ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2025-01-22 11:18   青海  

གསར་འགྱུར་གལ་ཆེན།

ཟླ1པོའི་ཚེས21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་ནས་ཐུག་འཕྲད་གནང་།  
ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློར་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་ཆེད། ཀྲུང་དབྱང་དྲིལ་སྒྲོག་པུ་དང་སྐྱེ་ཁམས་ཁོར་ཡུག་པུ་ཡིས《ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློའི་དྲི་བ་དྲིས་ལན》ཞེས་པའི་དཔེ་དེབ་རྩོམ་སྒྲིག་བྱས། དེབ་དེ་སློབ་སྦྱོང་དཔེ་སྐྲུན་ཁང་དང་མི་དམངས་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་ཐོག་པར་སྐྲུན་བྱས་པ་དང་དེ་རིང་ནས་བཟུང་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱ་རྒྱུ་རེད།
གྲངས་གཞི་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་སྤྱིའི་གཞི་ཁྱོན་གྱིས་བསྟུད་མར་ལོ15ལ་གོ་ལ་ཧྲིལ་པོའི་ཨང་དང་པོ་བཟུང་བ་རྒྱུན་འཁྱོངས་བྱས་ཡོད།
མི་དམངས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་ཁྲི1256གསར་དུ་བསྣན་པ་དང་ལས་ཞུགས་གནས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད།
ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པ3375ལ་གྱོད་དོན་ཐོ་འགོད་བྱས་པ་དང3917ལ་ཆད་གཅོད་བྱས།
རྒྱལ་ཁབ་ནུས་རྒྱུ་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། 2024ལོར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར98521ཟིན་པ་དེ་དུས་མཚུངས་ལས6.8%འཕར་ཡོད།

སྡོད་ཁང་འཛུགས་སྐྲུན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་རང་རྒྱལ་གྱིས་གྲོང་ཁྱེར་གསར་སྒྱུར་རྣམ་གྲངས་ཁྱོན་ཁྲི6ལྷག་ཙམ་ལག་བསྟར་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་ཁྲི2.9ཙམ་བཏང་ལ། ཕྱོགས་བསྡུས་རང་བཞིན་གྱི་ཕན་འབྲས་རིམ་བཞིན་མངོན་ཡོད།


ཚེས21ཉིན་གྱི་ཆུ་ཚོད1དང་སྐར་མ12སྟེང་། ཆུ་ཚོད8.5ཙམ་གྱི་གྲུ་ཁང་ནས་ཕྱིར་འབུད་པའི་བྱེད་སྒོ་བརྒྱུད། ལྷ་གྲུ་ཨང19པའི་འཇིག་རྟེན་འཕུར་སྐྱོད་པ་ཚའེ་ཞུས་ཀྲེ་དང་སུང་ལིང་ཏུང་། ཝང་ཧའོ་ཙེ་བཅས་ཀྱིས་མཐུན་སྦྱོར་དམ་ཟབ་བྱས་ཏེ་གྲུ་ཁང་ནས་ཕྱིར་འབུད་པའི་བྱེད་སྒོ་ཐེངས་གཉིས་པ་ལེགས་འགྲུབ་བྱུང་།
ཨ་རིའི་ཤར་ཕྱོགས་ཀྱི་ཚེས20ཉིན་གྱི་ཉིན་གུང་། ཁྲོམ་ཕུས་རྒྱལ་ཚོགས་ཐོག་ཁང་ཆེན་མོའི་སྒོར་དབྱིབས་ཚོམས་ཆེན་དུ་ཨ་རིའི་ཙུང་ཐུང་སྐབས47པའི་འགན་འཁུར་རྒྱུའི་དམ་བཅའ་བཞག
སྤྱི་ཚོགས།
ཚེས23ནས་ཚེས27བར། གྲང་རྒྱུན་གྱི་ཤུགས་རྐྱེན་དབང་གིས་རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་དྲོད་ཚད་ཡོངས་ཁྱབ་ཏུ8~12℃མར་ཆག་རྒྱུ་རེད། ས་ཁུལ་ཁག་ཅིག་གི་དྲོད་ཚད་མར་ཆག་ཚད14℃ཡན་ལ་སླེབས་རྒྱུ་རེད།
ཚེས21ཉིན།(དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་བརྒྱད་པ)སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འཁོར་སྐྱོད་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར2.2ལས་བརྒལ་ཡོད།
2025ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་མྱུར་བགྲོད་གཞུང་ལམ་ཐོག་བསྐྱོད་པར་རིན་བསྡུ་རྒྱུ་མིན་པ་དང་རིན་མེད་འགྲོ་སྐྱོད་དུས་མཚམས་ཀྱི་མགོ་ཚུགས་པ་ནས་མཇུག་སྒྲིལ་བའི་དུས་ཚོད་ནི་ཟླ1པོའི་ཚེས28ཉིན་ནས་ཟླ2པའི་ཚེས4ཉིན་བར་ཡིན།    
རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཨེ་ཤེ་ཡའི་དགུན་ཚོགས་ཀྱི་ཚོགས་རྟགས“ཧུའེ་ཧུའེ”དང་། “པིན་པིན”དང་། “ཉི་ཉི”སོགས་དམིགས་བསལ་གྱི་ཚོགས་རྟགས19ལ་ཞིབ་མཆན་བཀོད་ནས་ཐོ་འགོད་བྱས་ཡོད།  
ཉེ་ཆར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཧེ་ལུང་ཅང་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ལི་ཧའེ་ཐའོ་ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།
ཚེས21ཉིན་ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་དཔྱིད་གསར་དུས་ཆེན་གྱི་འཛད་སྤྱོད་དྲན་སྐུལ་ཁྱབ་བསྒྲགས་བྱས། འཛད་སྤྱོད་པས“གསེར་གྱིས་བཏུམ་པའི་དངུལ”སོགས་རྒྱན་ཆ་ཉོ་སྐབས་དབྱེ་འབྱེད་ཞིབ་ཕྲ་བྱེད་པ་དང་དྲིལ་སྒྲོག་རྫུན་མ་ལ་ཡིད་ཆེས་མི་བྱེད་པའི་དྲན་སྐུལ་བྱས།   
ཚེས21ཉིན་གྱི་ཆུ་ཚོད16དང་སྐར་མ50བར། 2025ལོའི་དཔྱིད་གསར་དུས་ཆེན་རིང་གི་གློག་བརྙན་གསར་པའི་སྤ་སེ་སྔོན་འཚོང་གི་སྡོམ་འབོར་དུང་ཕྱུར3ལས་བརྒལ་ཡོད།

