2025ལོའི་རྐང་ཚ་རྫོང་གི་གསར་འགྱུར་ཆེན་མོ་བཅུ།

政务   2025-01-11 14:50   青海  


01


རྐང་ཚ་རྫོང་གིས“མངགས་བཅོལ་བློ་ལ་བརྟན་པོར་བཅངསཏེ་འབད་བརྩོན་ཆེན་པོས་བྱས་རྗེས་གསར་པ་འཇོགཅེས་པའི་མུ་འབྲེལ་བརྗོད་དོན་བྱེད་སྒོ་སྤེལ།

2021ལོའི་ཟླ6པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་རིགས་ས་ཁུལ་ལ་ཐུགས་ཁུར་ཟབ་མོ་དང་མཐོ་སྒང་གི་བུ་ཕྲུག་ལ་བརྩེ་བ་ཟབ་མོ་བཅངས་ནས་ཁེ་རམ་ཐང་དུ་ཕེབས་ཏེ། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་གི་མིག་སྔའི་གནས་ཚུལ་དང་སྲུང་སྐྱོང་ལས་དོན་ལ་རྒྱུས་ལོན་ཞིབ་ཕྲ་གནང་པ་མ་ཟད། འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་གཏིང་ཟབ་སྒོས་རྒྱུས་ལོན་བྱས་པ་རེད། “མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ལ་རེག་ལས་པ་དང་། འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས་ལ་རེག་ལས་ཡོད། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ལ་རེག་ལས་འདུག” “མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་ནོར་བུ”ཡིན།” “རི་སྔོ་ཆུ་དྭངས་ནི་ནམ་ཡང་མཚོ་སྔོན་གྱི་ལེགས་ཆ་རུ་བསྒྱུར་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་བུ་རབས་ཚ་རྒྱུད་དགའ་བདེའི་དཔལ་ལ་རོལ་དགོས།” མངགས་བཅོལ་ཟབ་མོ་འདིས་རྐང་ཚའི་རིགས་སོ་སོའི་བུ་ཕྲུག་རྣམས་ཀྱིས་འབད་བརྩོན་དང་བློ་སྟོབས་ཆེན་པོས་མདུན་སྐྱོད་བྱེད་པར་མཛུབ་ཁྲིད་གནང་ཡོད། ཟླ6པའི་ཚེས6ཉིན། རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱི་རུ་མངོན་པ་མ་ཟད། རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་སྙིང་སྟོབས་གསོན་ཉམས་དོད་པོས་མངོན་པར་བྱེད་ཆེད། ཀྲུང་གུང་རྐང་ཚ་རྫོང་ཨུ་དང་རྐང་ཚ་རྫོང་མི་དམངས་སྲིད་གཞུང་གིས“མངགས་བཅོལ་བློ་ལ་བརྟན་པོར་བཅངས་ཏེ་འབད་བརྩོན་ཆེན་པོས་བྱས་རྗེས་གསར་པ་འཇོག”ཅེས་པའི་མུ་འབྲེལ་བརྗོད་དོན་བྱེད་སྒོ་སྤེལ། བྱེད་སྒོའི་རྣམ་པ་རྒྱ་ཆེ་ཞིང་བརྗོད་གཞི་གཏིང་ཟབ་པ་རེད།  “གཙོ་འཛིན་གྱི་བརྩེ་སེམས་དང་འབད་བརྩོན་སྐུལ་སློང”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་དང་ཚོགས་པ། རུ་ཁག་བཅས་ཀྱི་ཉིན་མོའི་བྱེད་སྒོ་དེས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པ་དང་རྗེས་འཛིན་པ་སྣེ་ཁྲིད་བྱས་ཏེ་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཐོག་མའི་སེམས་འདུན་རྟག་ཏུ་རྒྱུན་འཁྱོངས་བྱ་རྒྱུ། “མེས་རྒྱལ་བཟང་། ཕ་ཡུལ་མཛེས”ཞེས་པའི་བརྗོད་བྱ་གཙོ་བོའི་སྒྲོག་འགྲེལ་མཁན་གྱི“སྐད་སྒྲ”མི་སེམས་དུ་བསྐྱལ་ཏེ། མི་སེམས་འགུལ་བའི་བྱས་རྗེས་རེ་རེའི“བློ་སེམས་བརྟན་པོའི་མངགས་བཅོལ་གྱིས་འབད་པའི་སྟོབས་ཤུགས་གཅིག་ཏུ་བསྡུ”ཞེས་པའི་ཆེད་དོན་སློབ་སྦྱོང་བགྲོ་གླེང་ཚོགས་འདུའི་ནང་ལོ་གསུམ་རིང་འབད་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་ཕྱི་མིག་འཕངས་ནས་འབྱུང་འགྱུར་ལ་རྒྱང་ལྟ་བྱས།

02


 2024ལོའི་གསེར་་ཚང་ལ་ལོག་པའི་དུས་སུ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་དྲིལ་སྒྲོག་བྱ་བ་བདེ་བླག་ངང་སྤེལ།

ཟླ6པའི་ཚེས23ཉིན་ནས་ཚེས25ཉིན་བར་གསེར་ཉ་ཚང་ལ་ལོག་པའི་དུས་སུ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་དྲིལ་སྒྲོག་བྱ་བ་བདེ་བླག་ངང་མཇུག་སྒྲིལ། ཐེངས་འདིའི་སྒྲོག་གཏོང་ལྟར་ན། “5G+4K/8K+AI”དང་། ཆུ་ནང་གི་བརྙན་ཕབ་དང་ཆུ་འོག་གི་སྒྲ་ལེན། ARརྟོག་བཟོའི་འཕྲུལ་རྩལ་སོགས་བརྙན་རིས་སྒྱུ་རྩལ་གྱི་ལག་རྩལ་སྤྱད་ཅིང་ཆེས་ཐོག་མའི་བརྟག་ཞིབ་བརྒྱུད་དེ་མཚོ་སྔོན་པོའི་སྐྱེ་ཁམས་དང་སྐྱེ་དངོས་སྣ་མང་སྒྲོག་གཏོང་བྱས་ཏེ། མཚོ་སྔོན་པོར་གྲུ་ཐོག་ནས་ཐད་གཏོང་ཐེངས་དང་པོ་བྱས། ལྷག་པར་དུ་བརྙན་ལེན་འཕྲུལ་ཆས་རིགས་སྣ་མང་སྤྱད་པ་དང་རི་སྒང་གི་བརྙན་ཕབ་རྒྱང་འཛིན8Kསྤྱད་ནས་མཚོ་སྔོན་པོའི་མཚེར་བ་རིར་འཕུར་ཐེངས་དང་པོ་སྤྱད་དེ།  ཉ་གཟིགས་དང་དགོ་དམར་གྱི་བརྙན་ཕབ་ལས། གསེར་ཉ་ཚང་ལ་ལོག་པའི་གསང་བ་དང་མཚོ་སྔོན་པོའི་སྐྱེ་ཁམས་ཀྱི་མཛེས་ཉམས་ཕྱི་རུ་མངོན་ཡོད། ཀྲུང་དབྱང་གསར་འགྱུར་འཕྲིན་ལམCCTV13གྱི་ཆུ་ཚོད13ཐོག་ཐད་གཏོང་གནས་ཚུལ་སྒྲོག་གཏོང་དང་། ཀྲུང་དབྱང་སྤྱི་ཁྱབ་བརྙན་འཕྲིན་ལས་ཁུངསCCTVགསར་འགྱུར་དང་། CGTN(ཀྲུང་གོའི་རྒྱལ་སྤྱིའི་བརྙན་འཕྲིན་ཁང་།) CCTV4(རྒྱ་ཡིག་རྒྱལ་སྤྱིའི་འཕྲིན་ལམ།) CCTV2(ནོར་སྲིད་འཕྲིན་ལམ།) ཀྲུང་གོའི་ཕོ་ཉ(རླུང་འཕྲིན)སོགས་སྟེགས་བུའི་ཐོག་དུས་མཉམ་དུ་སྒྲོག་གཏོང་བྱས་ཏེ་རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་དུས་མཉམ་ཁྱབ་སྤེལ་མངོན་འགྱུར་བྱུང་བ་དང་། ཁྱོན་ཡོངས་ནས་མཚོ་སྔོན་པོའི་གསེར་ཉ་དང་དམིགས་བསལ་གྱི་རྩ་ཆེན་རི་སྐྱེས་སྲོག་ཆགས་དགོ་དམར་གྱི་སྲུང་སྐྱོབ་གྲུབ་འབྲས་སྒྲོག་འགྲེལ་བྱས་ཏེ། “ཉ། བྱ། ཆུའི”སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་མངོན་ཡོད། ཐེངས་འདིའི་སྒྲོག་གཏོང་མ་ཡིག78སྤེལ་བ་དང་། དེའི་ནང་དུ་བརྙན་འཕྲིན་འཕྲིན་ལམཀྲུང་དབྱང་བརྙན་འཕྲིན་དྲ་བ34ཐད་གཏོང་10དང་། རླུང་འཕྲིན6སྨྱན་སྦྱོར་གསར་པའིཀྲུང་དབྱང་གསར་འགྱུར་དྲ་བ།CGTNམ་ཡིག་38ཐད་གཏོང་4དང་CGTN 1བཅས་སྒྲོག་གཏོང་ལེགས་འགྲུབ་བྱས་པ་རེད། དྲ་རྒྱའི་སྟེགས་བུ་ཁག་གི་ཀློག་གྲངས་ཁྱོན་ཁྲི་1517རེད། མུ་འབྲེལ་སྒྲོག་གཏོང་གིས་རྒྱལ་ཡོངས་ཀྱི་དོ་ཁུར་དམིགས་ཚད་རྐང་ཚར་ཕྱོགས་ཏེ། དྲ་ལམ་ཡོངས་ཀྱི་ཚ་གནད་དང་དོ་ཁུར་གྱི་དམིགས་ས་རུ་གྱུར་པ་དང་དྲིལ་སྒྲོག་གི་ཐད་དུ་གྲུབ་འབྲས་བླ་ལྷག་བླངས། “མཚོ་སྔོན་ཤེས་རྟོག་བྱུང་བ་དང་། མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་རྒྱས་ཡོང་བ་བཅས་ཀྱི་སྒུལ་ཤུགས་སུ་གྱུར་འདུག

