ཤ་བོ་སྐྱབས་མདོ་ལ་འཐུས་ཚབ་ཚོཊ་པའི་གྲོས་ཞིབ་ལ་ཞུཊ་ནས་ནན་གྱིས་བསྟན།

政务   2025-01-25 17:26   青海  

ཤ་བོ་སྐྱབས་ཁུལ་དམངས་ཆེན་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་མདོ་ལའི་འཐུས་ཚབ་ཚོགས་པའི་ཚོགས་བགོས་གྲོས་ཞིབ་ནང་ཞུགས་ནས་དངོས་དོན་སྒྲུབ་པའི་འགན་ཁུར་ལ་བརྟེན་ནས་མདོ་ལའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས་པ་ནན་གྱིས་བསྟན། 

ཟླ1པོའི་ཚེས24ཉིན་གྱི་ཕྱི་དྲོ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དྲུག་པའི་མདོ་ལའི་འཐུས་ཚབ་ཚོགས་པའི་ཚོགས་བགོས་གྲོས་ཞིབ་ནང་ཞུགས་ནས་འཐུས་མི་ཚོ་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་གནང་སྟེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་དང་ཞིང་ཆེན་གྱི"ཚོགས་ཆེན་གཉིས"ཀྱི་ཐབས་ཇུས་བཀོད་སྒྲིག་སོ་སོ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་དངོས་སྒྲུབ་འགན་འཁུར་ལ་བརྟེན་ནས་མདོ་ལའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་མདོ་ལ་འཐུས་ཚབ་ཚོགས་པར་ཞིང་ཆེན་གྱི"ཚོགས་ཆེན་གཉིས"ཀྱི་དགོངས་དོན་བརྒྱུད་སྒྲོག་གནང་བ་དང་འཐུས་མིའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས་བསྟན་དོན། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལ་དམིགས་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བླང་བྱ་དང་གཅིག་རྒྱུན་གཅིག་འཛིན་བྱས་ཏེ་གྲུབ་འབྲས་ཕྱོགས་སྡོམ་གྱི་གཞི་གྲངས་ཞིབ་ཅིང་ཕྲ་བ་དང་ལེགས་པའི་ཆ་མངོན་གསལ་ཡིན་ཞིང་ནང་དོན་ཆ་ཚང་བ་རེད། བྱ་བའི་ཇུས་འགོད་ཀྱི་ངེས་གནས་མཐོ་ཞིང་ཕུགས་རིང་བ་དང་། བསམ་ཕྱོགས་གསལ་ཞིང་གཙོ་གནད་ཁ་གསལ་ཡིན་པས། ཡོངས་ཁྱབ་ཏུ"མཚོ་བྱང་གིས་དངོས་དོན་སྒྲུབ་པ"མངོན་ཡོད་ལ། དེ་ནི་བདེན་འཚོལ་དོན་གཉེར་དང་དམངས་འདུན་མཐུན་པ། མི་སེམས་གཅིག་སྒྲིལ། ཡིད་ཆེས་ཆེར་སྐྱེད་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་ཡིན་པས། ང་ཡོངས་སུ་མོས་མཐུན་ཡིན་ཟེར།
ཤ་བོ་སྐྱབས་ཀྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་རིང་། རྫོངཡོངས་ཀྱི་རིམ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་། མང་ཚོགས་ཀྱིས་དངོས་འཛིན་དངོས་སྒྲུབ་བྱས་པས་དཔལ་འབྱོར་སླར་གསོའི་རང་བཞིན་གྱི་འཕར་སྣོན་བྱུང་བ་དང་། ནུས་མཐོའི་ཕྱུགས་ལས་ཀྱི"ས་གྲོལ་དཔལ་འབྱོར"འཕེལ་རྒྱས་གཏོང་སྟངས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་སྡེ་བའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི50ཡན་ཟིན་པ་དེས་བསྡུར་གྲངས47%ཟིན་པ་དང"མདོ་ལའི་བོད་ལུག་དང་མདོ་ལའི་ནོར་གནག"རྒྱལ་ཡོངས་ཀྱི་གྲགས་ཅན་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་དཀར་ཆག་ནང་བདམས་པ་དང་། བློན་པོ་བྱ་རྒོད་དང་ལབ་ཙེ་སྒང་གཉིས་རྒྱལ་ཁབ་ཀྱི3Aརིམ་པའི་ལྗོངས་ཁུལ་རྒྱལ་ཁའི་ངང་བཏོད་པ་དང་བྱེ་རླུང་ཐང་གི་རྡོ་བལ་མཇུག་སྙིགས་བཅོས་སྒྲིག་སྤུས་ཚད་མཐོ་བའི་སྒོ་ནས་བཅོས་སྐྱོང་དང་ཞིབ་བཤེར་རྩིས་ལེན་ལེགས་གྲུབ་བྱུང་ཞིང་། དམར་དམག་ནུབ་ལམ་དམག་གིས་མདོ་ལ་རུ་དམག་འཐབ་བྱས་པའི་གཏམ་རྒྱུད་སྔོག་འདོན་ནུས་ལྡན་ཐུབ་ནས་དམར་དམག་ཉམས་ཞིབ་ཀྱི་འཕེལ་རྒྱས་རྒྱུན་མཐུད་སྟོབས་ཆེར་ཕྱིན་པ་དང"སོ་ལྟ་ཁྲི་སྟོང"གི་གཞི་རིམ་བཅོས་སྒྲིག་གི་ཆས་རྟགས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ། ཕྱི་ཕྱོགས་དྲིལ་སྒྲོག་ལ་ཚད་དང་སྤུས་ཀའི་ངོས་ཐད་ནས་དགའ་འོས་པའི་གྲུབ་འབྲས་བླངས་ཡོད་ལ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་མུ་མཐུད་རྒྱུན་འཁྱོངས་ཏན་ཏིག་བྱས་ཏེ"མཚོ་བྱང་ལྔའི"འཛུགས་སྐྲུན་ལ་གལ་ཆེའི་འདེགས་སྐྱོར་མཁོ་འདོན་བྱས་ཡོད་ཟེར། 

