རྐང་ཚ་རྫོང་གིས"ལེའུ་གསུམ"ཡག་པོ་བརྩམ་ནས་ལག་ལེན་ཁྲོད་རྒྱུགས་ལན་གསར་པ་འབྲི་དགོས།ཟླ1པོའི་ཚེས19ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་མགོ་བརྩམས་ཤིང་། ཧྲིན་ཀྲང་ཚབ་མ་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། ཐེངས་འདིའི་ཚོགས་འདུར་ཞུགས་པའི་མཚོ་བྱང་གི་འཐུས་མི་རྣམས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ནས་དངོས་སྒྲུབ་ལག་བསྟར་དང་གསར་གཏོད་ཡར་རྒྱས་ཀྱི་འབད་བརྩོན་གྱི་སྟོབས་ཤུགས་ཚོར་བྱུང་།ཞིང་ཆེན་དམངས་ཆེན་གྱི་འཐུས་མིའམ་མཚོ་བྱང་ཁུལ་རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཚབ་མ་ཀྲང་ཆི་ཧྥུང་གིས་བཤད་རྒྱུར།སྙན་ཞུར་ཉན་རྗེས་སྤྱིའི་ཆ་ནས་སྐུལ་ལྕག་ཆེན་པོ་ཐེབས་པ་དང་ངར་ཤུགས་ལྡབ་འཕར་ཕྱིན་པ། ཡིད་ཆེས་ལྡབ་འགྱུར་སྩལ་བ་བཅས་ཀྱི་ཚོར་སྣང་གིས་བྱ་བ་ལེགས་པོར་སྒྲུབ་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་བཏང་སོང་།
2025ལོར་རྐང་ཚ་རྫོང་གིས་སྲིད་ཇུས་ཀྱི་ཁེ་སྤོགས་དང་བཅོས་སྒྱུར་གྱི་སྒུལ་ཤུགས་གང་ལེགས་སྤྱད་དེ"ལེའུ་གསུམ"གྱི་བརྩམས་ཆོས་ཡག་པོ་རྩོམ་རྒྱུ་ཡིན་ཏེ། གཅིག་ནས་སྐྱེ་ཁམས་དེ་འགན་འཁྲི་ཆེ་ཤོས་སུ་བརྩིས་ནས"ལྗང་མདོག"གི་ལེའུ་ཡག་པོ་རྩོམ་པ། ཞིང་ཆེན་གྱི་གནས་བབ"ཆེས་ཆེ་ཤོས་གསུམ"གྱི་གནས་ཐིག་གཏན་འཁེལ་དང"དེ་བས་གལ་ཆེ་བ་གསུམ"གྱི་འཐབ་ཇུས་གནས་བབ་ལ་གཞི་ཚུགས་ནས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་ཚད་གཞི་དེ་བས་མཐོ་བའི་སྒོ་ནས"སྔོ་ཐིང་གི་ནམ་མཁའ་དང་དྭངས་བསིལ་གྱི་ཆུ་མོ། དག་གཙང་གི་གནས་མཆོག་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་ཡག་པོ་བརྒྱབ་སྟེ་མཚོ་སྔོན་པོ་བྱང་ངོགས་དང་མདོ་ལ་རི་བོའི་ལྷོ་འདབས་ཀྱི་སྐྱེ་ཁམས་གནས་མཆོག་སྲུང་སྐྱོང་གང་ཐུབ་བྱེད་དགོས། གཉིས་ནི་སྐྱེ་ཁམས་དེ་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་སུ་བརྩིས་ནས"སྟོབས་ལྡན"གྱི་ལེའུ་ཡག་པོ་རྩོམ་པ། ཞིང་ཕྱུགས་ལས་ཀྱི"འགྱུར་བ་ལྔའི"བཅོས་བསྒྱུར་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། "གཅིག་ཅན་དགུ"ལེ་ལག་ཚང་བའི་བཟོ་སྐྲུན་རིམ་སྤོར་བྱས་ཏེ་ཞིང་ཕྱུགས་ལས་ཀྱི་རྫོང་དང་གྲོང་གསེབ་མཉམ་འགུལ་དང་ཐོན་སྐྱེད་སྣོན་ཚོང་གཞི་གཅིག་ཅན་གྱི་ནུས་ཆེའི་ཞིང་ཕྱུགས་ཐོན་ལས་མ་ལག་འཛུགས་ཤུགས་བརྒྱབ་ནས་ཞིང་ཕྱུགས་ལས་རིགས་སྒྱུར་འཕེལ་རྒྱས་ཀྱི་རྐང་ཚའི་ཐབས་ལམ་ཐོག་བསྐྱོད་པ། རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། "ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་ལས"མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ། "ཡུལ་ལྗོངས་མཛེས་ཤིང་མི་རྣམས་བྱམས་པ། བརྩེ་བའི་ཕྱུག་པ་བཅས་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་མ་ལག་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་ཏེ་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱིས་གཙོ་ཁྲིད་བྱེད་པའི་བཟོ་ལས་དཔལ་འབྱོར་མ་ལག་གསར་པ་མགྱོགས་མྱུར་ངང་འཛུགས་དགོས། གསུམ་ནི་སྐྱེ་ཁམས་དེ་རིན་ཐང་ཆེ་ཤོས་སུ་བརྩིས་ནས“ཕྱུག་འགྱུར”གྱི་ལེའུ་ཡག་པོ་རྩོམ་པ། ཐོན་ཁུངས་ཀྱི་སྐྱེས་སྟོབས་ལ་གཞི་ཚུགས་ནས་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་ཏེ་ལྗང་མདོག་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཞིང་པ་འབྲེལ་མཐུད་དང་སྐུལ་ཁྲིད། ཕྱུག་འགྱུར་གྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ།"སྐྱེ་ཁམས་དཔལ་འབྱོར་ཅན་དང་དཔལ་འབྱོར་སྐྱེ་ཁམས་ཅན"གྱི་ཐོག་མའི་ཞིབ་བཤེར་ཐབས་ལམ་འཚོལ་ཞིབ་བྱས་ཏེ། མང་ཚོགས་ལ་སྐྱེ་ཁམས་ཀྱི་ཟ་མ་ཟ་རུ་འཇུག་པ་དང་ཕྱུག་འགྱུར་གྱི་རླངས་འཁོར་ལ་སྡོད་དུ་འཇུག་དགོས།ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། གུ་རུ་སྐྱབས།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
原文来源/西宁晚报
责编/格日加布
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系