གུས་ཁ་བ་པ་རྡོ་རྗེའི་༢༠༢༥ལོའི་གཞས་གསར་༼འཇམ་མགོན་ས་སྐྱ་པཎ་ཆེན།༽ཞེས་པའི་གླུ་གཞས་འདི་རང་ཅག་བོད་མི་རྣམས་ལ་བཀའ་དྲིན་བླ་ན་མ་མཆིས་པ། གངས་ལྗོངས་བཅུ་ཕྲག་རིག་པའི་སྲོལ་འབྱེད། འཛམ་གླིང་མཁས་པའི་གཙུག་རྒྱན་འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་མཆོག་གི་དགོངས་རྫོགས་དུས་ཆེན་ལ་དམིགས་ཏེ་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་ཕུལ་བ་ལགས་ན་གསན་པ་པོ་རྣམས་ཀྱིས་ཀྱང་སྙན་གྱི་དབང་པོ་མ་གཡེང་བར་གསན་པའི་ཞོར་དུ་མགོན་པོ་གང་གི་བཀའ་དྲིན་རྗེས་སུ་དྲན་པའི་རེ་སྐུལ་སྙིང་ནས་ཞུ་བ་ལགས་སོ།།