མཚོ་བྱང་ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་བདུན་པ་རྒྱལ་ཁའི་ངང་གྲོལ།
ཟླ1པོའི་ཚེས25ཉིན་གྱི་ཕྱི་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་གྲོས་རིམ་སོ་སོ་ལེགས་གྲུབ་བྱུང་སྟེ་ཁུལ་མི་རིགས་རིག་གནས་བྱ་འགུལ་ལྟེ་གནས་སུ་རྒྱལ་ཁའི་ངང་གྲོལ།
ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཀྲི་ཅུན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་ལ། ཀྲུའུ་ཞི་གཞོན་པ་ཁྲང་ལིན་དང་། པོ་ཀྲེང་ཆིང་། ཝུའུ་ཧྲུའུ་རུང་། ལུང་དབྱང་ཧྲེང་། དབྱང་ཏེ། ཞོ་རོས་ཞིན་དང་། དྲུང་ཡིག་ཆེན་མོ་ལིས་ཧུང་པོ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།
ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་སླེབས་ནས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཆན་གོ་ཆིན། དེ་བཞིན་ཁུལ་ཨུ་དང་ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། མཚོ་བྱང་ཡན་ལག་དམག་ཁུལ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་མགོ་ཁྲིད་བློ་མཐུན་གདན་ཞུས་ལྟར་ཚོགས་འདུར་སླེབས་པ་དང་འབྲེལ་ཀྲུའུ་ཞི་སྟེགས་བུའི་ཐོག་བསྡད་ཡོད།
ཚོགས་ཆེན་ཐོག་སྲིད་གྲོས་སྐབས་བཅོ་ལྔ་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅོ་ལྔ་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་ཆབ་སྲིད་གྲོས་ཆོད་ལ་རིམ་པ་བཞིན་གྲོས་འཆམ་བྱུང་།
ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་ཚབ་བྱས་ནས་ཚོགས་ཆེན་བདེ་བླག་ངང་ཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཁུལ་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་རིམ་པ་སོ་སོ་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ། མི་དམངས་ཚོགས་པ། སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་བཅས་ཀྱིས་འདས་པའི་ལོ་གཅིག་ནང་ཁུལ་ཡོངས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་ཆེད་འབད་བརྩོན་དང་བྱས་རྗེས་བཞག་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས།
ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་དང་ཁུལ་གྱི“ཚོགས་ཆེན”གཉིས་ཀྱིས་ད་ལོའི་བྱ་བ་སོ་སོའི་དམིགས་ཚད་ལས་འགན་དང་བསམ་བློའི་བྱེད་ཐབས་གཏན་འཁེལ་བྱས་ཡོད་པས་ཁུལ་ཨུས་སྔར་བཞིན་སྲིད་གྲོས་བྱ་བར་མཐོང་ཆེན་དང་ཐུགས་ཁུར་། རྒྱབ་སྐྱོར་བཅས་བྱ་རྒྱུ་ཡིན། སྲིད་གྲོས་རྩ་འཛུགས་རིམ་པ་སོ་སོ་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་དུས་རབས་ཀྱི་འགན་འཁྲི་དམ་འཛིན་བརྟན་པོ་བྱས་ནས་དངོས་སྒྲུབ་སྔོན་བརྩོན་རྒྱུན་འཁྱོངས་བྱས་ཏེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་བས་ཆེན་པོ་འབུལ་རྒྱུའི་རེ་བ་ཡོད་དེ། གཅིག་ནས་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