མདོ་ལ་རྫོང་གིས་དཔལ་འབྱོར་འཕེལ་རྒྱས་གསར་བར་སྐུལ་འདེད་གཏོང་དགོས།

政务   2025-01-22 17:22   青海  

མདོ་ལ་རྫོང་གིས་དམིགས་འབེན་ལ་དམ་པོར་དམིགས་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གསར་བར་སྐུལ་འདེད་གཏོང་དགོས།

ཟླ1པོའི་ཚེས19ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་མགོ་བརྩམས་ཤིང་། ཧྲིན་ཀྲང་ཚབ་མ་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། ཐེངས་འདིའི་ཚོགས་འདུར་ཞུགས་པའི་མཚོ་བྱང་གི་འཐུས་མི་རྣམས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ནས་དངོས་སྒྲུབ་ལག་བསྟར་དང་གསར་གཏོད་ཡར་རྒྱས་ཀྱི་འབད་བརྩོན་གྱི་སྟོབས་ཤུགས་ཚོར་བྱུང་།

ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའམ་མཚོ་བྱང་ཁུལ་མདོ་ལ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཚབ་མ་དམེ་རྒྱལ་མཚན་གྱིས་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ཕྱོགས་བསྡོམས་བྱ་བར་དངོས་ཡོད་དང་ཞིབ་ཕྲ་མངོན་གསལ་དོད་ཅིང་། གནད་དོན་རྒྱས་བཤད་བྱས་པ་ཞིབ་གཙང་དང་ཡང་དག་ཡིན་པ། འཆར་འགོད་ཀྱི་བསམ་ཕྱོགས་ནི་ཕུགས་རིང་བར་དམིགས་ཡོད་པས། དམངས་སེམས་བསྡུ་བ་དང་ཆོད་སེམས་མངོན་པ། ཡིད་ཆེས་བརྟན་གཏོང་གི་སྙན་ཞུ་ཡག་པོ་ཞིག་རེད།
མདོ་ལ་རྫོང་གིས་སྙན་ཞུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་གཅིག་གྱུར་འཆར་འགོད་བཀོད་སྒྲིག་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་ཁོང་དུ་ཆུད་རྒྱུ་རྒྱུན་འཁྱོངས་བྱས་ནས་ལྟེ་བའི་ཐོན་ལས་གསོ་སྐྱོང་དང་གསར་དར་ཐོན་ལས་སྐྲུན་རྒྱུར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་བཏང་། ཐོག་མར། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་རྒྱུ་གཙོ་གནད་དུ་བཟུང་སྟེ་སོན་འདེབས་སྤུས་ལེགས་གསོ་སྐྱོང་དང་སྤུས་ཚད་མཐོར་འདེགས་གཏོང་བ། ཆས་རྟགས་གཏོད་རྒྱུ་བཅས་ལ་དམ་པོར་དམིགས་ནས“དེང་རབས་ཞིང་ཕྱུགས་ཐོན་ལས་གླིང་ཁུལ”དང“ཐོན་ལས་དཔེ་སྟོན་སྡེ་བ”འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ“མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི”ས་ཁོངས་ཀྱི་སྤྱི་པའི་ཆས་རྟགས་ཀྱི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གཉིས་ནས་གསར་དར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་འབེན་དུ་བྱས་ཏེ་དཔལ་འབྱོར་འཕར་སྣོན་གསར་བ་འཛུགས་པ་དང་རྡོ་སོལ་སྔོག་འདོན་རྡིབ་ཁུལ་གྱི་འོད་ཤུགས་དང་རླུང་ཤུགས་ཐོན་ལས་གཞི་ཁྱོན་ཅན་གསར་སྤེལ་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ནུས་མང་གསབ་རེས། རྩྭ་འོད་གསབ་རེས། ཆུ་འཐེན་ནུས་གསོག་སོགས་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་རིན་ཐང་བསྒྱུར་བའི་ཐབས་ལམ་རྒྱ་ཆེར་གཏོང་དགོས། ཐོན་སྐྱེད་ནུས་ཤུགས་གསར་པར་བརྟེན་ནས་བར་སྟོང་དཔལ་འབྱོར་དང་ཐོག་མའི་དཔལ་འབྱོར་འཚོལ་ཞིབ་དང་འཕེལ་རྒྱས་གཏོང་བ། མཁའ་ལམ་ལྟ་སྐོར་དང་འཕུར་སྐྱོད་ཉམས་ལེན། མཁའ་ཐོག་པར་ལེན་སྐོར་ཞིབ་སོགས་བར་སྟོང་རྣམ་གྲངས་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་བྱས་ཏེ་མཁའ་ལམ་མཛེས་སྡུག་ཆེ་རུ་གཏོང་དགོས། གསུམ་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་བྱ་ཡུལ་བསྐྲུན་སྐབས་གསར་བརྗེའི་རིག་གནས་དང་དགུན་དཔྱིད་དུས་ཀྱི་ཡུལ་སྐོར་ཐོན་ཁུངས་གཏིང་ཟབ་ཏུ་སྔོག་འདོན་བྱས་ཏེ། གངས་འཁྱགས་གསར་བརྗེའི་རིག་གནས་སྐྱེ་ཁམས་རྐང་བགྲོད་དང་ཆུ་འཁོར་སྐྱེ་ཁམས་བདེ་ཐང་གསོ་སྐྱོང་སོགས་སྤུས་ལེགས་རྐང་བགྲོད་མཐོ་འཛེག་ལམ་ཐིག་མགྱོགས་སུ་གཏོད་པ། མདོ་ལ་རི་བོའི་རྩྭ་ཐང་གི་ཡུལ་སྲོལ་གོམས་གཤིས་རིག་གནས་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་དང་དགུན་ཁའི་གངས་འཁྱགས་ལུས་རྩལ་སོགས་ཁྱད་ཆོས་གལ་ཆེན་ལྡན་པའི་རིག་རྩལ་ཡུལ་སྐོར་བྱེད་སྒོ་སྤུས་ལེགས་ངང་གཉེར་བ། ཞིང་ཆེན་ཡོངས་ཀྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད“མདོ་ལའི་བྱས་རྗེས”འབུལ་དགོས།

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

原文来源/西宁晚报

责编/冷公加

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章