ཉེ་ཆར། ཀོང་ཏུང་དང་ཧོ་ནན། ལེའོ་ཉིང་བཅས་ཀྱི་གྲོང་ཁྱེར་ཁག་ཅིག་གིས2025ལོར་གོ་རིམ་ལྡན་པ་དང་དུས་བཀག་ཁྱབ་ཁོངས། ཡང་ན་ཚད་བཀག་ས་ཁོངས་སུ་ཤོག་སྦག་རྒྱག་ཆོག་པ་ཁ་གསལ་བཟོས།


ཚེས21ཉིན་ནས་བཟུང་གསར་དུ་བསྐྲུན་པའི་ཁྲུང་ཆིང་ཞ་མོན་མྱུར་བགྲོད་ལྕགས་ལམ་གྱི་ཁྲུང་ཆིང་ཤར་ནས་ཀྲེན་ཅང་བར་གྱི་དུམ་བུ་དེ་འཇགས་རྣམ་ཞིབ་བཤེར་རྩིས་ལེན་དུས་མཚམས་སུ་སླེབས་ཡོད།     

ཀོང་ཞི་རུ་སྟག་མའི་མེ་ཏོག་གི་རིགས་གསར་པ་གསར་རྙེད་བྱུང་བ་དང་། གསར་རྙེད་བྱ་ཡུལ་ལ་གཞིགས་ནས“ཡོན་པའོ་རི་བོའི་སྟག་མའི་མེ་ཏོག”ཅེས་མིང་བཏགས།

སྲིད་ཇུས།
རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་དང་རྒྱལ་ཁབ་གྲངས་གཞི་ཅུས་དངོས་སུ་ཡིག་ཆ་སྤེལ་ནས་སྤྱི་པའི་གྲངས་གཞི་དེ་ས་ཞིང་སོགས་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་དང་འདྲ་བར་ཐོ་འགོད་བྱེད་དགོས་པ་དང་། རྒྱལ་ཡོངས་ཀྱི་སྤྱི་པའི་གྲངས་གཞིའི་ཐོན་ཁུངས་ཀྱི“རྩིས་ཐོ་གཅིག”ཆགས་དགོས་པ་ཐེངས་དང་པོར་ཁ་གསལ་བཏོན།
ཐེན་ཅིན་གྱིས་ཡིག་ཆ་སྤེལ་ཏེ་མཐོ་སློབ་ཁག་གིས་ལས་གཏོད་སློབ་ཆེན་སློབ་མར་ཕྱོགས་ནས་བསླབ་ཚན་ཇེ་ཉུང་དུ་གཏོང་བར་སྐུལ་ལྕག་གནང་པ་མ་ཟད།    ལས་གཏོད་ལག་ལེན་དང་ཟུང་འབྲེལ་བྱས་ནས་རང་བདག་གིས་མཐར་ཕྱིན་དཔྱད་རྩོམ(ཇུས་འགོད)ལེགས་འགྲུབ་བྱ་རྒྱུའི་ལྕག་སྐུལ་གནང་།  
ཧའེ་ནན་གྱིས་ཡིག་ཆ་བཏོན་ཏེ། འོས་འགན་སློབ་གསོའི་དུས་མཚམས་ཀྱི་སྒྱུ་རྩལ་བསླབ་ཚན་དེ་སློབ་ཆུང་ལ་གཟའ་འཁོར་རེར་ཆུ་ཚོད4ལས་མི་ཉུང་བ་དང་། དམའ་འབྲིང་ལ་གཟའ་འཁོར་རེར་ཆུ་ཚོད2ལས་མི་ཉུང་བ་བྱ་དགོས་ཞེས་བསྟན།

དེ་རིང་གི་གནམ་གཤིས།

ཤིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད་དང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་ལྷོ་ནུབ་རྒྱུད། མཚོ་སྔོན་གྱི་དབུས་རྒྱུད། ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད། ཅི་ལིན་གྱི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད།  དེའི་ནང་ཤིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད་དང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་འབྲིང་ཙམ་འབབ་རྒྱུ་རེད། ཧྲའན་ཞིའི་ལྷོ་རྒྱུད་དང་ཧུའུ་པེའི་ལྷོ་ནུབ་རྒྱུད། སི་ཁྲོན་གྱི་ཤར་རྒྱུད། ཁྲུང་ཆིང་གི་ས་ཆ་མང་ཆེ་བ། ཀུའེ་ཀྲོའུ་ཡི་བྱང་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད། ཀོང་ཏུང་གི་ཤར་ལྷོའི་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་ཆུང་འབབ་རྒྱུ་རེད།

ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/冷公加

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章