2035ལོར་སླེབས་སྐབས་གྲོང་གསེབ་ཀྱི་རྣམ་པ་འདི་འདྲར་འགྱུར་བར་བྱ་རྒྱུ

政务   2025-01-23 13:18   青海  
2035ལོར་གྲོང་གསེབ་གཞི་རྩའི་ཆ་ནས་དེང་རབས་འཚོ་བའི་ཆ་རྐྱེན་ལྡན་པར་འགྱུར་རྒྱུ་རེད། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆར《གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་བྱེད་པའི་སྤྱི་ལོ2024ལོ་ནས2027ལོའི་བར་གྱི་འཆར་འགོད》ཅེས་པ་པར་འགྲེམ་བྱས་ཡོད་པ་དང་། འཆར་འགོད་དེའི་ནང་། སྤྱི་ལོ2027ལོར་སླེབས་སྐབས། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ་བྱེད་པའི་ཐད་དོན་ངོ་མའི་འཕེལ་རིམ་ཐོན་པ་བྱ་རྒྱུ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་བ་བྱ་རྒྱུ་དེ་སྐས་རིམ་གསར་པར་སླེབས་པ་བྱ་རྒྱུ། སྤྱི་ལོ2035ལོར་སླེབས་སྐབས།  གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་བྱེད་པའི་ཐད་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་ཐོན་ནས། ཞིང་ལས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་པ་བྱ་རྒྱུ་དང་། གྲོང་གསེབ་ཏུ་གཞི་རྩའི་ཆ་ནས་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་ལྡན་པར་འགྱུར་བ་བྱ་རྒྱུ་རེད་ཅེས་བཏོན་འདུག
འཆར་འགོད་ནང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གོང་འཕེལ་གནས་སྟངས་ལེགས་སུ་གཏོང་རྒྱུ་དང་། རིགས་དབྱེ་བ་དང་གོ་རིམ་ལྡན་པའི་ཐོག་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ་བྱ་རྒྱུ། དེང་རབས་ཞིང་ལས་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ། འབྲུ་རིགས་ཀྱི་བདེ་འཇགས་རྨང་གཞི་ཁྱོན་ཡོངས་ནས་བརྟན་དུ་གཏོང་རྒྱུ། གྲོང་གསེབ་ཀྱི་ཐོན་ལས་སྤུས་ཚད་མཐོན་པོའི་སྒོ་ནས་གོང་འཕེལ་འགྲོ་བར་བྱེད་པ་དང་། ཞིང་པའི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་རྒྱུ། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱེད་པ་དང་། ལས་རིགས་ཁག་གི་ཤེས་ལྡན་མི་སྣ་གྲོང་གསེབ་ཁྱོན་ཡོངས་དར་རྒྱས་ཡོང་བར་བྱེད་པའི་ནང་ཞུགས་རྒྱུར་ཡིད་འགུག་བྱ་རྒྱུ། གྲོང་གསེབ་རིག་གནས་དར་རྒྱས་ཡོང་བ་བྱེད་པ་དང་། དུས་རབས་གསར་པའི་དཔལ་ཡོན་ལྡན་པའི་ཡུལ་སྲོལ་གསོ་སྤེལ་བྱ་རྒྱུ། གྲོང་གསེབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གོང་འཕེལ་གཏོང་ཐབས་བརྗེ་བསྒྱུར་མགྱོགས་སུ་གཏོང་རྒྱུ། འཚོ་སྡོད་དང་ལས་གཉེར་ལ་འཚམ་པའི་མཛེས་སྐྱིད་གྲོང་གསེབ་འཛུགས་སྐྲུན་བྱེད་པ་དང་། ཞིང་པའི་ཕན་བདེ་ཆེ་རུ་གཏོང་རྒྱུ། ཞིང་ལས་དང་གྲོང་གསེབ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་གསེབ་ཀྱི་གོང་འཕེལ་གྱི་གསོན་ཤུགས་འཕེལ་བར་བྱ་རྒྱུ། གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། གྲོང་གསེབ་བཅོས་སྐྱོང་དེང་རབས་ཅན་ལ་འགྱུར་བ་བྱ་རྒྱུ་རེད་ཅེས་བཏོན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/项吉当知

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章