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། དཔའ་ངར་ཆེར་བསྐྱེད་ཀྱི་སྙིང་སྟོབས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་དངོས་སྒྲུབ་སྔོན་བརྩོན་དང་ཡང་འབད་བསྐྱར་འབད་ཀྱིས་བྱ་བའི་གྲུབ་འབྲས་གསར་པ་ཐོབ་རྒྱུར་འབད་བརྩོན་བྱེད་དགོས་ཏེ། གཅིག་ནས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཡུལ་ཚོ་དང་གྲོང་རྡལ(སྡེ་བ་དང་སྡེ་ཁུལ)གྱི"བཅུ་ལྡན"བཟོ་སྐྲུན་འཛུགས་སྐྱོང་གི་ཕན་འབྲས་རྒྱུན་མཐུད་སྲ་བརྟན་དང་མཐོ་རུ་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྡེ་བའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་རྣམ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་དགོས། གཉིས་ནས་གསར་བརྗེའི་ཉམས་ཞིབ་བྱེད་པའི་ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བ་དང་། མུ་མཐུད་གསར་བརྗེའི་ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་རྒྱུན་མཐུད་ངང་ཡག་པོ་བཤད་དགོས། "དར་གོས་ཚོང་ལམ་གྱི་སྙིང་སྟོབས"དང་། སུའེ་ཡང་ཏིས་ནུབ་འདུལ། ཀྲང་ཆན་གཞུང་ཚབ་ཆེན་མོ་སོགས་མདོ་ལ་དང་འབྲེལ་བ་ཡོད་པའི་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ། ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་སྨྱན་སྦྱོར་དང་འབྲེལ་མཐུད་མཉམ་ལས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་མདོ་ལའི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་མདོ་ལའི་སྐད་སྙན་བརྒྱུད་སྒྲོག་བྱས་ནས་མུ་མཐུད"ལྷ་ཡུལ་མདོ་ལའི"སྙན་པ་ཇེ་མཐོར་གཏོང་དགོས། གསུམ་ནས་ངར་ཤུགས་གཅིག་སྒྲིལ་གྱིས་དཔལ་འབྱོར་ལ་དམ་འཛིན་དང་ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་བྱས་ཏེ་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི"གཅིག་ཅན་དགུ"ཡི་བཟོ་སྐྲུན་ཆ་ཚང་སྲ་བརྟན་དང་རིམ་སྤོར་བྱས་ནས་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གཏེར་ལྔ་སོགས་རོགས་སྐྲུན་ཁེ་ལས་དང་བརྗེ་རེས་མཉམ་ལས་གཏིང་ཟབ་བྱ་རྒྱུར་ཤུགས་བསྣན་ནས་ཚོང་འགུགས་མ་འདྲེན་ཐད་རྒྱུན་མཐུད་ངང་འབད་བརྩོན་བྱེད་དགོས། "འགྲན་སྡུར་ཆེ་གྲས་བཞི"ཡག་པོ་སྤེལ་རྒྱུའི་ཇུས་འགོད་བྱས་ནས་ཡུལ་སྐོར་ལམ་ཐིག་རྩེ་གྲ་རྒྱུན་ཆད་མེད་པར་གསར་སྤེལ་བྱས་ཏེ"མགྲོན་པོ་མདོ་ལར་སྣེ་ལེན་དང་ཞག་སྡོད་བྱེད་པའི"བྱེད་ཐབས་རྣལ་མ་བཀོད་ནས་ཕན་འབྲས་ངོ་མ་མངོན་དགོས། བཞི་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་དང་བར་དམ་ཆུ་བོའི་འབབ་རྒྱུད་ཀྱི་སྲུང་སྐྱོབ་མནའ་འབྲེལ་གྱི་ནུས་པ་གཏིང་ཟབ་ཏུ་བཏང་ནས"མི་སྣ་མང་པོ་གཅིག་ཏུ་སྒྲིལ་བའི"སྐྱེ་ཁམས་དོ་དམ་སྲུང་སྐྱོབ་བྱེད་སྟངས་འཚོལ་ཞིབ་དང་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་གི"མདོ་ལའི་དཔེ་མཚོན"དེ་བས་མང་བ་གཏོད་རྒྱུའི་བརྩོན་ལེན་བྱེད་དགོས། ལྔ་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས་པ་དང་། "སོ་ལྟ་ཁྲི་སྟོང"གི་གཞི་རིམ་བཅོས་སྐྱོང་བྱེད་སྟངས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཆོས་ལུགས་བྱ་བར་ཁྲིམས་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། རྫོང་མངའ་ཁོངས་ཀྱི་མཁར་དམར་གནའ་མཁར་སོགས"བརྟན་པོ་འཛུགས་པའི"ཁང་དང་གླིང་ཚོགས་པ་བེད་སྤྱོད་འདང་ངེས་དང་བེད་སྤྱོད་གང་ལེགས་བཅས་བྱ་དགོས། དྲུག་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་ནན་དུ་གཏོང་དགོས་པ་དང་རྒྱུན་རྣམ་དང་ཕུགས་ཕན་གྱི་སྒོ་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་སྐུལ་འདེད་བཏང་སྟེ་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས། སྒྲིག་འགལ་ངང་བཟའ་བཏུང་བྱེད་པ་དང་དེ་བཞིན་སྒྲིག་འགལ་ངང་ལེགས་སྐྱེས་དང་འབུལ་རྟེན་ལེན་པའི་གནད་དོན་བཅོས་སྒྲིག་རྒྱུན་མཐུད་གཏིང་ཟབ་བྱས་ནས་ཆབ་སྲིད་ཀྱི་སྐྱེ་ཁམས་རྒྱུན་ཆད་མེད་པར་གཙང་བཟོ་བྱེད་དགོས་ཟེར།


