བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།
ལྟག་ཨོ་རྒྱན་ཆོས་འཕེལ་ནས།
ང་གཅིག
བོད་ཁང་གི་བཀོད་པ་ནི་དྲང་པོ་ཅན་ཞིག་སྟེ། དེ་ལ་བསྟེན་ནས་“མི་ཆོས་གཙང་མ་བཅུ་”སྲུང་ཤེས་པ། དང་པོ། ལྷ་ཁང་དུ་མཆོག་གསུམ་གྱི་རྟེན་བཤམས་ཤིང་། རྟག་ཏུ་ཕྱག་དང་མཆོད་པ་འབུལ་བ། ༡ ལྷ་དཀོན་མཆོག་གསུམ་ལ་མོས་གུས་བསྐྱེད་པ། གཉིས་པ། ཁང་ཐོག་ཏུ་“སྤོང་ཁང་”བཅད་དེ། དམ་པའི་ཆོས་ལ་ཉམས་ལེན་བྱེད་པ། ༢ དམ་པའི་ཆོས་བཙལ་ཞིང་བསྒྲུབ་པ། གསུམ་པ། ཁྱིམ་གྱི་“ཁང་མིག་”ཡག་ཤོས་དང་མལ་ཁྲི་བཟང་ཤོས་ཕ་མ་གཉིས་ལ་བཞག་པ། ༣ ཕ་མ་ལ་དྲིན་ལན་འཇལ་བ། བཞི་པ། རྟག་ཏུ་ཁྱིམ་ནང་ལ་བཤེས་གཉེན་དམ་པ་རྣམས་གདན་དྲངས་ནས་ཁྲི་མཐོན་པོ་བཀོད་དེ་བཀའ་སློབ་ཞུ་བ། གསོལ་ཚིགས་འབུལ་བ། ༤ ཡོན་ཏན་ཅན་ལ་ཞེ་མཐོང་ཡོད་པ། ལྔ་པ། རྒྱུན་པར་ཁྱིམ་ནང་ལ་མི་གཡང་མྱི་རྒན་རྣམས་མགྲོན་འབོད་དེ་གསོལ་ཆང་དང་གསོལ་ཇ་དང་བསྟོད་བསྔགས་འབུལ་བ། ༥ རིགས་མཐོ་བ་དང་རྒན་པར་བཀུར་སྟི་ཆེ་བ། དྲུག་པ། ཁང་པ་རྒྱག་དུས་ཆུ་རྐ་དང་ར་བས་ཁྱིམ་མཚེས་ལ་མི་གནོད་པ་བྱེད་པ། ༦ ཡུལ་མི་ཁྱིམ་མཚེས་ལ་ཕན་འདོགས་པ། བདུན་པ། བོད་ཀྱི་གཏམ་དཔེ་རུ། “ཀ་བ་བཞིན་དྲང་དགོས། ཀ་རྡོ་བཞིན་བརྟན་དགོས།”ཞེས་གསུངས་པ་བཞིན། ཁང་པའི་ཀ་བ་དང་ཀ་རྡོ་ལ་བལྟས་ནས་མི་གཤིས་བཟང་པོ་དང་འཇམ་པོར་ཆགས་པ། ༧ བཀའ་དྲང་ཞིང་སེམས་ཆུང་བ། བརྒྱད་པ། ཁང་པ་ནི་ཀ་བས་གཞི་གྱུར་པའི་གདུང་མ་དང་། ལྕམ་ཤིང་དང། དྲབ་ཤིང་སོགས་གཅིག་ལ་གཅིག་བརྟེན་ནས་ཚུགས་པོར་ཡོང་བ་བཞིན། མི་ཡང་དེ་ལྟར་དུ་ཉེ་དུ་དང་གྲོགས་ཀྱི་འབྲེལ་བ་བཟང་པོ་ལ་བརྟེན་ནས་འཚོ་དགོས་ཞེས། ༨ ཉེ་དུ་མཛའ་བཤེས་ལ་གཞུང་རིང་བ། དགུ་པ། བོད་ཁང་ལ་“བོའུ་ཁུང་”གཏོད་པ་ནི་ཕྱི་དགྲ་ཕྱི་རུ་འདུལ། ངན་པ་མཐའ་ནས་སེལ་ཞེས། བཀོད་པ་དེ་ལ་བརྟེན་ནས་ནམ་ཡང་མི་ངན་དང་གྲོགས་ངན་ལ་གཟབ་དགོས་ཤིང་། དེ་བས་རང་ཚུགས་མ་ཤོར་བ་དགོས་ཞེས་སོ།། ༩ ངན་པའི་གྲོས་ལ་མི་ཉན་ཞིང་རང་ཚུགས་འཛིན་པ། བཅུ་པ། བོད་ཁང་ཚད་ལྡན་ཞིག་ལ་“སྒོ་ཕུགས་བར་གསུམ་”དང་། སྟེང་འོག་བར་གསུམ་དགོས། དེ་བཞིན་དུ་“ཁང་བཟང་རྣམ་པར་རྒྱལ་བ་”ཞེས་ཁང་པའི་ཐིག་དང་བཅད་དང་མཛོད་དང་གྲལ་སོགས་ཁ་གསལ་པོ་ཡོད། གྲ་འགྲིག་པོ་ཡོད། ཁོག་ཡངས་པ་ཡོད། དེ་བཞིན་དུ་ཁང་བཟང་དུ་སྡོད་མཁན་རྣམས་ཀྱང་ཁང་པའི་དཔེ་བཞིན་ཁོག་ཡངས་ཤིང་། བློ་རྒྱ་འབྱམས་དགོས་སོ།། ༩༠ ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་བཅས་སོ།།
