མཚོ་བྱང་ཁུལ་གྱི2025ལོའི་ལས་བྱེད་རྒན་པའི་ལོ་སར་བསུ་བའི་ཇ་སྟོན་ཚོགས་འདུ་མཚོ་བྱང་ཟི་ལིང་འཇོན་མིའི་ལས་ཤག་ཏུ་འཚོགས།
ཟླ1པོའི་ཚེས23ཉིན། མཚོ་བྱང་ཁུལ་གྱིས2025ལོའི་བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་ལས་བྱེད་རྒན་པའི་ལོ་གསར་བསུ་བའི་ཇ་སྟོན་ཚོགས་འདུ་མཚོ་བྱང་ཟི་ལིང་འཇོན་མིའི་ལས་ཤག་ཏུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཆན་གོ་ཆིན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཀྲི་ཅུན། ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་ཀྲང་ཨའེ་ཧུང་། སངས་འབུམ། ལའེ་མིན། སི་ཅི་ཧྲེན། ཚའོ་ཅི་ཆང་སོགས་དང་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་རྒན་པའི་འཐུས་མི་བཅས་ཁྱོན་བསྡོམས་མི80ལྷག་མཉམ་གཅིག་ཏུ་འཛོམས་ནས་བརྩེ་སེམས་ཟབ་མོས་འཕེལ་རྒྱས་ཀྱི་སྐོར་གླེང་སྟེ་བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུས་ཤིང་། མཉམ་དུ་མཚོ་བྱང་འཕེལ་རྒྱས་དང་མཛེས་སྡུག་ལྡན་པའི་མ་འོངས་པ་གླེང་། ཀྲང་ཨའེ་ཧུང་གིས་ཇ་སྟོན་ཚོགས་འདུ་གཙོ་སྐྱོང་གནང་།
ཚོགས་འདུའི་ཐོག་ཞིང་ཆེན་གྱི"ཚོགས་ཆེན་གཉིས"ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། 2024ལོའི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་གྲུབ་འབྲས་ཀྱི་ཆེད་དོན་བརྙན་ཐུང་ལ་མཉམ་དུ་བལྟས། ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་དང་། ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱི་ཚབ་ཞུས་ནས་ལས་བྱེད་རྒན་པ་ཚོས་དུས་ཡུན་རིང་པོའི་ནང་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ལོ་སར་གྱི་སྨོན་འདུན་དང་དུས་ཆེན་གྱི་འཚམས་འདྲི་ཡང་ཞུས་པ་རེད། ཁོས་བསྟན་དོན། 2024ལོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ངེས་དོན་གྱི་དོན་ཆེན་མང་པོ་བསྒྲུབས་པ་དང་། འཚོགས་མ་ཐག་པའི་ཞིང་ཆེན་གྱི"ཚོགས་ཆེན་གཉིས"ཀྱི་ཐོག་མཚོ་བྱང་གི་བཀྲག་མདངས་འཚེར་བའི་བྱ་བ་ཡང་ཡང་སྤེལ་བས་ཚོགས་ཞུགས་འཐུས་མིའི་གདེང་འཇོག་བཟང་པོ་ཐོབ་པ་རེད། གྲུབ་འབྲས་འདི་དག་ཐོབ་པ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་དང་ཁ་འབྲལ་ཐབས་མེད་པ་དང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བློ་གཅིག་སེམས་གཅིག་དང་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་ཁ་འབྲལ་ཐབས་མེད་ཞིག་ཡིན། ལས་བྱེད་རྒན་པ་ཚོས་བཏིང་བའི་རྨང་གཞི་བཟང་པོ་དང་སྣེ་ཁྲིད་པའི་དཔུང་ཁག་བཟང་པོ། བཞག་པའི་སྤྱོད་ཚུལ་བཟང་པོ། གྲུབ་པའི་སྙིང་སྟོབས་བཟང་པོ་བཅས་དང་དེ་བས་ཁ་འབྲལ་ཐབས་མེད་པས་མགོ་ཁྲིད་རྒན་པ་དང་བློ་མཐུན་རྒན་པ་རྣམ་པའི་སེམས་ཤུགས་དང་བློ་གྲོས་འདུས་ཡོད་ཟེར།ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། 