མདའ་བཞི་རྫོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་།

政务   2025-01-22 17:46   青海  

མདའ་བཞི་རྫོང་གིས་ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་འགན་འཁྲི་འཁུར་སེམས་མངོན་པར་བྱེད།

ཟླ1པོའི་ཚེས19ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་མགོ་བརྩམས་ཤིང་། ཧྲིན་ཀྲང་ཚབ་མ་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། ཐེངས་འདིའི་ཚོགས་འདུར་ཞུགས་པའི་མཚོ་བྱང་གི་འཐུས་མི་རྣམས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ནས་དངོས་སྒྲུབ་ལག་བསྟར་དང་གསར་གཏོད་ཡར་རྒྱས་ཀྱི་འབད་བརྩོན་གྱི་སྟོབས་ཤུགས་ཚོར་བྱུང་།
ཞིང་ཆེན་དམངས་ཆེན་འཐུས་མིའམ་མཚོ་བྱང་ཁུལ་མདའ་མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སྟག་ལྷས་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མངགས་བཅོལ་ཡིད་ལ་བརྟན་པོར་བཅིངས་པ་དང་དྲིན་ཚོར་ཡར་བརྩོན་གྱི་འགན་འཁྲིའི་བརྩེ་སེམས་གང་ལེགས་མངོན་པ། "བརྟན་པོའི"ངེས་ཤུགས་ལ་བརྟེན་ནས་ཡིད་ཆེས་བརྟན་དུ་གཏོང་བ། "མདུན་སྐྱོད"ཀྱི་དམིགས་ཚད་ལ་བརྟེན་ནས་དངོས་སྒྲུབ་སྔོན་ཐོན་བརྩོན་ལེན་བྱེད་པ། "ཡོ་བསྲང"གི་བསམ་ཕྱོགས་ལ་བརྟེན་ནས་ཚད་བརྒལ་མདུན་སྐྱོད་བྱས་པས་མི་རྣམས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ནང་ཞུགས་པར་མདའ་བཞི་རྫོང་གིས་ངེས་པར་དུ་བསམ་བློར་བཅིངས་འགྲོལ་གཏོང་བ་དང་སྔོན་ཐོན་གནས་བབ་བརྩོན་ལེན་བྱས་ཏེ། ལྗང་མདོག་འཕེལ་རྒྱས་གཏིང་ཤུགས་སུ་བྱེད་པ་དང་ཕྱོགས་སྒྱུར་སྤུས་ཚད་མཐོ་རུ་གཏོང་རྒྱུ་དམ་འཛིན་བྱེད་པ། བཅོས་སྒྱུར་གསར་གཏོད་སྒུལ་ཤུགས་སུ་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་བར་བྱེད་དགོས་ཏེ། གཅིག་ནས་སྐྱེ་ཁམས་རྒྱུན་མཐུད་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་མ་བཅས་གཅིག་གྱུར་འཆར་འགོད་བྱས་ཏེ། ཙོང་ཆུ་སྲུང་སྐྱོབ་མནའ་འབྲེལ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས"བྱང་གསུམ"གྱི་དུས་ཐེངས་དྲུག་པའི་བཟོ་སྐྲུན་དང་རྒྱལ་ཁབ་ས་ཁོངས་ལྗང་སྒྱུར་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱེད་དགོས། གཉིས་ནས་ཐོན་ལས་རྒྱུན་མཐུད་གསར་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། ཆུ་དམར་འགག་བཟོ་ལས་གླིང་ཁུལ་དེ་ཞིང་ཆེན་རིམ་པའི་བཟོ་ལས་གླིང་ཁུལ་དུ་རིམ་སྤར་ཡོང་བར་བརྩོན་ལེན་བྱེད་པ། ཁེ་ཐུའུ"བྱེ་རྒོད"ས་ཁུལ་གྱི་འོད་ཤུགས་ཐོན་ལས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་དཔེ་སྟོན་ཁུལ་གསོན་སྒྱུར་བྱེད་པ། རིག་གནས་ཡུལ་སྐོར་འོས་སྦྱོར་བྱེད་སྒོ་རབ་དང་རིམ་པ་སྤེལ་བ། "ཞིང་ལས་དང་ལུས་རྩལ། རིག་གནས་ཡུལ་སྐོར། ཚོང་ལས"མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བ་བཅས་བྱས་ནས"བདེ་བརྟན་མདའ་བཞི་དང་གསར་བརྗེའི་གནས་མཆོག"གི་མཚན་སྙན་ཇེ་མཐོར་གཏོང་དགོས། གསུམ་ནས་དམངས་འཚོ་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྱོང་བྱེད་པ། སྤྱི་ཚོགས་འགན་ལེན་བྱ་ཐབས་ཇེ་ལེགས་སུ་བཏང་ནས་ནུབ་མཚོ་གྲོང་རྡལ་དང་མཁར་ཟུར་གསུམ་གྲོང་རྡལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཁྲོམ་གཞུང་རྙིང་བ་དང་། ས་འོག་སྦུག་ལམ། གྲོང་ཁྱེར་གྱི་སྒྲིག་བཀོད་གསར་བརྗེས་བསྒྱུར་བཀོད་བྱས་ཏེ། སྤྱི་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། གཞི་རྩའི་འགན་སྲུང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྐྱིད་བདེ་གསུམ་གྱི་སྣང་བ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

来源/西宁晚报 责编/彭毛才旦

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章