རྡོ་རྗེ་འཆང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས། སངས་རྒྱས་ཀྱི་སྐུ་རུས་རིང་བསྲེལ་རྩོད་མེད་ཡོངས་གྲགས་ཞིག་ཝ་རཱ་ནཱ་སིར་བཞུགས་པ་དེ་མཇལ་ཞིང་ཕྱག་ན་བསྣམ་པའི་པར་འདི། མཁྱེན་བརྩེ་རྡོ་རྗེ་འཆང་ཆེན་པོ་མཆོག་ཝ་རཱ་ནཱ་སི་ལ་ཐེངས་གཉིས་ཕེབས་པའི་སྐབས་གང་རུང་ཞིག་ལ་བཏབ་པ་ཞིག་རེད་འདུག
ཐེངས་དང་པོའི་སྐབས་ཡིན་ན། སྤྱི་ལོ་༡༩༥༧ བོད་༡༠ ཚེས་༡༩ ། སྤྱི་ཟླ་༡༢ ཚེས་༢༡ ལ་བཏབ་པ་ཡིན། དེ་འང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག་གི་ཉིན་ཐོ་ལ། བོད་ཟླ་༡༠ ཚེས་༡༩ དང་། སྤྱི་ཟླ་༡༢ ཚེས་༢༡ ལ། ཝ་ར་ཎ་སི་གནས་མཇལ་བསྐོར་བ་དང་། དྲང་སྲོང་ལྷུང་བའི་ཆོས་ཁྲིར་རྟེན་འབྲེལ་སྙིང་པོ་བཤད། མར་མེ་བརྒྱ་ཕྲག་༢ ཕུལ། ཙམ་ཀན་དའི་མཆོད་རྟེན་ཞེས་ལྔ་སྡེས་སྟོན་པ་ཐོག་མར་མཇལ་ས་ཡིན་སྐད་དེའང་མཇལ། གྷནྡྷ་གྷུ་ཊིའི་ལྷ་ཁང་དུ་བཞུགས་པའི་སངས་རྒྱས་ཀྱི་སྐུ་རུས་ཚན་༢ མཇལ། སྨོན་ལམ་བཏབས། ཞེས་འཁོད་ཡོད་ལ།
ཐེངས་གཉིས་པའི་སྐབས་ཡིན་ན། སྤྱི་ལོ་༡༩༥༨ བོད་༡༡།ཚེས་༢༨ དམ་སྤྱི་ཟླ་༡ ཚེས་ ༡༧ ལ་བཏབ་པ་འདྲ། དེའང་ཉིན་ཐོ་ནང་ལ། ༡༡།༢༨། སྤྱི་ལོ ༠༡།༡༧ ལ། ནམ་ལང་བི་ན་ར་སིར་མོ་ཊར་ཞུགས་ནས་བ་ར་ན་སི་ལ་མཆོད་མཇལ་དང་། སྐུ་རུས་མཇལ་ཁ་ཞུས། གཟིངས་ལ་བཏེགས། ཞེས་འཁོད་ཡོད།
Vajradhara Khyentse Chökyi Lodrö visited the universally revered Buddha's sacred relics enshrined in Varanasi, prostrated, and took the photograph seen here while holding the relics. This photo was taken during one of his two visits to Varanasi.
**First Visit:**
- **Tibetan Date:** 10th month, 19th day (corresponding to Gregorian December 21).
- **Activities:**
- Offered 200 butter lamps.
- Taught the *Pratītyasamutpāda Hṛdaya* (Essence of Dependent Arising) at the Dharma throne of Drong Song Lhungwa.
- Visited the Tsamkan Stupa, said to be where the Buddha first delivered teachings.
- Paid homage to two portions of the Buddha’s relics at the Gandhakuti Temple and made aspirational prayers.
**Second Visit (1958):**
- **Tibetan Date:** 11th month, 28th day (corresponding to Gregorian January 17).
- **Activities:**
- Traveled to Varanasi by motor vehicle.
- Paid homage, viewed the relics, and performed circumambulation rituals.
金刚总持钦哲确吉罗卓朝拜了瓦拉纳西供奉的举世公认的佛陀舍利,并拍摄了此张手持舍利的照片。此照片摄于他两次访问瓦拉纳西期间的某次行程。
**第一次访问:**
- **藏历日期:** 10月19日(公历12月21日)。
- **活动记载:**
- 供奉酥油灯200盏。
- 在仲松伦巴的法座上讲授《缘起心髓》。
- 参访赞康塔(相传为佛陀初转法轮之地)。
- 于甘达库提殿顶礼两份佛陀舍利并作祈愿。
**第二次访问(1958年):**
- **藏历日期:** 11月28日(公历1月17日)。
- **活动记载:**
- 乘汽车前往瓦拉纳西。
- 进行供礼、瞻仰舍利及绕塔仪式。