03


 “སྨྱན་སྦྱོར་”དང་མཇལ་འཛོམས་བྱས་ཏེ་རྐང་ཚ་གླེང་། སྐབས་གཉིས་པའི་མཚོ་སྔོན་པོ་རྒྱལ་ཡོངས་སྒེར་གྱི་སྨྱན་སྦྱོར་གསར་རྩོམ་གྱི་བརྗེ་རེས་ཚོགས་འདུ་དང་རབ་མཛེས་མཚོ་སྔོན་དང་བོད་མཁར་རྐང་ཚ་ཞེས་པའི་བྱེད་སྒོ་སྤེལ།

ཟླ7པའི་ཚེས10ཉིན་ནས་ཚེས12ཉིན་བར། སྐབས་གཉིས་པའི་མཚོ་སྔོན་པོ་རྒྱལ་ཡོངས་སྒེར་གྱི་སྨྱན་སྦྱོར་གསར་རྩོམ་གྱི་བརྗེ་རེས་ཚོགས་འདུ་དང“མཛེས་སྡུག་གི་མཚོ་སྔོན། བོད་མཁར་རྐང་ཚར་བསྐྱོད”ཅེས་པའི་བྱེད་སྒོ་རྐང་ཚ་རུ་འཚོགས། ཚོགས་ཆེན་ཐོག་མེང་ཡུང་ཁྲའོ་དང་། ཚའོ་དབྱང་། ལིའུ་ཅ་ཀྲུང་། ལི་ལན་ཡོན། མེན་ཡོའུ། རིག་ལོ་རྒྱལ་སོགས་པེ་ཅིང་དང་ཀྲེ་ཅང་། ཧྲན་ཏུང་། ཅང་ཞི། ཧོ་ནན། ནང་སོག ལའོ་ནེན། ཧྲའན་ཞི། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་དང་གྲོང་ཁྱེར10ཡི་ཕུལ་བྱུང་སྨྱན་སྦྱོར་གསར་རྩོམ་མཁན60ལྷག་ཙམ་བྱེད་སྒོར་གདན་འདྲེན་ཞུས་པ་རེད། གཞན་མི་དམངས་དྲ་བ་དང་ཀྲུང་གོ་དྲ་བ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ནུབ་མཚོ་ཚགས་པར། མདོ་ལ་རི་བོའི་ཚགས་པར་སོགས་ཞིང་ཆེན་དང་ཁུལ་གྱི་གཙོ་རྒྱུན་སྨྱན་སྦྱོར་གདན་འདྲེན་ཞུས་ནས་དྲིལ་སྒྲོག་དང་སྒྲོག་གཏོང་ལས་དོན་ལ་གཞོགས་འདེགས་བཟང་བོ་བྱས། སྐད་ཡིག་སྣ་མང་གིས་སྨྱན་སྦྱོར་སྟེགས་བུ་བརྒྱུད་དེ་རྐང་ཚའི་སྣང་བརྙན་གསར་སྐྲུན་དང་དྲིལ་སྒྲོག་ལ་ནུས་ཤུགས་ཆེན་མོ་བསྐྲུན། ཐེངས་འདིའི་བྱེད་སྒོ་ལས་ཁྱབ་སྒྲོག་དང་དྲིལ་སྒྲོག་གི་ནུས་པ་ཆེན་མོ་ཐོབ་པ་དང་། རིག་གནས་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་སྐུལ་སློང་སྒོས་སྒེར་གྱི་སྨྱན་སྦྱོར་གསར་རྩོམ་མི་སྣ་གདན་འདྲེན་ཞུས་ནས་རྐང་ཚའི་སྐྱེ་ཁམས་དང་མི་ཆོས་ཀྱི་མཛེས་པ། འཕོ་འགྱུར་གྱི་རྣམ་པ་བཅས་མངོན་གསལ་དོད་པོ་བྱས། ཁྱད་པར་ཅན་དུ“རི་ཆུའི་འགོ་ཁུངས་དང་རབ་མཛེས་མཚོ་སྔོན་”ཞེས་པའི་རིག་གནས་མཚོན་རྟགས་གསར་གཏོད་དང་། “མཚོ་བྱང་གི་གཏམ་རྒྱུད་ངས་བཤད”ཅེས་པའི་བརྗོད་བྱ་གཙོ་བོའི་དྲིལ་བསྒྲགས་ཚོང་རྟགས་དར་སྤེལ་བཏང་བ་དང་། “ཉ་དང་བྱ་ཡི་ཞིང་ཁམས”ཀྱི་མཚན་སྙན་དང་ཤུགས་རྐྱེན་ཐེབས་ཚད་ཆེ་རུ་བཏང་སྟེ། རང་རྫོང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་གྲོང་གསེབ་དར་རྒྱས་གཏོང་བ། མི་རིགས་མཐུན་སྒྲིལ། དམངས་ཚིས་བདེ་སྐྱིད་མཐོར་འདེགས་གཏོང་བ། དྲ་ལམ་སྤྱོད་བཟང་དཔལ་ཡོན་བདེ་ཐང་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་དམིགས་ས་མཚོ་སྔོན་པོའི་ས་ཁུལ་འཛུགས་སྐྲུན་སོགས་ཀྱི་གཙོ་གནད་ལས་དོན་ལ་རྒྱུན་མཐུད་ངང་ནུས་པ་བཏོན་འདུག  སྤྱི་ཚོགས་ལས་རིགས་ཁག་དང་དེ་བཞིན་སྨྱན་སྦྱོརདྲ་ལམམི་སྣས“མཚོ་སྔོན་ཤེས་རྟོག་བྱུང་བ་དང་། མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་རྒྱས་ཡོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་འདུས་སུ་བཅུག་ཡོད། བྱེད་སྒོའི་སྐབས་གསར་རྩོམ་བརྩམས་ཆོས་ཁྱོན་བསྡོམས445དང་། སྒེར་གྱི་སྨྱན་སྦྱོར་སྟེགས་བུ་ཆེ་གྲས་ཁག་གི་ཀློག་གྲངས་བསྡོམས་འབོར་ཁྲི6100ལས་བརྒལ་བ། དྲ་གྲོགས་ཀྱི་མཆན་འགོད11200ལྷག་ཙམ་ཐོབ་པ། མཉམ་འགུལ་བྱེད་ཚད་མི་ཐེངས་ཁྲི་3.3ཟིན་ཡོད་པ་རེད།

