ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2025-01-24 10:30   青海  

གསར་འགྱུར་གལ་ཆེན།

ཚེས23ཉིན་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལིའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་དུ་ཧྲེན་དབྱང་ཏ་ཏུང་ཞོར་བཟས་ཚོང་ར་དང་ཏ་ཏུང་ཁུལ་ཁྲང་ཨན་ཁྲོམ་གཞུང་ཁྲང་ཨན་གཞིས་ཆུང་ལ་རྟོག་ཞིབ་གནང་སྟེ། ས་གནས་དེ་གའི་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་དང་། མང་ཚོགས་ཀྱི་འཚོ་བའི་འགན་ལེན། དམངས་བདེ་དམངས་ཕན་ཞབས་ཞུ་ལེགས་སུ་གཏོང་བ། གྲོང་མིའི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་།

ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ལྷན་བཅས་ཀྱིས་བློ་མཐུན་ཡེ་ཀོང་ཧྥུའུ་ལ“རིམ་པ་གཉིས་པའི་འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུ་དང་། བློ་མཐུན་ལི་ཚུང་དང་ལི་ཀོང་སུའུ་ལ“འཇིག་རྟེན་འཕུར་སྐྱོད་པ་དཔའ་བོའི”མཚན་སྙན་སྤྲོད་རྒྱུ་དང་འབྲེལ“རིམ་པ་གསུམ་པའི་འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུའི་གཏན་འབེབས་བྱས།

རྒྱལ་ཁབ་འབྲུ་རིགས་དང་དངོས་རྫས་གྲབས་གསོག་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར་རྒྱལ་ཡོངས་སུ་དུས་ཚིགས་གསར་པའི་སྟོན་འབྲུ་རིམ་རྩིས་བྱས་ན་ཏུན་དུང་ཕྱུར2.5ཉོ་སྒྲུབ་བྱས་ཡོད།     

2024ལོར་རང་རྒྱལ་གྱི་ནང་འདྲེན་སྡོམ་འབོར་སྒོར་དུང་ཕྱུར18ཡིན་པ་དང་། དུས་མཚུངས་ལས2.3%འཕར་ཡོད། ནང་འདྲེན་གཞི་ཁྱོན་ལོ་རྒྱུས་ཀྱི་མཐོ་ཤོས་ཡིན།  

རྒྱལ་ཁབ་སྡོམ་རྩིས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་རང་རྒྱལ་གྱི་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་དང་ཚོད་ལྟ་འཕེལ་རྒྱས(R&D)ཀྱི་གྲོན་དངུལ་སྒོར་དུང་ཕྱུར་ཁྲི3.6ལས་བརྒལ། ལོ་གོང་མ་ལས8.3%འཕར་ཡོད།     

མིག་སྔར། རང་རྒྱལ་གྱི5Gགཞི་ཚིགས་ཁྲི425ཟིན་པ་དང་ཀྲའོ་སྟོང་སྤྱོད་མཁན་དུང་ཕྱུར2ལས་བརྒལ་བས།“རྫོང་རེ་རེར་ཀྲའོ་སྟོང་དང་ཡུལ་ཚོ་རེ་རེར5Gསྦྲེལ་ཐུབ་པ་”མངོན་འགྱུར་བྱུང་ཡོད།     

ཚེས23ཉིན་གྱི་ཆུ་ཚོད13དང་སྐར་མ15ཡི་སྟེང་། རང་རྒྱལ་གྱིས་ཐེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་དྲུག་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ཆན་ཧྥན་སྣེ་ལམ་གྱི་སྲུང་སྐར་ཚོགས་ཆུང06མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་ལེགས་གྲུབ་བྱུང་།

སྤྱི་ཚོགས།

ཀྲུང་དབྱང་གནམ་དཔྱད་ལས་ཁུངས་ཀྱིས་གྲང་རྒྱུན་གྱི་ཉེན་བརྡ་སྔོན་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་ཚེས23ཉིན་གྱི་ཆུ་ཚོད20ནས་ཚེས27ཉིན་བར། རང་རྒྱལ་གྱི་ས་ཆ་མང་ཆེ་བའི་དྲོད་ཚད་སྔ་རྗེས་སུ8℃ནས12℃བར་ཆག་རྒྱུ་དང་། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་ཧྭ་བྱང་གི་ནུབ་རྒྱུད་སོགས་ཀྱི་དྲོད་ཚད་མར་ཆག་ཚད14℃ཡན་ཟིན་རྒྱུ་རེད།  

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ནམ་ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཆེ་དགྲ་ལྷ་ལ་སྒྲིག་ཁྲིམས་དང་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པས། མིག་སྔར་ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ལྷན་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།     

ཚེས23ཉིན་ཀྲུང་གོའི་རྐང་རྩེད་སྤོ་ལོའི་ལས་རིགས་མཉམ་འགྲན་མཉམ་འབྲེལ་ལྷན་ཚོགས་དངོས་སུ་བཙུགས།

ཚེས23ཉིན་གྱི་ཆུ་ཚོད14དང་སྐར་མ6བར། 2025ལོའི་དཔྱིད་གསར་དུས་ཆེན་གྱི་གློག་བརྙན་སྔོན་འཚོང་གི་སྤ་སེའི་སྡོམ་འབོར་སྒོར་དུང་ཕྱུར4ལས་བརྒལ་ཡོད།  

ཉེ་ཆར་རྒྱལ་སྤྱིའི་ཚད་གཞི་ཅན་གྱི་རྩ་འཛུགས་ཀྱིས་རང་རྒྱལ་གྱིས་སྣེ་ཁྲིད་པའི་ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་ཚད་གཞིའི་རྣམ་གྲངས7འཛུགས་རྒྱུའི་ཆོག་མཆན་སྤྲད།

