མ་འོངས་པའི་གཟའ་འཁོར་གཅིག་རིང་གི་གནམ་གཤིས་སྔོན་བརྡ།(ཟླ1པོའི་ཚེས20ཉིན་ནས་ཟླ1པོའི་ཚེས26ཉིན་བར།)
སྔོན་དཔག་བྱས་ན་ཚེས24ཉིན་ནས་ཚེས26ཉིན་བར་ཁུལ་ཡོངས་སུ་གྲང་རླབས་ཀྱི་གནམ་གཤིས་འབྱུང་རྒྱུ་ཡིན་པ་དང་། གཟའ་འཁོར་གྱི་དུས་མཚམས་གཞན་དག་སྐབས་སུ་ཁུལ་ཡོངས་སུ་གནམ་ཐང་རྒྱུ་རེད། ཞིབ་ཕྲའི་སྔོན་བརྡ་གཤམ་གསལ་ལྟར།
ཟླ1པོའི་ཚེས20ཉིན་ནས་ཚེས23ཉིན་བར། ཁུལ་ཡོངས་ལ་གནམ་ཐང་བ་ནས་སྤྲིན་མང་རྒྱུ་རེད།
ཟླ1པོའི་ཚེས24ཉིན། འཇུ་ལག་ལ་ཁ་བ་འབྲིང་ཙམ་ནས་ཆེན་པོ་འབབ་པ་དང་ས་ཁུལ་གཞན་དག་ལ་ཁ་བ་ཆུང་ཙམ་འབབ་རྒྱུ་རེད། ཁུལ་ཡོངས་ཀྱི་ཉིན་རེའི་དྲོད་ཚད་མཐོ་ཤོས4~6℃བར་མར་ཆག་རྒྱུ་རེད།
ཟླ1པོའི་ཚེས25ཉིན། ཁུལ་ཡོངས་ལ་ཁ་བ་ཆུང་ཙམ་འབབ་རྒྱུ་རེད། ཉིན་རེའི་དྲོད་ཚད་མཐོ་ཤོས4~6℃བར་མར་ཆག་རྒྱུ་རེད།
ཟླ1པོའི་ཚེས26ཉིན། ཁུལ་ཡོངས་ལ་གནམ་ཐང་རྒྱུ་རེད། ཞོགས་པར་དྲོད་ཚད་དམའ་ཤོས6~10℃བར་མར་ཆག་པ་དང་ཉིན་རེའི་དྲོད་ཚད་མཐོ་ཤོས་མུ་མཐུད་དུ2~4℃མར་ཆག་རྒྱུ་རེད།
1.ཚེས24ཉིན་ནས་ཚེས26ཉིན་བར། ཁུལ་ཡོངས་ལ་དྲོད་ཚད་མར་ཆག་པ་ནས་ཁ་བ་འབབ་པའི་གནམ་གཤིས་འབྱུང་རྒྱུ་རེད། འགྲིམ་འགྲུལ་བདེ་འཇགས་དང་ནུས་ཁུངས་མཁོ་སྤྲོད་འགན་ལེན་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པས་བྱ་བའི་བཀོད་སྒྲིག་ལ་ཤུགས་བསྣན་ཏེ་གནམ་གཤིས་མི་ལེགས་པ་དེས་སྤྱི་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཐེབས་པའི་ཤུགས་རྐྱེན་སྔོན་འགོག་བྱེད་དགོས།
海北州未来一周天气预报
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
原文来源/海北州气象台
责编/冷公加
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系