04

 2024ལོའི་ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་སྐྱེན་པོའི་མདའ་རྩལ་འགྲན་སྡུར་སྐབས་དགུ་བ་བོད་མཁར་རྐང་ཚར་གཟབ་རྒྱས་ངང་འཚོགས།

ཟླ7ཚེས20ཉིན། ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་སྐྱེན་པོའི་མདའ་རྩལ་འགྲན་སྡུར་སྐབས་དགུ་བ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་འཚོགས། འགྲན་སྡུར་ཁྲོད་དུ་གོ་ལ་ཧྲིལ་པོའི་རྒྱལ་ཁབ22དང་ས་ཁུལ་གྱི་མདའ་རྩལ་པ1100ལྷག་ཙམ་ཞུགས་ཡོད། དུས་ཡུན་ཉིན་གསུམ་གྱི་ནང་དུ། དེང་རབས་སྲོལ་རྒྱུན་གྱི་མདའ་གཞུ། མདའ་གཞུ་རྭ་འཁྱོག་མ། རྭ་གཞུ་སོགས་རྣམ་གྲངས་ལྔ་ཡི་ཚོགས་སྤྱིའི་འགྲན་སྡུར་བྱས། ཐེངས་འདིའི་འགྲན་སྡུར་ཁྲོད་དུ་དུས་རབས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས། ས་གནས་ཀྱི་ཁྱད་ཆོས་བཅས་གཅིག་སྡུད་ཐོག་རྣམ་པར་མངོན་པ་དང་། འདི་ལས་གཡང་མོ་མདའ་ཡི་ལོ་རྒྱུས་རིག་གནས་དང་མི་རིགས་ཀྱི་སྲོལ་རྒྱུན། མདའ་འཕེན་ལག་རྩལ་བཅས་རྒྱུན་འཛིན་བྱེད་པ་དམིགས་སུ་བཟུང་སྟེ། ཚང་མས་ས་ཁོངས་དང་མི་རིགས། རིགས་རྒྱུད་བཅས་ཀྱི་དབྱེ་བ་གང་ཡང་མེད་པར་འགྲན་ར་གཅིག་ཏུ་མདའ་རྩལ་ངོམ་བཞིན་བསམ་བློ་བརྗེ་རེས་བྱས། མི་རིགས་ཀྱི་སྲོལ་རྒྱུན་སྐྱེན་པོའི་མདའ་རྩལ་དང་མི་རིགས་ལུས་རྩལ་དགོངས་དོན་ཟུང་འབྲེལ་དམ་ཟབ་ལ་སྐུལ་འདེད་བཏང་པ་དང་། མི་རིགས་ཁག་གི་བརྗེ་རེས་གཏིང་ཟབ་ཏུ་ཕྱིན་པ། མི་རིགས་ཕན་ཚུན་རོགས་རམ་བྱེད་པའི་སྟོབས་ཤུགས་ལ་སྐུལ་འདེད་བཏང་བ། ཀྲུང་ཧྭའི་མི་རིགས་ཁག་གི་བུ་ཕྲུག་དང་འཛམ་གླིང་གི་མི་རིགས་ཁག་དབར་བསམ་བློ་བརྗེ་རེས་ཀྱི་གླེང་སྟེགས་བསྐྲུན་ཏེ། རྐང་ཚའི་ཡུལ་གྲུ་འཛམ་གླིང་ཧྲིལ་པོས་མཐོང་བ་དང་གནམ་མཆོག་རྐང་ཚས་ཕྱོགས་ཀྱི་མི་རྣམས་མགྲོན་དུ་བསུ་བ་བརྗོད་དོན་དུ་བཟུང་ཡོད།