夏吾杰参加州十五届人大六次会议祁连代表团分团审议时强调 以实干担当推动祁连高质量发展展现更大作为

1月24日下午,州委书记夏吾杰参加自治州十五届人大六次会议祁连代表团分团审议,与代表们一起审议政府工作报告。强调,要深入学习贯彻习近平总书记考察青海重要讲话精神,全面落实省委全会和省“两会”各项决策部署,以实干担当推动祁连高质量发展展现更大作为。

夏吾杰在祁连代表团传达了省“两会”精神,认真听取代表发言后指出,政府工作报告对标中央经济工作会议精神和省委全会部署,与州委十三届十次全会要求一脉相承,总结成绩数据翔实、亮点突出、系统全面,工作谋划定位高远、思路清晰、重点明确,通篇体现了“海北实干”,是一个求真务实、合乎民意、凝聚人心、提振信心的好报告。

夏吾杰指出,过去一年祁连县各级党组织和广大党员干部群众真抓实干,经济实现恢复性增长,高效畜牧业“飞地经济”发展模式成效显著,村集体经济收入50万元以上村的占比达到47%,“祁连藏羊、祁连牦牛”成功入选全国名特优新农产品名录,成功创建伦布夏果、天桥山2个国家3A级景区,沙龙滩石棉尾渣治理高质量完成整改验收,红西路军征战祁连的故事得到有效挖掘,红色研学发展持续壮大,“千岗万哨”基层治理品牌全面推广,对外宣传取得量质同升喜人成绩,全面从严治党持续走深走实,为“五个海北”建设提供了重要板块支撑。
夏吾杰强调,要继续保持积极昂扬的精气神,实干争先,再接再厉,努力取得新的工作成效。一要发挥好党建引领作用,持续巩固提升乡镇(村社)“十有”工程建设成效,加强基层党组织建设,丰富村集体经济发展业态,拓宽群众增收渠道。二要发展壮大红色研学产业,持续讲好红西路军故事,深入挖掘“丝路精神”、隋炀帝西征、张骞出使等与祁连相关联的文化资源,不断加强与中央和省州媒体的沟通合作,讲述祁连好故事,传播祁连好声音,不断提升“天境祁连”知名度。三要鼓足劲头抓经济抓产业发展,巩固提升生态农牧业“九个一”配套工程,推进农畜产品精深加工。加强与五矿等援建企业的深化交流合作,持续在招商引资上下功夫。谋划开展好“四大赛事”,不断开发精品旅游线路,在“引客入祁、留客驻祁”上出实招、见实效。四要持续提升生态环境质量,深化黑河流域保护联盟作用,探索推进“多员合一”生态管护模式,力争打造更多生态修复治理“祁连样板”。五要持续提升基层社会治理水平,巩固拓展“千岗万哨”基层治理模式,依法加强宗教事务管理,用足用活县域内峨堡古城等“铸牢”场馆集群。六要压紧压实管党治党责任,常态长效推进党纪学习教育,持续深化整治群众身边不正之风和腐败、违规吃喝以及违规收送礼品礼金问题,不断净化政治生态。

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

文来源/海北党务 文/陈文龙  图/陈文年

责编/项吉当知

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章