། མི་དམངས་སྲིད་གྲོས་ནི་ཆབ་སྲིད་རྩ་འཛུགས་དང་གྲོས་མོལ་སྲིད་གྲོས་ནི་ཆབ་སྲིད་ཀྱི་བྱ་བ་ཡིན་པ་དུས་དང་རྣམ་པ་ཀུན་ཏུ་ཡིད་ལ་བརྟན་པོར་བཅངས་ནས། “གཏན་འཁེལ་གཉིས”སྔར་ལས་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་བྱེད་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ། ཐོག་མཐའ་བར་གསུམ་དུ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་སྲིད་གྲོས་བྱ་བའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་གང་ཅིའི་ཐད་ལག་བསྟར་བྱས་ཏེ་ཏང་ཨུ་ལ་སྐད་ཆ་ཡོད་ན་སྲིད་གྲོས་ལ་དང་ལེན་ཡོད་པ་དང་། ཏང་ཨུ་ལ་བཀོད་སྒྲིག་ཡོད་ན་སྲིད་གྲོས་ཀྱིས་རྗེས་འདེད་ཐུབ་པའི་འགན་ལེན་བྱེད་དགོས། གཉིས་ནས་གནད་སྨིན་ནུས་ལྡན་ངང་ལྟེ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་ལ་དམ་པོར་དམིགས་པ་དང་འགག་རྩའི་དཀའ་གནད་འབུར་དུ་ཐོན་པར་དམ་པོར་དམིགས་པ། དམངས་འཚོའི་གླེང་མང་གནད་དོན་དང་དམ་པོར་བསྟུན་པ། "243"འཕེལ་རྒྱས་ཀྱི་བཀོད་པ་འཛུགས་པར་དམིགས་ཏེ། "ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ"གྱི་དམིགས་འབེན་དང་ལས་འགན་ལ་དམིགས་པ། "འགན་འཁྲི་སྒྲུབ་པའི་བྱ་སྤྱོད་ཆེན་པོ་བཅུ"ལག་བསྟར་གཏིང་ཟབ་བཅས་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱེད་པ། སྙིང་སྟོབས་ཀྱི་བཙན་ས་སྐྲུན་པ། ཚོང་འགུགས་མ་འདྲེན་དང་མི་རིགས་མཐུན་སྒྲིལ་སོགས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་སུ་འཇུག་སྒོ་གནད་འཁེལ་འཚོལ་བ། ཆུ་ཚད་མཐོ་བའི་ཐབས་འདོན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བཅས་བྱས་ཏེ་སྲིད་གྲོས་འགན་སྒྲུབ་དང་ཁྱོན་ཡོངས་ཀྱི་བྱ་བ་བསམ་སྤྱོད་གཅིག་མཐུན་དང་ཤེད་ཤུགས་མཉམ་འདོན་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས། གསུམ་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་སྐུལ་འདེད་ཧུར་ཐག་གཏོང་དགོས། ངོས་འཛིན་གཅིག་མཐུན་ཡོང་བ་བྱ་རྒྱུ་དེ་སྲིད་གྲོས་བྱ་བའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས་སྲིད་གྲོས་ཀྱི་ཤེས་ལྡན་མི་སྣ་མང་བ་དང་རིག་སྟོབས་འཛོམས་པའི་ཁྱད་ཆོས་དང་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། སྣ་མང་ཅན་དང་རྒྱུན་རྣམ་ཅན་གྱི་བློ་གྲོས་གཅིག་ཏུ་བསྡུ་བའི་ཐབས་ལམ་རྒྱ་སྐྱེད་གཏོང་བ། ལམ་སྲོལ་ཅན་དང་ལམ་ལུགས་ཅན་གྱི་གྲོས་མོལ་ལས་སྟེགས་འཐུས་ཚང་དུ་གཏོང་བ། གྲོས་མོལ་དང་མཉམ་འགུལ་གཏིང་ཟབ་བྱེད་ཤུགས་ཆེ་རུ་གཏོང་བ། བསམ་ཚུལ་གང་ལེགས་སྒོས་བརྗོད་པ། ཐུན་མོང་ངོས་འཛིན་གཅིག་སྡུད་ཀྱི་ཆུ་ཚད་རྒྱ་ཆེ་བ། མི་དམངས་ཀྱི་གནས་ཚུལ་རྟོག་ཞིབ་རྒྱ་ཆེར་བྱེད་པ་དང་གཏམ་བརྗོད་ཐབས་ལམ་རྒྱ་ཆེར་གཏོང་བ། མང་ཚོགས་ཀྱི་བསམ་འཆར་དང་ལེན་རྒྱ་ཆེར་བྱེད་པ། མཐུན་སྒྲིལ་བྱེད་རྒྱ་ཆེ་རུ་གཏོང་བ། གོང་བུར་འགྲིལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྔར་ལས་རྒྱ་ཆེ་ཞིང་ཕན་ནུས་ལྡན་པའི་སྒོ་ནས་དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཇེ་དམ་དུ་གཏོང་བ། མི་སེམས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མཚོ་བྱང་འཕེལ་རྒྱས་གཏོང་བར་འགོག་ཤུགས་ཉུང་དུ་གཏོང་བ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། བཞི་ནས་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། རིམ་པ་སོ་སོའི་སྲིད་གྲོས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་སྲིད་གྲོས་ཀྱི་བྱ་བ་སྔར་ལས་དམ་དུ་གཏོང་བ་དང་དོན་དངོས་བརྩོན་པ། གསོན་ཤུགས་ལྡན་པ་བཅས་ཡོང་བར་སྣེ་ཁྲིད་བྱས་ཏེ་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་དང་སྲིད་གྲོས་ཀྱི་འགན་སྒྲུབ་གཉིས་ཕན་ཚུན་སྐུལ་འདེད་གཏོང་ཐུབ་པར་བྱེད་དགོས། ཨུ་ཡོན་གྱི་སློབ་གསོ་གསོ་སྦྱོང་དང་འགན་སྒྲུབ་དོ་དམ་ཏན་ཏིག་ངང་སྒྲུབ་སྟེ་མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་ནུས་སུ་སྔར་ལས་ལེགས་པའི་སྒོ་ནས་འགྱུར་བར་བྱེད་དགོས། ཁུལ་ཡོངས་ཀྱི་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི"སྲིད་གྲོས་རྟོགས་པ་དང་གྲོས་མོལ་བྱེད་ཤེས། སྲིད་གླེང་བྱེད་མཁས། སྒྲིག་ཁྲིམས་སྲུང་བ། སྒྲིག་སྲོལ་བརྩི་བ། ཀུན་སྤྱོད་གཙིགས་འཛིན"བཅས་ཀྱི་བླང་བྱ་གལ་ཆེན་ལ་དམིགས་ནས་འགན་འཁྲི་སྒྲུབ་པའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་འགན་འཁྲི་འཁུར་ཕོད་པའི་དངོས་སྒྲུབ་པ་དང་བསྒྱུར་བཅོས་གོང་སྤེལ་གྱི་སྐུལ་འདེད་པ། ལས་རིགས་ཁག་སོ་སོའི་མང་ཚོགས་ཀྱི་སྙིང་ཉེ་བ་བཅས་སུ་འགྱུར་བར་འབད་བརྩོན་བྱེད་དགོས་ཟེར།
ཀྲུང་ཀྲི་ཅུན་གྱིས་མཇུག་ཏུ་བསྟན་དོན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ནུས་ཤུགས་ཡོད་རྒུ་བཏོན་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། ལྷག་པར་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱི་གསུང་བཤད་ཀྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ཏེ་མདུན་དུ་བསྐྱོད་ཐུབ་པའི་ཁག་འཁུར་དང་། སྔོན་ཐོན་བརྩོན་ལེན་བྱེད་ཕོད་པའི་བློ་སྟོབས། བྱས་རྗེས་འཇོག་མཁས་པའི་རང་རྟོགས་བཅས་སྔར་ལས་ཆེ་རུ་བཏང་སྟེ་བྱ་བ་སོ་སོའི་བསྒྱུར་བཅོས་གསར་གཏོད་དང་སྤུས་འབྲས་ལེགས་གཉེར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།
ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་གྲོལ།
ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གདན་ཞུས་ལྟར་ཚོགས་འདུར་ཟུར་ཞུགས་བྱས།
海北州政协十五届七次会议胜利闭幕
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
原文来源/海北州政协 图/祁连山报社记者 李潇 杜照林 才项什姐
责编/项吉当知
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系