05


  རྐང་ཚའི་ཐད་གཉེར་ཚོང་ཁང་གིས་ཕྱུག་འགྱུར་གྱི་ལམ་བུ་གསར་པ་སྐྲུན། རྐང་ཚ་རྫོང་གིསརྐང་ཚའིམངའ་ཁོངས་ཀྱི་ཤ་ཕྱིར་འཚོང(ཐད་ཚོང་ས་ཚིགས)བཙུགས་པའི་ཁ་གསབ་དང་བྱ་དགའ་སྤྲོད་ཐབས(ཚོད་ལྟ)བཏོན། 


རང་རྫོང་གིས་མཚོ་སྔོན་པོའི་ནོར་ཤ་དང་ལུག་ཤའི་ཐོན་ལས་ཚོང་རྟགས་ཅན་གྱི་ལས་གཉེར་ནུས་ཤུགས་ནན་ཏིག་གིས་སྐུལ་ལྕག་གཏོང་བ་དང་། མཚོ་སྔོན་པོའི་ནོར་ཤ་དང་ལུག་ཤའི་སྤུས་ཚད་ལ་སྔར་བས་སྐུལ་ལྕག་གཏོང་ཆེད།རྐང་ཚ་རྫོང་གིས་རྫོང་ཡོངས་སུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་གོ་སྐབས་གཏན་འཁེལ་བྱས། རྐང་ཚ་རྫོང་གིས་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བྱས་ནས་ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞིའི2023ལོ་ནས་2025ལོའི་བར)》དགོངས་དོན་ལྟར་དུ། ཞིང་ཕྱུགས་ལས་ལེགས་བསྡུས་ཅན་དང་ཐོན་ལས་ཅན། སྐྱེ་ཁམས་ཅན། རིག་སྟོབས་ཅན། ཚོང་རྟགས་ཅན་བཅས་ཀྱི་འཕེལ་རྒྱས་ཁ་ཕྱོགས་ལ་གཞི་བཙུགས་ཏེ། ཞིང་ཕྱུགས་ལས་ཕྱོགས་བསྡུས་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ཚོང་རྟགས་ལྡན་པའི་ཞིང་ལས་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས། རྐང་ཚ་རྫོང་གིས་རྫོང་མངའ་ཁོངས་སུ་ནོར་ཤ་དང་ལུག་ཤའི་ཐད་འཚོང་ཁང་ལས་གཉེར་ཁང་(ཐད་འཚོང་ཁང་)བཙུགས་པའི་ཁ་གསབ་དང་བྱ་དགའ་སྤྲོད་ཐབས(ཚོད་ལྟ)བཏོན།གཤམ་དུ་བསྡུས་མིང་ལབྱ་དགའ་སྤྲོད་ཐབས》)ཁེ་ལས་དང་མཉམ་ལས་ཁང་གི་རོགས་སྐྱོར་སྙོམས་སྒྲིག་བྱེད་པར་ཤུགས་བཏོན་ཏེ། ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱེད་པ། ནོར་ཤ་དང་ལུག་ཤ་ཕྱིར་འཚོང་ཐབས་ལམ་རྒྱ་སྐྱེད་བཏང་སྟེ། རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི་རྐང་ཚའི་སྤུས་ལེགས་ཀྱི་ནོར་ཤ་ལུག་ཤའི་ཚོང་རྫས་གསར་སྐྲུན་བྱས་པ། རོང་འབྲོག་ལས་དེང་རབས་ཅན་གྱི་སྒྱུར་བཀོད་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་རོགས་འདེགས་བྱས། བྱ་དགའ་སྤྲོད་ཐབསཀྱི་ཁ་གསབ་དང་བྱ་དགའ་སྤྲོད་ཡུལ་དང་།ཁ་གསབ་དང་བྱ་དགའ་སྤྲོད་པའི་ཚད་གཞི། ཐད་གཉེར་ཚོང་ཁངཐད་འཚོང་ཁངའཛུགས་སྐྲུན་ཚད་གཞི། རེ་ཞུའི་གོ་རིམ་ཞིབ་ཕྲའི་ངང་རྒྱས་བཤད་དང་གསལ་བཤད་བྱས་ཏེ་ཁ་གསབ་དང་བྱ་དགའ་སྤྲོད་རྒྱུའི་ཆ་རྐྱེན་སྔར་བས་ཁ་གསལ་དོན་ཐོག་ཏུ་འཁྱོར་བར་ཁག་ཐེག་བཟང་བོ་བྱས་ཡོད། 

