བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།
ལྟག་ཨོ་རྒྱན་ཆོས་འཕེལ་ནས།
རེ་དགུ།
བོད་ཁང་ལ་“ཁང་རྒན་”ཞེས་པའི་ཐ་སྙད་ཅིག་ཡོད། དེ་ནི་མི་རབས་གསུམ་ཡན་སྐྱེལ་ཟིན་པའི་ཁང་རྙིང་ལ་གོ་དགོས། ཁང་རྒན་ལ་མི་རབས་གོང་མ་རྣམས་ཀྱི་“བླ་”གནས་ཡོད་པས། དེས་ན། ཁང་རྒན་རང་ལ་མེས་རྣམས་ཀྱིས་སྐྱོང་བས་སྲུང་འཁོར་གྱི་ནུས་པ་ལྡན། འདྲེ་གདོན་སོགས་ནང་དུ་འཛུལ་མི་ཐུབ་ཟེར་རོ།།
བདུན་ཅུ།
སྤྱིར་བཏང་ཆ་ནས་མི་རྣམས་ཚེ་ལས་འདའ་རྗེས་ཕུང་པོ་རང་ཁྱིམ་དུ་ཉིན་གསུམ་ངེས་པར་དུ་གཞག་དགོས། ཉིན་གསུམ་ཚང་རྗེས་ཤི་པོ་དང་ཁང་པའི་འབྲེལ་ཐག་གམ་དྲོད་ཀྱི་རྒྱུན་དེ་གཞི་ནས་ཆད་པ་ཡིན། དེ་དུས་ཕུང་པོ་དུར་ཁྲོད་དུ་བསྐྱལ་ཆོག་གོ། དེ་མིན་ན་ཚེ་ལས་འདས་པའི་དྲོད་རྟ་རྔ་ཙམ་ཁང་པའི་ནང་ལུས་ཕྱིར། ཁྱིམ་པ་རྣམས་ལ་གནོད་དོ།།
དོན་གཅིག
གཉེན་སྟོན་མོའི་སྐབས་སུ་ཐོག་མར་ཁང་པ་ལ་བསངས་དང་ཁྲུས་ཆུ་གཏོར་དགོས། བག་མ་ལ་བགེགས་བསྐྲད་ཚར་རྗེས་གཞི་ནས་ཁང་པ་དང་སྒོ་ནང་འཛུལ་ཆོག དེ་རྗེས་ཁང་པའི་དཀྱིལ་ཀ་བ་ལ་བསྐོར་བ་དང་མཆོད་པ་འབུལ། ཐབ་ཚང་དུ་ཐབ་ཀ་ལ་སྨོན་ལམ་བཏབ། རིམ་གྱིས་མི་གཡང་ཞིག་གིས་ཁང་ཐོག་ཏུ་དར་སྣ་བཟུང་ནས་“གཡང་ཕྱི་ལ་མ་འགྲོ་ནང་ལ་ཤོག་”ཅེས་སྐད་འབོད་རྒྱག་དགོས། དོན་དུ་ནང་དུ་མི་གསར་པ་བསླེབས་པར་ཁང་པས་ངོས་ལེན་མཛད་དགོས་པའི་དོན་ནོ།།
དོན་གཉིས།
ཁང་པ་ལ་ཁང་ལྷ་གནས་པས་ན། རྟག་ཏུ་ཁྲུས་དང་བྱི་དོར་བྱེད་དགོས། སྡོད་ཁང་དེ་ག་ཚོད་གཙང་ན་ཁྱིམ་ཚང་དེ་དེ་ཙམ་གྱི་བྱ་བ་ལམ་འགྲོ་དང་། ནད་མེད་ཚེ་རིང་འཐོབ་ཅེས། ཁྱད་པར་དུ་ལོ་མཇུག་ལ་ངེས་པར་དུ་“དུ་རྒན་ཕབ་”ཅེས་ཕྱག་བདར་ཆེན་པོ་རེ་རྒྱག་སྲོལ་ཡོད། དེ་དུས་ཐབ་ཚང་གི་དུ་དྲེག་ལེན་ནས་ཁང་པའི་སྒོ་མདུན་དུ་གཡུང་དྲུང་རི་མོ་སོགས་ཕྱག་རྒྱ་སྣ་ཚོགས་ཕབ་དགོས། འདི་ནི་གཙོ་བོར་ཁང་པ་ལ་བལྟོས་པའི་ལོ་གཅིག་གི་གད་རྡུལ་བྱབ་པ་དང་། ལོ་གསར་པའི་ནང་ལམ་འགྲོ་ཡོང་ཕྱིར་ཁང་པ་ལ་རྒྱན་དང་གཙང་སྦྲ་མཛད་པ་དེ་ཡིན་ནོ།།
དོན་གསུམ།
སྤྱིའི་ཆ་ནས་བོད་ཁང་ལ་ཆེ་ཆུང་གཉིས་ཡོད་དེ། ཁང་ཆེན་ནི་མི་རྣམས་སྡོད་སའི་ཁང་པ་དང་། ཁང་ཆུང་ནི་སྒོ་འགྲམ་གྱི་“ཁྱི་ཁང་”དེ་ཡིན། འདི་ནི་བོད་ཁང་གི་ཁང་གཅིག་ལ་ཆེ་ཆུང་གཉིས་ཞེས་པ་དེ་ཡིན་ནོ།། དགེའོ།། …མུ་འགོད།
「往期回顾」
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༡༷་་་་༡༦
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༡༧་་་་༡༩
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༢༠་་་་༢༤
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༢༥་་་་༣༠
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༣༡་་་་༣༥
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༣༦་་་་༤༠
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༤༡་་་་༤༥
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༤༦་་་་༥༠
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༥༡་་་་༥༣
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༥༤་་་་༥༨
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༥༩་་་་༦༣
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༦༤་་་་༦༨
微信号|耷艺术空间
视频号|耷艺术空间