ང་གཉིས།
བོད་ཁང་གི་བཀོད་པ་མ་ལུས་“ཕོ་ཁམས་མོ་ཁམས་”གཉིས་ཀྱི་བཤད་སྲོལ་ཆེན་པོ་ལས་གྲུབ་སྟེ། འདི་ནི་གནམ་ས་དང་། འོད་དཀར་ནག་དང་། གསེར་གཡུ་མེ་ཏོག་གི་ནུས་པ་གཉིས་ཆ་མཚུངས་པར་བྱེད་པའི་དོན་ཏེ། ཚིག་ཏུ་“གསེར་གཡུ་”ཞེས་འབོད། དཔེར་ན། གསེར་མཁར་གཡུ་བད། གསེར་གྱི་ཀ་རྡོ་ལ་གཡུ་ཡི་ཀ་བ། གསེར་གྱི་སྒོ་ལ་གཡུ་ཡི་གཏན་བུ། གསེར་གྱི་གདུང་མ་ལ་གཡུ་ཡི་ལྕམ་ཤིང་། གསེར་གྱི་སྒོ་ཟྭ་ལ་གཡུ་ཡི་ལྡེའུ་མིག གསེར་གྱི་ཐབ་ཀ་ལ་གཡུ་ཡི་རྫ་མ། གསེར་གྱི་ལྷ་ཁང་ལ་གཡུ་ཡི་རྒྱ་ཕིབས། གསེར་གྱི་ཁྲི་ལ་གཡུ་ཡི་གདན། གསེར་གྱི་པ་ཏྲ་ལ་གཡུ་ཡི་མེ་ཏོག གསེར་གྱི་རྩིག་པ་ལ་གཡུ་ཡི་སྐྱབས་ལ་སོགས་སོ།།
ང་གསུམ།
ནམ་རྒྱུན་རང་འཐག་གམ་“མཆིག་”ནི་བོད་ཁང་གི་ནང་སྒོའི་ཟུར་དུ་འཇོག་སྲོལ་ཡོད། དེ་ནི་རྩམ་པ་འཐག་པ་ལ་སྟབས་བདེ་བ་མ་ཟད། དོན་གྱི་ཆ་ནས་ཕྱི་ནས་ཡོང་བའི་གནོད་པ་དང་། ནང་ལ་ཡོད་པའི་འགལ་རྐྱེན་བར་ཆད་སོགས་ཞིབ་མོར་འཐག་པའི་མཚོན་དོན་དང་། གཞན་དུ་ན་“མཆིག་”སྒོ་རྩར་བཞག་པ་ནི་“ཟ་ཁ་དར་”བའི་རྟེན་འབྲེལ་ཞིག་ཀྱང་ཡིན་ནོ།། དགེའོ།། ..མུ་འགོད།
「往期回顾」
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༡༷་་་་༡༦
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༡༧་་་་༡༩
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༢༠་་་་༢༤
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༢༥་་་་༣༠
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༣༡་་་་༣༥
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༣༦་་་་༤༠
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༤༡་་་་༤༥
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༤༦་་་་༥༠
微信号|耷艺术空间
视频号|耷艺术空间