06


  ཐཱན་ནུས་གྲོན་ཆུང་། རྐང་ཚ་སྔོན་སྤྱོད། 

རྒྱལ་ཁབ་ནུས་ཁུངས་མཚོ་བྱང་རྐང་ཚའི་ཝ་ཁྲི120ཡི་“གློག་ཁུངས་གསོག་འཇོག”གཞི་གཅིག་ཅན་གྱི་རྣམ་གྲངས་ལག་བསྟར་སྒོས། ཟླ་བ་དགུའི་རིང་དཀའ་སྤྱད་སྡུག་རུས་ཀྱིས་འཛུགས་སྐྲུན་བྱས་པ་བརྒྱུད། དུས་ཐེངས་དང་པོའི་ཝ་ཁྲི30འོད་ཤུགས་རྣམ་གྲངས་ཀྱི་སྔོན་ལ་ཝ་ཁྲི5ཡི་རྨང་གཞིའི་ཐོག་བདེ་བླག་ངང་གློག་གཏོང་ཝ་ཁྲི25ལྷག་གློག་དྲ་ཕྱིར་བཏང་བྱས། རྒྱལ་ཁབ་དྲ་བའི་བཀོད་གཏོང་གིས“ཝ་ཁྲི110ཞིན་ཁྲེན་འོད་ཤུགས་གློག་ཁང་”ཞེས་མིང་བཏགས་པས། ན་ནིང་གི་ནུས་རྒྱུ་གསར་པའི་རྣམ་གྲངས་འཛུགས་སྐྲུན་རྒྱལ་ཁའི་ངང་མཇུག་སྒྲིལ་བ་རེད། ཝ་ཁྲི25ཡི་རྣམ་གྲངས་དྲ་སྦྲེལ་བྱས་རྗེས། ལོ་རེའི་ཆ་སྙོམས་གློག་ཚད་ཆུ་ཚོད་སྟོང་ཝ་དུང་ཕྱུར5.1ཙམ་ཡིན་པ་དང་། སྔོན་དཔག་བྱས་པ་ལྟར་ན་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1.16མངོན་འགྱུར་བྱས། མེ་དང་གློག་གི་ཚད་གཞིའི་རྡོ་སོལ་ཟད་གྲོན་ལོ་རེ་ལྟར་ན་རྡོ་སོལ་ཏུན་ཁྲི15.44གྲོན་ཆུང་ཐུབ་པ་དང་། དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི42.55ཙམ་ཇེ་ཉུང་དུ་བཏང་པ། དུ་རྡུལ་ཕྱིར་འབུད་གཏོང་ཚད་ཏུན་ཁྲི16.37ཙམ་ཇེ་ཉུང་དུ་བཏང་འདུག

07


 དཀོན་ལོ་གོང་མ་སྡེ་བར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཐུན་མོང་གི་མཚན་སྙན་ཐོབ

2024ལོའི་ཟླ8པའི་ཚེས30ཉིན། ཏང་དང་རྒྱལ་ཁབ་ཀྱི་མཛད་རྗེས་གཟི་བརྗིད་གཟེངས་བསྟོད་ལས་དོན་ཨུ་ལྷན་གཞུང་ལས་ཁང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཐུན་མོང་དང་དཔེ་བཟང་མི་སྒེར་གྱི་གཟེངས་བསྟོད་བྱ་ཡུལ་སྐོར་གྱི་སྤྱི་བསྒྲགས་ཁྱབ་བསྒྲགས་ལས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཐུན་མོང353དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར370ཡི་གཟེངས་བསྟོད་བྱ་ཡུལ་གཏན་འཁེལ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཐུན་མོང་དུ་བདམས་ཐོན་བྱུང་ཡོད། ཟླ9བའི་ཚེས27ཉིན་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་།དཀོན་ལོ་གོང་མ་སྡེ་བའི་ཏང་ཀྲུ་པུའུ་ཧྲུའུ་ཅིའམ། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བསོད་ནམས་ཚེ་བརྟན་རྒྱལ་ཡོངས་ས་གནས་ཁག་གི་དཔེ་བཟང་སྡེ་ཚོགས་དང་མི་སྒེར་གྱི་གཟེངས་བསྟོད་ཚོགས་ཆེན་དུ་ཞུགས་པ་དང་འབྲེལ་དཀོན་ལོ་གོང་མ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཐུན་མོང་གི་གཟི་བརྗིད་དཔང་ཡིག་དང་གཟི་བརྗིད་རྟགས་མ་བླངས་པ་རེད།

08


  རྐང་ཚའི་བོད་ལུག་ཤ་ཁོག་ཁྲི18པེ་ཅིང་དུ་བརྫངས

ལེའོ་ཁྲེང་གྲོང་ཁྱེར་གྱི་མཚོ་སྔོན་རོགས་སྐྱོར་ལས་བྱེད་དོ་དམ་ཅུའུ་དང་རྐང་ཚ་རྫོང་མི་དམངས་སྲིད་གཞུང་གི་མཐུན་སྦྱོར་འོག རྐང་ཚ་རྫོང་ཆིན་ཧུའུ་ཞིང་ཕྱུགས་མ་འཇོག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དང་པེ་ཅིང་ཐེན་ཡིའུ་ཧྲེང་ཞིན་ཚོང་དོན་ཚད་ཡོད་སྤྱི་གཉེར་ཁང་གཉིས་ཀྱིས་བོད་ལུག་ཁྲི18ཉོ་སྒྲུབ་ཀྱི་གན་རྒྱ་བཞག ཚོང་ཟོག་མངག་ཐོའི་རིན་གོང་སྒོར་དུང་ཕྱུར1.6སླེབས། ཟླ10བའི་ཚེས23ཉིན། ཚོང་ཟོག་མངག་ཐོའི་བོད་ལུག་ཁག་དང་པོ་པེ་ཅིང་དུ་བརྫངས་ནས་རྫོང་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་སྔར་བས་ཇེ་མགྱོགས་སུ་ཕྱིན་པ་རེད།

