ཟླ1པོའི་ཚེས23ཉིན་གྱི་དགོང་མོར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས86པ་འཚོགས་ནས། ཞིང་ཆེན་གྱི“ཚོགས་ཆེན་གཉིས”ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་མཚོ་བྱང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཚོགས་འདུའི་ཐོག་བསྟན་དོན། ཐེངས་འདིའི་ཞིང་ཆེན་གྱི“ཚོགས་ཆེན་གཉིས”ནི“ལྔ་བཅུ་བཞིའི”འཆར་འགོད་མཇུག་སྒྲིལ་པ་དང་། “ལྔ་བཅོ་ལྔའི”འཆར་འགོད་བཀོད་སྒྲིག་བྱེད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་དག་གལ་ཆེན་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་གྱིས་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་སོ་སོ་ལེགས་པར་བསྒྲུབས་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ཧུར་ཐག་སྒོས་འབྲི་བར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཚོགས་ཆེན་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་འདས་ཟིན་པའི་ལོ་གཅིག་ནང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་མངོན་གསལ་དོད་པ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་ཤིང་། ད་ལོའི་བྱ་བའི་སྤྱིའི་བླང་བྱ་དང་སྔོན་དཔག་དམིགས་འབེན། གཙོ་གནད་ལས་འགན་བཅས་ཁ་གསལ་བཟོས་ཡོད། ཚོགས་ཆེན་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་བྱ་བའི་སྙན་ཞུ་དང་། ཞིང་ཆེན་སྲིད་གྲོས་ཀྱི་བྱ་བའི་སྙན་ཞུ། ཞིང་ཆེན་ཁྲིམས་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་གང་ལེགས་སྒོས་མངོན་པ་དང་ད་ལོའི་བྱ་བའི་གཙོ་གནད་ལས་འགན་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱས་ཡོད། དེའི་རིང་། མཚོ་བྱང་ཁུལ་གྱི་འཐུས་མི་དང་ཨུ་ཡོན་གྱིས་བློ་གྲོས་ལྡན་པའི་གཏམ་བཤད་དང་དངོས་སྒྲུབ་ཀྱི་ཐབས་ཇུས་བཏོན་ནས་མཚོ་བྱང་གི་རྣམ་པ་གང་ལེགས་སྒོས་མངོན་པ་དང་མཚོ་བྱང་གི་སྐད་སྒྲ་ཁྱབ་སྤེལ་བྱས་ཡོད་ཟེར།
ཚོགས་འདུའི་ཐོག གཅིག་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཞིང་ཆེན་གྱི“ཚོགས་ཆེན་གཉིས”ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་སོ་སོ་དང་ཟུང་འབྲེལ་བྱས་ཏེ། ད་ལོའི་བྱ་བའི་བསམ་ཕྱོགས་དང་བྱ་བའི་དམིགས་འབེན་ཡང་བསྐྱར་འཐུས་ཚང་དང་ཡང་བསྐྱར་ཆེད་གླེང་བྱེད་པ་དང་། གཙོ་གནད་ལས་འགན་དང་འཕེལ་རྒྱས་བྱེད་ཐབས་ཡང་བསྐྱར་ཁ་གསལ་དང་ཞིབ་ཕྲ་གཏོང་དགོས་ལ། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོ་བའི་ཐོག་ནས་ཁུལ་གྱི“ཚོགས་ཆེན་གཉིས”ཡག་པོར་འཚོགས་ནས་ཞིང་ཆེན་གྱི“ཚོགས་ཆེན་གཉིས”ཀྱི་ཐབས་ཇུས་བཀོད་སྒྲིག་སོ་སོ་མཚོ་བྱང་དུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གཉིས་ནས་ཞིང་ཆེན་གྱི“ཚོགས་ཆེན་གཉིས”ཀྱི་བཀོད་སྒྲིག་བླང་བྱ་དམ་འཛིན་བྱས་ཏེ། “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”དང“མཚོ་བྱང་ལྔ”འཛུགས་སྐྲུན་ལས་འགན་ལ་དམིགས་ནས། ཧུར་ཐག་དང་རང་འགུལ་ངང་མཚོ་བྱང་འཕེལ་རྒྱས་དེ་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་སུ་འདྲེས་པར་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས། དམངས་འཚོ་འགན་སྲུང་དང་ཇེ་ལེགས་སུ་གཏོང་བ། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་བཅས་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ་ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན། ཚན་རིག་དང་མཐུན་པའི་སྒོ་ནས“ལྔ་བཅོ་ལྔའི”འཆར་འགོད་ཡག་པོ་བྱས་ཏེ་མཚོ་བྱང་ཁུལ་གྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་གཏོད་དགོས། གསུམ་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ནུས་ཤུགས་ཡོད་རྒུས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཞིབ་འཇུག་དང་འགྲེལ་བཤད་དམ་འཛིན་བྱས་ཏེ། གསར་བརྗེའི་གཞི་རྒྱུ་མུ་མཐུད་རྒྱུན་འཛིན་དང་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་ཡག་པོར་བཤད་པ་དང་། ཞིང་ཆེན་ཕྱི་ནང་དུ་སྐད་གྲགས་ཆོད་པའི་གསར་བརྗེའི་ཉམས་ཞིབ་ཀྱི་ཆས་རྟགས་དང་སློབ་གསོའི་རྟེན་གཞི་མུ་མཐུད་དུ་བསྐྲུན་དགོས། གཞོན་ནུ་ལོ་ཆུང་གི་གསར་བརྗེའི་ཉམས་ཞིབ་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་རྒྱ་ཁྱབ་ཏུ་སྤེལ་ཏེ། རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་བརྟན་པོར་བསྐྱོད་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ལ་དུས་རབས་ཀྱི་གཟི་དཔལ་འཕྲོས་སུ་འཇུག་དགོས་པའི་བླང་བྱ་བཏོན།
州委常委会召开会议 专题传达学习省“两会”精神 夏吾杰主持
会议要求,一要全面贯彻落实省委十四届八次全会精神,按照省“两会”部署要求,结合州委十三届十次全会确定的各项目标任务,对今年工作思路和工作目标进行再完善、再聚焦,对重点任务和发展举措进行再明确、再细化,高标准高质量开好州“两会”,推动省“两会”各项决策部署在海北落地落实。二要紧扣省“两会”部署要求,围绕“三个走在全省前列”和“五个海北”建设任务,积极主动把海北发展融入全省全国发展大局,统筹推进生态文明建设、经济转型升级、城乡融合发展、民生保障改善、社会和谐稳定,坚定信心、实干争先,科学谋划好“十五五”规划,走出一条符合海北实际的高质量发展新路子。三要坚持以党的政治建设为统领,全力抓好“两弹一星”精神研究阐释,继续传承红色基因,深入挖掘红色资源,讲好西路军故事,持续打造在省内外叫得响的红色研学品牌和教育基地,广泛开展青少年红色研学和干部教育培训,坚定走好文化传承发展之路,让“两弹一星”精神焕发时代光芒。
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
原文来源/海北党务 文/索南尼玛
责编/项吉当知
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系