སྲིད་གྲོས་མཚོ་བྱང་ཁུལ་སྐབས15པའི་གྲོས་ཚོཊ་ཐེངས7པ་གཟབ་རྒྱས་ངང་འཚོཊ

政务   2025-01-23 21:29   青海  

སྲིད་གྲོས་མཚོ་བྱང་ཁུལ་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་བདུན་པ་གཟབ་རྒྱས་ངང་འཚོགས།

ཟླ1པོའི་ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པ་ཁུལ་མི་རིགས་རིག་གནས་བྱེད་སྒོ་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས།

ཚོགས་འདུར་ཞུགས་དགོས་པའི་ཨུ་ཡོན214ཡོད་པ་དང་དངོས་སུ་ཞུགས་མཁན172ཡོད་པས་གཏན་འབེབས་མི་གྲངས་དང་མཐུན།

ཆུ་ཚོད15:30སྟེང་། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མགོ་བརྩམས།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཀྲི་ཅུན་དང་། ཀྲུའུ་ཞི་གཞོན་པ་ཁྲང་ལིན་དང་། པོ་ཀྲེང་ཆིང་། ཝུའུ་ཧྲུའུ་རུང་། ལུང་དབྱང་ཧྲེང་། དབྱང་ཏེ། ཞོ་རོས་ཞིན་དང་། དྲུང་ཡིག་ཆེན་མོ་ལིས་ཧུང་པོ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད། ཁྲང་ལིན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཆན་གོ་ཆིན། དེ་བཞིན་ཁུལ་ཨུ་དང་ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། མཚོ་བྱང་ཡན་ལག་དམག་ཁུལ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་མགོ་ཁྲིད་བློ་མཐུན་གདན་ཞུས་ལྟར་ཚོགས་འདུར་སླེབས་པ་དང་འབྲེལ་ཀྲུའུ་ཞི་སྟེགས་བུའི་ཐོག་བསྡད་ཡོད།

ཚོགས་འདུའི་སྟེང་ཐོག་མར་སྲིད་གྲོས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། 

ཀྲུང་ཀྲི་ཅུན་གྱིས་སྲིད་གྲོས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ། ཁོས་བསྟན་དོན། 2024ལོར་ཀྲུང་གུང་མཚོ་བྱང་ཁུལ་ཨུའི་ཡང་དག་པའི་མགོ་ཁྲིད་དང་ཁུལ་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག ཁུལ་སྲིད་གྲོས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་རླབས་ཆེན་གྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན། དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། “ལྷག་བསམ་རྣམ་དག་དང་བྱས་རྗེས་འབུར་ཐོན། སྟོབས་ཤུགས་གཅིག་བསྡུས། འགན་འཁུར་ཕོད་པ”བཅས་ཀྱི་ཕྱོགས་ལ་འབད་བརྩོན་བྱས་ཏེ། ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་ཏན་གྱིས་ལག་བསྟར་བྱས་ཤིང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་མཚོ་བྱང་ལག་ལེན་ཁྲོད་སྲིད་གྲོས་ཀྱི་བྱས་རྗེས་མངོན་ཡོད་པ་དང་སྲིད་གྲོས་ཀྱི་སྟོབས་ཤུགས་ཕུལ་ཡོད་ཟེར།

ཀྲུང་ཀྲི་ཅུན་གྱིས་སྙན་ཞུའི་ཁྲོད་བསྟན་དོན། ལོ་གཅིག་གི་རིང་། ཁུལ་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་མགོ་ཁྲིད་ཀྱི་རྩ་བའི་སྲོག་ཤིང་འདི་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་ལངས་ཕྱོགས་གསལ་བོས་ཆབ་སྲིད་བཤད་ཅིང་། “སེམས་པ་གཅིག་མཐུན་དང་ཁ་ཕྱོགས་གཅིག་མཐུན། ལས་རིགས་གཅིག་མཐུནབཅས་ཀྱི་ལངས་ཕྱོགས་སྔར་བས་བརྟན་པོར་བཏང་བ། ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་ལས་འགན་ལ་དམིགས་ནས་བློ་འདོན་སྲིད་སྐྱོང་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། “འབད་བརྩོན་དང་དོན་དངོས། ཕན་ནུས་ལྡན་པ”བཅས་ཀྱི་ནུས་པ་སྔར་བས་འབུར་ཐོན་བྱས་ཡོད། ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་རྩ་བའི་ཁྱད་ཆོས་ལ་དམིགས་ནས་སྣེ་ཁྲིད་གཅིག་སྡུད་བྱེད་ཤུགས་ཆེ་རུ་བཏང་སྟེ། “མཐུན་སྒྲིལ་དང་མཉམ་ལས། འཆམ་མཐུན”བཅས་ཀྱི་རྣམ་པ་སྔར་བས་ཇེ་ཟབ་ཏུ་བཏང་ལ། ཐོག་མཐའ་བར་གསུམ་དུ་རང་ངོས་འཛུགས་སྐྱོང་གི་རྩ་བའི་འགན་སྲུང་ལ་ཤུགས་བརྒྱབ་སྟེ་རྨང་གཞི་སྲ་བརྟན་དང་སྤུས་ཚད་དང་ཕན་འབྲས་ཇེ་ལེགས་སུ་བཏང་ནས“དངོས་སྒྲུབ་དང་ཞབས་ཞུ། སྤྱོད་གཙང”བཅས་ཀྱི་སྤྱོད་ཚུལ་སྔར་བས་ཇེ་བཟང་དུ་བཏང་ཡོད་ཟེར།