09


  2024ལོའི་མཚོ་སྔོན་རྐང་ཚའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་དགུན་དུས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་བདེ་ལེགས་ངང་མཇུག་སྒྲིལ།

ཟླ11པའི་ཚེས10ཉིན། 2024ལོའི་མཚོ་སྔོན་རྐང་ཚའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་དགུན་དུས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་སྤོས་ལྡན་གྲོང་ཁྱེར་དུ་བདེ་ལེགས་ངང་མགོ་བརྩམས། ཐེངས་འདིའི་འོས་སྦྱོར་ཚོགས་འདུའི་དུས་ཡུན་ཉིན་གསུམ་དང་སི་ཁྲོན་ཞིང་ཆེན་སྤོས་ལྡན་གྲོང་ཁྱེར་དང་། ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར། ཧྲན་ཏུང་ཞིང་ཆེན་ལེའོ་ཁྲེང་གྲོང་ཁྱེར། ཧོ་པེ་ཞིང་ཆེན་ལང་ཧྥང་གྲོང་ཁྱེར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དང་རྐང་ཚ་རྫོང་ཁེ་རམ་ཐང་བཅས་སུ་ཚོགས་ར་བཙུགས་པ་རེད། དེའི་རིང་“ཐོན་རྫས་འགྲེམས་སྟོན+ཚོང་ཟོག་འགྲེམ་ཚོང+ཉོ་ཚོང་སྤེལ་རེས+ཐོན་ཁུངས་ངོ་སྤྲོད+དྲ་ཐོག་ཐད་གཏོང+གླུ་གར་མགྱོགས་འཕྲིན”སོགས་ཀྱི་རྣམ་པ་བརྒྱུད་ཞིང་ཆེན་ཕྱི་ནང་གི་ལས་རིགས་ཁག་ལ་རྐང་ཚའི་ཁྱད་ཆོས་ལྡན་པའི་ཐོན་རྫས་དང་མཛེས་ལྗོངས་འགྲེམ་སྟོན་བྱས་པ་མ་ཟད། ཞིང་ཕྱུགས་ཐོན་རྫས་དང་། རིག་གནས་གསར་གཏོད་ཐོན་རྫས། གཟུགས་འདས་ཤུལ་བཞག་ཐོན་རྫས། ཁྱད་ཆོས་ལྡན་པའི་ཟས་རིགས་སོགས་ཐོན་རྫས་རིགས260ལྷག་འགྲེམ་སྟོན་དང་ཕྱིར་འཚོང་བྱས་ཏེ། བྲིན་ཚོང་ཡོང་འབབ་བསྡོམས་འབོར་སྒོར་ཁྲི482.13ཟིན་པ་དང་། ནོར་ཤ་དང་ལུག་ཤ ལས་སྣོན་ཐོན་རྫས། འོ་མའི་ཐོན་རྫས། བསྙལ་བཟོའི་ཐོན་རྫས་སོགས་ཏུན་40.65ཕྱིར་འཚོང་བྱས་པ་དང་། དྲ་ལམ་དང་ཐད་གཏོང་བརྒྱུད་དེ་མི་ཐེངས་ཁྲི30ལས་བརྒལ་བ་དང་། ཆིན་ཧུའུ་ཞིང་ལས་མ་འཇོག་དང་པེ་ཅིང་ཐེན་ཡིའུ་ཧྲེང་ཞིན་ཚོང་དོན་ཚད་ཡོད་སྤྱི་གཉེར་ཁང་གཉིས་ཀྱིས་བསྡོམས་འབོར་སྒོར་ཁྲི2700ལྷག་གི་ནོར་ཤ་དང་ལུག་ཤ་ཕྱིར་འཚོང་གི་གྲོས་མཐུན་གན་རྒྱ་བཞག་ལ། སི་ཁྲོན་ཞིང་ཆེན་མེ་ཁོག་ཟས་རིགས་མཁོ་སྦྲེལ་འཕེལ་རྒྱས་སྐུལ་སློང་ཚོགས་འདུའི་སྟེང་། སི་ཁྲོན་ལན་ཧན་ཟས་རིགས་ཚད་ཡོད་སྤྱི་གཉེར་ཁང་བཅས་ལ་གྲོས་མཐུན་གན་རྒྱ་ཁག3བཞག་པ་དང་། ཞན་ཧུའུ་ཡུལ་སྐོར་མ་འཇོག་དང་ཁྲེང་ཏུའུ་ཅན་མེ་རྒྱལ་སྤྱིའི་ཡུལ་སྐོར། བདེ་གཡང་ཤར་ཕྱོགས་ཡུལ་སྐོར་སོགས་སྤྱི་གཉེར་ཁང12ལྷག་ལ་དགོ་དམར་ཚན་རྩལ་ཁྱབ་གདལ་རྟེན་གཞི་དང་གསེར་ཉའི་གཞིས་ཁྱིམ། ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ་སོགས་མཉམ་འབྲེལ་གྲོས་མཐུན་བཞག་སྟེ། ཐེངས་རྗེས་མར་རྐང་ཚའི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་རྒྱ་སྐྱེད་དང་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་དུ་གཏོང་བར་རྨང་གཞི་བཟང་པོ་བཏིང་པ་རེད།