ཧྲང་ཧེ་རིག་གནས་གནས་སྐོར་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་ཧྲང་ཧེ་ཡིས་རྒྱལ་ཁོངས་སུ་ཡོང་བའི་གནས་སྐོར་བ་མི་ཐེངས་ཁྲི670.59སྣེ་ལེན་བྱས་པ་དེ་དུས་མཚུངས་ལས84%འཕར་ཡོད།  

ཉེ་ཆར། རང་རྒྱལ་གྱི་ཚན་རིག་ཞིབ་འཇུག་མི་སྣས་འཇིག་རྟེན་འགལ་གཏོར་ཆེན་མོ་ལས་ཐོན་པའི་མཉེན་གཤིསXའཕྲོ་ཐིག་གི་བརྡ་རྟགས་ཐོག་མར་འཚོལ་ཞིབ་བྱས་པ་དང་འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་ཚེས23ཉིན《རང་བྱུང་དང་གནམ་རིག་པའི》དུས་དེབ་ཐོག་སྤེལ།  

 

ཀོང་ཞིའི་ཡུས་ལིན་གྱི་རླངས་འཁོར་ཞིག་མགོ་རྟིང་སློག་པས་འབར་གས་འབྱུང་བའི་ཉེན་ཁ་ཡོད། རམ་འདེགས་ཉེན་རྟོག་པ་ཝང་ཅིས་ཕྱིར་ཁྱིམ་དུ་ལོག་སྐབས་དེ་མཐོང་རྗེས། འཕྲལ་དུ་ལམ་འགྲམ་དུ་རླངས་འཁོར་བསྡད་ནས་མང་ཚོགས་ཀྱི་རོགས་རམ་འོག་རླངས་འཁོར་ནང་གི་ཁ་ལོ་བ་བསྐྱབས།

སྲིད་ཇུས།

ཧོ་ནན་གྱིས་ཞིབ་སྲོལ་ཁྱབ་བསྒྲགས་བྱས་ནས་ཆ་རྐྱེན་དང་མཐུན་པའི་གློག་སྒུལ་ཟོག་འདྲེན་རླངས་འཁོར་གྲོན་བསྡུའི་ལམ་ངོས་བརྒྱུད་ནས་འགྲོ་སྐབས། གྲོན་དངུལ་ལ་བརྒྱ་ཆའི7ཕབ་གཅོག་གི་གཟིགས་སྐྱོང་བྱ་རྒྱུ་རེད།  

ཧྥུ་ཅན་གྱིས་བརྡ་ཐོ་ཁྱབ་བསྒྲགས་བྱས་ནས་རྣམ་གྲངས་ཅན་གྱི་གསོ་སྦྱོང་ནང་ཞུགས་ཏེ་ཁྱིམ་ལས་རིགས་ཀྱི་ལས་རིགས་རྩལ་ནུས་དཔང་ཡིག་དང་། ཆེད་དོན་ལས་རིགས་ནུས་པའི་དཔང་ཡིག  གསོ་སྦྱོང་ཚད་ལོན་དཔང་ཡིག་བཅས་ཐོབ་རྗེས་ཀྱི་ལོ་ཕྱེད་ནང་ལས་ཞུགས་མངོན་འགྱུར་བྱུང་ཚེ། གསོ་སྦྱོང་སྡེ་ཚན་ལ་ཆེས་མཐོ་ན་མི་རེར་སྒོར600གྱི་ཁ་གསབ་སྤྲོད་རྒྱུ་རེད།

ཀོང་ཞིས་སྡོད་ཁང་ལ་གློག་སྐས་བསྣན་པར་ཁ་གསབ་སྤྲོད་རྒྱུ་རེད། ཐོག་བརྩེགས་བདུན་ཅན་གྱི་སྡོད་ཁང་ལ་ཁ་གསབ་མཐོ་ཤོས་སྒོར་ཁྲི15རེར་ཚད་གཞིར་བྱེད་པ་དང་། ཐོག་བརྩེགས་གཅིག་མང་དུ་བཏང་ཚེ་ཁ་གསབ་མཐོ་ཤོས10%མང་དུ་གཏོང་རྒྱུ་རེད།

དེ་རིང་གི་གནམ་གཤིས།

ཤིན་ཅང་གི་བྱང་རྒྱུད་དང་། བོད་ལྗོངས་ཀྱི་ཤར་རྒྱུད། ཀན་སུའུ་ཡི་ས་ཆ་མང་ཆེ་བ། མཚོ་སྔོན་གྱི་བྱང་རྒྱུད་དང་ཤར་རྒྱུད། ཧྲའན་ཞིའི་དབུས་ལྷོ་རྒྱུད་དང་ཉིང་ཞ། ཧོ་ནན་གྱི་ནུབ་རྒྱུད་དང་བྱང་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་མཚོ་སྔོན་གྱི་ཤར་རྒྱུད་དང་། ཀན་སུའུ་ཡི་ལྷོ་རྒྱུད། ཉིང་ཞའི་ལྷོ་རྒྱུད། ཧྲའན་ཞིའི་ལྷོ་རྒྱུད་དང་ཧོ་ནན་གྱི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་འབབ་རྒྱུ་རེད། ས་ཁུལ་ལ་ལར་ཁངས་ཆག་ལྷུང་རྒྱུ་རེད། ཧྲའན་ཞིའི་ལྷོ་རྒྱུད་དང་།  ཧོ་ནན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། ཧུའུ་པེའི་བྱང་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ཙམ་འབབ་རྒྱུ་རེད། ས་ཁུལ་ཁ་ཤས་སུ་ཆར་ཆེན་པོ་འབབ་རྒྱུ་རེད།


ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/项吉当知

监制/杨本才让 

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系 

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章