༤༡་་་་༤༥
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༤༦་་་་༥༠
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༥༡་་་་༥༣
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༥༤་་་་༥༨
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༥༩་་་་༦༣
微信号|耷艺术空间
视频号|耷艺术空间