10


 རྐང་ཚ་རྫོང་གི་2024ལོའི“ཁུ་ནུར་འཛེག ནུབ་མཚོར་ལྟ”ཞེས་པའིདགུན་དུས་ཡུལ་སྐོར་བྱེད་སྒོ་སྤེལ།

ཟླ12པའི་ཚེས6ཉིན། རྐང་ཚ་རྫོང་གིས“ཁུ་ནུར་འཛེག ནུབ་མཚོར་ལྟ”ཞེས་པའི་དགུན་དུས་ཡུལ་སྐོར་བྱེད་སྒོ་དཔལ་དགེ་གྲོང་རྡལ་ཞལ་དཀར་རི་བོའི་ཁུ་ནུ་ལྷ་ཁང་ཐང་ཆེན་དུ་འཚོགས། རིག་རྩལ་འཁྲབ་སྟོན་གྱིས་བྱེད་སྒོའི་ཡོལ་བ་ཕྱེས་ཏེ། རྒྱ་ཆེའི་སྐུ་མགྲོན་ཚོས་རྐང་ཚའི་དགུན་དུས་ཀྱི་མཛེས་པ་དང་ཁྱད་ཆོས་ལྡན་པའི་རང་བྱུང་ཁམས་ཀྱི་མཛེས་པ་མྱོང་ཚོར་བྱས། རི་འཛེག་འགྲན་སྡུར་ནང་ཆེད་ལས་ལུས་རྩལ་པ་དང་ལས་ཞོར་ལུས་རྩལ་པས་གོམ་པའི་འདེགས་འཇོག་ཁྲོད་དུ་ཁུ་ནུ་རི་བོའི་བརྗིད་ཉམས་ལ་རོལ་མྱོང་དང་། ཀྲུང་ཧྭའི་རི་བོའི་འབྱུང་ཁུངས་འཚོལ་ཞིབ་བྱས། “རི་ཆུའི་འགོ་ཁུངས། རབ་མཛེས་མཚོ་སྔོན་”གྱི་མཛེས་ལྗོངས་ཚད་མེད་མྱོང་རོལ་དང་། རྟ་མཆོག་གི་འཚེར་སྐད་དང་རྨིག་སྒྲས་རི་འཛེག་འགྲན་སྡུར་སྣ་དྲངས་ཤིང་འགྲན་རིམ་སྟེང་། སྦྲ་གུར་གྱི་འགྲན་སྡུར་དང་ཐག་འཐེན་འགྲན་སྡུར། གླང་ཆེན་ས་གཤགས། ས་འགྱོག་འགྲན་སྡུར།  སྐོར་བྲོ་འགྲན་སྡུར། བོད་ཟས་གཡོ་སྐོལ་འགྲན་སྡུར་སོགས་ཀྱིས་བོད་མཁར་རྐང་ཚའི་ཐུན་མིན་ཁྱད་ཆོས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་པར་མ་ཟད། བོད་ཟས་མྱོང་རོལ་གྱི་གསོལ་སྟོན་ཆེན་པོ་ཞིག་བཤམས་པ་རེདདེ་མིན་ཡུལ་དངོས་སུ་རིག་གནས་ཚོང་ཁྲོམ་གསར་དུ་བཙུགས་ཏེ། ས་གནས་ཐོན་རྫས་ཀྱིས་ཡུལ་སྐོར་བའི་ཡིད་དབང་བཀུགས་ལ། རྐང་ཚའི་རིག་གནས་དང་ཞིང་ཕྱུགས་ཐོན་ལས་ཀྱི་ཁྱད་ཆོས འཕེལ་རྒྱས་ཀྱི་གྲུབ་འབྲས་གང་ལེགས་ཅིག་ཅར་དུ་མངོན་པར་བྱས། “རི་བོ་ལ་དམ་བཅའ་དང་ཁུ་ནུར་ལ་དགའ་ཞེན་བྱེད་པའི”བརྗོད་དོན་བྱེད་སྒོ་ལས། ཁུ་ནུ་རི་བོར་འཆར་ཡན་གྱི་བཀྲག་མདངས་ཤིག་བསྣན།


ཡོང་ཁུངས། རྐང་ཚ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས། 

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/冷公加

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章