བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༧༩་་་་༨༣

文摘   2025-01-31 19:09   四川  

བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།

ལྟག་ཨོ་རྒྱན་ཆོས་འཕེལ་ནས།




 དོན་དགུ།



བོད་ཁང་ལ་སྒེར་ཁང་ཁེ་རུ་མ་དང་། ཁང་པ་“ལག་སྦྲེལ་མ་”བཅས་གཉིས་ཡོད། སྒེར་ཁང་ལ་ཆེན་པོ་དང་ཆུང་ངུ་གཉིས། ཆེན་པོ་ནི་ཁང་ཆེན་གཅིག་ལ་ཁང་མིག་(ཁང་ཆུང་)དུས་མས་བསྒྲིགས་དང་སྤུངས་ནས་ཡོད་པ་ལྟ་བུ། ཁང་པ་ལག་སྦྲེལ་མ་ལ་“ལག་ལག་སྦྲེལ་”ཡང་ན་“ཁང་ལ་ཁང་སྦྲེལ་”ཟེར། དེ་ནི་དུད་ཁ་མང་པོའི་ཁང་པ་གྲལ་དུ་འཁོད་ཅིང་སྦྲེལ་ནས་ཡོད་པ་ཞིག་ཡིན། མི་ཚང་གཉིས་རེའི་བར་གྱི་གྱང་ངམ་“བར་རྟ་”ནི་གཅིག་ཡིན། སྔོན་ཚེ་གྲོང་སྡེ་ཁག་ཏུ་དེ་འདྲའི་ཁང་པ་སྦྲེལ་མ་ཡོད་པ་ནི་དགྲ་དོགས་ཀྱི་ཆེད་དུ་ཡིན་ཟེར། གང་ཞིག་གྲོང་ནང་དུ་དགྲ་ཇག་སོགས་བསླེབས་ན་མི་ཚང་རྣམས་ཀྱིས་བར་རྟ་ཕུག་ནས་འགྲོ་འོང་བདེ་བར་བྱེད་པ་དང་། མཉམ་དུ་དགྲ་ཇག་ལ་རྒོལ་བ་བཅས་སོ།། 



བརྒྱད་ཅུ།


བོད་ཁང་ཚད་ལྡན་ཞིག་ལ་དགེ་མཚན་དུ་མ་ལྡན། དེ་དག་ལས་གཙོ་བོ་ཞིག་ནི་ཁང་པས་མི་མིན་གནོད་པ་དང་བགེགས་དང་“གཤེད་ལེན་པ་”དེ་ཡིན། དཔེར་ན། མི་ཞིག་ཚེ་ལས་འདས་ཟིན་པའི་གཤེད་ངན་སོགས་ཁང་པའི་ཀ་བ་དང་སྒོ་སོགས་ནས་ལེན་ཞིང་། དེ་ལས་ཁང་པའི་བདག་པོའི་སྐུ་ཚེ་སྲུང་བ། དེར་བལྟོས་ཁང་བཟང་ཞིག་ནི་ཁྱིམ་ཚང་གི་མི་ནོར་རྒྱུ་གསུམ་སྲུང་བའི་ཁྲབ་དང་རྨོག་དང་འདྲ་བའོ།། 



གྱ་གཅིག


བོད་ཁང་ལ་ཁ་རྒྱུན་དུ་“མགོ་ཚང་ས་”ཞེས། དེའི་དོན་ནི་“མགོ་འཇོག་ས་”ཞེས་ཆར་ཆུ་དང་ཁ་བས་མགོ་ལུས་མི་བརླན་པར་འགོག་ཐུབ་པ་ལ་ཟེར། གང་ལྟར་ཁང་པ་ཞིག་ཡོད་ན་སྤྱི་ཚོགས་སུ་མི་ཚད་དང་མི་ཡི་རིན་ཐང་ལོན་པའི་བརྡ་དང་། ཁང་པ་མེད་ན་མགོ་ཚང་ས་མེད་པས། ཤིན་ཏུ་ཐབས་ཆག་པའི་ཡུལ་དུ་གྱུར་བ་ཡིན་ནོ།། 




གྱ་གཉིས།


རྒྱུན་པར་བོད་ཁང་གི་གསང་སྤྱོད་ནི་ཁང་པའི་རྒྱབ་དུ་ཡོད། གཞན་ཁང་པའི་གློ་ཟུར་དུ་རྒྱག་སྲོལ་ཡང་ཡོད། དེ་ནི་“ཁང་རྒྱབ་”གསང་སྤྱོད་ཀྱི་ས་ལ་འཇོག་ཅེས། དེ་ནི་ཁང་པ་ཞིག་ལ་བལྟོས་པའི་“གསང་བ་སྦ་ཤེས་”དགོས་པའི་དོན་ནོ།། 



 གྱ་གསུམ།


གདོན་དང་གནོད་པ་དང་བགེགས་ཀྱི་རིགས་ཐམས་ཅད་རྒྱ་སྒོ་ནས་ཡོང་བ་ཡིན་ཕྱིར། བོད་ཁང་གི་སྒོ་ཐོད་ལ་སྲུང་རྫས་སྣ་ཚོགས་པ་འདོགས་སྲོལ་ཡོད། དཔེར་ན། གཤེད་དང་བླ་འཁྱམས་འགོག་བྱེད་དུ་སྒོ་ཐོད་ལ་“སླེ་བོ་”དང་“ཁྲོལ་ཚགས་”འདོགས་པ། མི་ཁ་བཟློག་བྱེད་དུ་“ཟོར་ར་”དང་། འདྲེ་གདོན་འགོག་བྱེད་དུ་“སྲུང་འཁོར་”དང་“ཕྱག་རྒྱ་”དང་། ནད་གདོན་སོགས་གདོན་རིགས་འགོག་པར་ཤིང་“འོམ་བུ་”འདོགས་པ། གནོད་པ་སྣ་ཚོགས་འགོག་པར་“ཕྱག་པ་”“བཞབ་པ་”འདོགས་པ་བཅས་དང་། ཡུལ་ལུང་འགའ་ཞིག་ཏུ་འདྲེ་གདོན་འགོག་པར་“མེ་ལོང་”འདོགས་མཁན་ཡང་ཡོད་དོ།། དགེའོ།། …མུ་འགོད། 



往期回顾

བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༡༷་་་་༡༦

བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༡༧་་་་༡༩

བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༢༠་་་་༢༤

བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༢༥་་་་༣༠

བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༣༡་་་་༣༥

བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༣༦་་་་༤༠

བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༤༡་་་་༤༥

བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༤༦་་་་༥༠

བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༥༡་་་་༥༣

བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༥༤་་་་༥༨

བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༥༩་་་་༦༣

བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༦༤་་་་༦༨

བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༦༩་་་་༧༣

བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༧༤་་་་༧༨

微信号耷艺术空间

视频号|耷艺术空间

耷艺术空间
文化艺术分享,广告
 最新文章