ཀྲུང་ཀྲི་ཅུན་གྱིས་ནན་གྱིས་བསྟན་དོན། 2025ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་མཇུག་སྒྲིལ་བའི་ལོ་ཡིན་ལ་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བའི་གནད་འགག་གི་ལོ་ཞིག་ཀྱང་ཡིན་ཕྱིར། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“འདུ་ཤེས་བཞི”ཆེ་རུ་བསྐྱེད་པ། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཏན་ཏིག་གིས་བསྒྲུབ་པ། ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཁུལ་ཨུའི་བཀོད་སྒྲིག་བླང་བྱ་བཅས་ནན་ཏན་དོན་འཁྱོལ་བྱས་ཏེ། “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”གྱི་དམིགས་འབེན་དམ་པོར་འཛིན་དགོས་པ་དང་།  སྤུས་ཚད་མཐོ་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་དེ་ལས་འགན་སྒྲུབ་པའི་གཙོ་གནད་དུ་བརྩིས་ཏེ། ཚད་གཞི་སྔར་ལས་མཐོ་བ་དང་བྱས་རྗེས་སྔར་ལས་ཆེ་བ། བླང་བྱ་སྔར་ལས་ནན་མོ་བཅས་བྱས་ཏེ། བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་བློ་འདོན་གྲོས་འདོན་ཧུར་ཐག་བྱས་ཏེ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་གྱུར་ཡོང་བ་དང་། དམངས་གཙོའི་གྲོས་མོལ་གཏིང་ཟབ་ཏུ་སྤེལ་བ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། བཅོས་བསྒྱུར་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་གྱི་མཚོ་བྱང་ལག་ལེན་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད་བྱས་རྗེས་གསར་པ་འཇོག་དགོས་ཏེ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་ཁ་ཕྱོགས་ལ་གདེང་ཚོད་ཡོད་པ་དང་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་ཚད་གཞི་སྔར་ལས་གསལ་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་གྲུབ་འབྲས་སྔར་ལས་ཆེ་བ་ལེན་དགོས། མཉམ་སྡུད་མཉམ་གསོག་རྒྱུན་འཁྱོངས་བྱས་ཏེ་མཐུན་སྒྲིལ་གཏིང་ཟབ་གཏོང་བ་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱེད་པའི་ཐད་བྱེད་ཐབས་སྔར་ལས་ནུས་ལྡན་ཡོད་དགོས། དུས་བསྟུན་མདུན་སྐྱོད་རྒྱུན་འཁྱོངས་བྱས་ཏེ་གསར་གཏོད་རྒྱ་བསྐྱེད་དང་དངོས་སྒྲུབ་ཡར་རྒྱས་ཡོང་བའི་ཐད་ལག་ལེན་དེ་བས་མང་བ་བྱ་དགོས། རྨང་གཞི་སྲ་བརྟན་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་དཔུང་ཁག་སྟོབས་ལྡན་དུ་འགྱུར་བ་དང་ནུས་པ་ཆེ་རུ་གཏོང་བའི་ཐད་བླང་བྱ་སྔར་ལས་ནན་མོ་འདོན་དགོས་ཟེར།

ཝུའུ་ཧྲུའུ་རུང་གིས་སྲིད་གྲོས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མངགས་བཅོལ་ལྟར། ཚོགས་ཆེན་ལ་སྲིད་གྲོས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་ཚུན་གྱི་གྲོས་གཞིའི་བྱ་བའི་གནས་ཚུལ་སྙན་ཞུ་ཕུལ། ཁོས་བསྟན་དོན། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་སུ་ཞུགས་མཁན་གྱི་ལས་ཁུངས་དང་ཆེད་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ལས་འགན་ནན་ཏན་གྱིས་བསྒྲུབས་པ་དང་། རྟོག་དཔྱོད་གཏིང་ཟབ་དང་བདེན་ཇུས་བཟང་པོ་ཕུལ་པ་བཅས་བྱས་ཏེ། ཁྱོན་གྲོས་གཞི82བཏོན་པ་དང་། གྲོས་གཞི36ཞིབ་བཤེར་ཐོ་འགོད་བྱས་ཤིང་། གྲོས་གཞི་འགྲུབ་ཚད100%ཟིན་ཞིང་། ལོན་ཡོད་ཚད་དང་བློ་ཡིད་ཚིམ་ཚད་ཚང་མ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། ལས་དོན་དེ་མི་དམངས་སྲིད་གྲོས་ཀྱིས་འགན་ནུས་ལག་བསྟར་བྱེད་པའི་ཆེས་ཐད་ཀར་དང་། རྒྱ་ཆེ་ཤོས། ཕན་ནུས་ཆེ་ཤོས་བཅས་ཀྱི་བྱེད་ཐབས་ཤིག་ཏུ་གྱུར་ཡོད་ཟེར། 

ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ཁུལ་དུ་བཅའ་སྡོད་བྱེད་པའི་ཞིང་ཆེན་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གདན་ཞུས་ལྟར་ཚོགས་འདུར་ཟུར་ཞུགས་བྱས།

海北州政协十五届七次会议隆重开幕

1月23日下午,中国人民政治协商会议第十五届海北藏族自治州委员会第七次会议在州民族文化活动中心隆重开幕。

会议应出席委员214人,实到172人,符合规定人数。

15时30分,大会在雄壮的国歌声中开幕。

州政协主席钟志军,副主席常林、包正清、吴树荣、龙永胜、杨德、肖瑞鑫,秘书长李洪宝在主席台前排就座。常林主持会议。

州委副书记、州长张胜源,州人大常委会党组书记钱国庆,以及州委、州人大、州政府、海北军分区、州中级人民法院、州人民检察院的领导同志应邀出席会议并在主席台就座。

会议首先审议通过了政协第十五届海北藏族自治州委员会第七次会议议程。

钟志军代表政协第十五届海北藏族自治州委员会常务委员会向大会作工作报告。他指出,2024年,在中共海北州委的坚强领导和州政府的大力支持下,州政协及其常委会高举习近平新时代中国特色社会主义思想伟大旗帜,深入学习贯彻党的二十大和二十届二中、三中全会精神,不折不扣落实习近平总书记考察青海重要讲话精神,以“忠诚、有为、聚力、担当”为着力点,认真履行政治协商、民主监督、参政议政职能,在奋力推进中国式现代化青海建设的海北实践中发出了政协“声音”,彰显了政协“担当”,贡献了政协“力量”。

钟志军在报告中指出,一年来,州政协及其常委会始终坚持党的领导这一根本核心,旗帜鲜明讲政治,“同心、同向、同行”的立场更加坚定;始终聚焦服务大局这一根本任务,建言资政促发展,“奋发、务实、有为”的作用更加凸显;始终围绕大团结大联合这一根本特征,强化引领聚合力,“团结、合作、和谐”的氛围更加浓厚;始终强化自身建设这一根本保障,强基固本提质效,“实干、服务、廉洁”的作风更加优良。

钟志军强调,2025年是“十四五”规划的收官之年,也是推动进一步全面深化改革的重要一年。全州各级政协组织和广大政协委员要以习近平新时代中国特色社会主义思想为指导,深入贯彻落实习近平总书记在庆祝人民政协成立75周年大会上的重要讲话精神和考察青海重要讲话精神,深刻领悟“两个确立”的决定性意义,增强“四个意识”、坚定“四个自信”、做到“两个维护”,坚持党的全面领导,认真落实州委部署要求,紧紧围绕“三个走在全省前列”目标,把助力经济社会高质量发展作为履职重点,以更高标准、更大作为、更严要求,强化思想政治引领,积极建言资政,广泛凝聚共识,深化协商民主,加强自身建设,为进一步全面深化改革、奋力推进中国式现代化青海建设的海北实践作出新贡献。要坚持党的领导,在把握方向、强化引领上有更高标准;要坚持高质量发展,在围绕中心、服务大局上有更大作为;要坚持兼容并蓄,在深化团结、凝聚共识上有更实举措;要坚持与时俱进,在开拓创新、务实进取上有更多实践;要坚持夯实基础,在建强队伍、提升能力上有更严要求。

吴树荣受政协第十五届海北藏族自治州委员会常务委员会委托,向大会报告州政协十五届五次会议以来提案工作情况。他指出,过去一年,广大政协委员、政协各参加单位和各专门委员会认真履职,深入调研,建真言、献良策,共提出提案82件,审查立案36件,办结率达100%。提案工作回复率、满意率均有明显提升,成为人民政协履行职能最直接、最广泛、最有效的方式。

州委、州政府相关部门和省驻州有关单位负责同志应邀列席会议。


ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ།

原文来源/文/海北州政协 图/祁连山报社记者 李潇 杜照林 才项什姐

责编/项吉当知

监制/杨本才让 

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系 

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章