2025ལོ་ནི"ལྔ་བཅུ་བཞི་པའི"འཆར་འགོད་ལག་བསྟར་མཇུག་བསྡུའི་ལོ་ཡིན་ལ"ལྔ་བཅོ་ལྔ་པའི"འཆར་འགོད་ཇུས་འགོད་བཀོད་སྒྲིག་གི་ལོ་ཡིན་ཞིང་། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པས་ད་ལོའི་བྱ་བ་ལེགས་པོ་སྒྲུབ་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་གྱི"ཚོགས་ཆེན་གཉིས"ཀྱིས་སྔར་ལས་ལྷག་པར་འབད་འཐབ་བྱེད་པའི་ཁ་ཕྱོགས་གསལ་པོར་བསྟན་ཡོད། དམིགས་འབེན་དང་ལས་འགན་འདི་དག་མངོན་འགྱུར་བྱེད་པར་ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐུན་མོང་ངང་འབད་བརྩོན་བྱེད་དགོས་ལ་མགོ་ཁྲིད་རྒན་པ་དང་བློ་མཐུན་རྒན་པ་ཚོས་སྔར་རྒྱུན་ལྟར་དེ་བས་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་དགོས། རྒྱ་ཆེའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་མགོ་ཁྲིད་རྒན་པ་དང་བློ་མཐུན་རྒན་པ་ཚོས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བར་མུ་མཐུད་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ"མཚོ་བྱང་ལྔ"འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་དབུལ་རྒྱུའི་རེ་བ་ཡོད་ཟེར། ཁོས་བསྟན་དོན། རྒྱང་སྐྱོད་ཀྱི་འགྲུལ་བཞུད་གསར་པར་གཞི་ཚུགས་ནས་སྐབས་རིམ་བྱུང་གི་མགོ་ཁྲིད་ཚན་ཁག་སོ་སོའི་སྲོལ་རྒྱུན་བཟང་པོ་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། མུ་མཐུད་བཅོས་སྒྱུར་གསར་གཏོད་དང་འགན་འཁུར་དངོས་སྒྲུབ་བྱས་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་སྒོས་གཏོད་ཐུབ་པར་ང་ཚོ་ཡིད་ཆེས་དང་ནུས་པ་ཡོད་ལ། དེ་དང་ཆབས་ཅིག་མུ་མཐུད་ལྷག་བསམ་ཟོལ་མེད་དང་བརྩེ་དུང་ཟབ་མོས་ལས་བྱེད་པ་རྒན་པའི་བྱ་བ་སྔར་བས་རང་འགུལ་ངང་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་ཆབ་སྲིད་ཐད་བརྩི་འཇོག་དང་བསམ་པའི་ཐད་བདག་སྐྱོང་། འཚོ་བའི་ཐད་གཅེས་སྐྱོང་བཅས་ཧུར་ཐག་བྱས་ཏེ་མགོ་ཁྲིད་རྒན་པ་དང་ལས་བྱེད་རྒན་པ་དག་རྒས་ཀྱང་བརྟེན་ས་ཡོད་པ་དང་རྒས་ཀྱང་སྤྲོ་སྣང་ཡོད་པ། རྒས་ཀྱང་ནུས་པ་ཐོན་རྒྱུ་བཅས་འགན་ལེན་བྱ་རྒྱུ་ཡིན་ཟེར། ཀྲང་ཧྲིང་ཡོན་གྱིས་ཁུལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པར་ལོ་སར་ཤིས་ཚིག་ཕུལ། ཁོས་བཤད་རྒྱུར། འདས་ཟིན་པར་ཕྱིར་དྲན་བྱས་ན་ང་ཚོར་གྲུབ་འབྲས་མང་པོ་ཐོབ་པ་དང་མ་འོངས་པའི་མདུན་ལམ་སྔར་བས་འོད་སྟོང་ལྡན་པར་གྱུར་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། “མདུན་གྲལ་དུ་བསྐྱོད་པ་གསུམ”ལ་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་དུ་ནུས་ཤུགས་འདོན་དགོས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་ནས་ཐོན་ལས“གནས་བཞིའི”འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། ཐུན་མོང་ཐོག་སྔར་བས་ཕྱུག་འགྱུར་དང་རིག་གནས། འཆམ་མཐུན། མཛེས་སྡུག བདེ་སྐྱིད་བཅས་ཀྱི“དག་སྣང་མཚོ་བྱང་། མདངས་ལྡན་གནས་མཆོག”ཅེས་པའི་མཛེས་སྡུག་གི་རི་མོ་འབྲི་དགོས་ཟེར།ཁུལ་ཞིབ་དཔྱོད་ཁང་གི་དེ་སྔའི་ཞིབ་དཔྱོད་མགོ་འཛིན་ཁའེ་ཞའོ་ཆིང་གིས་ལས་བྱེད་པ་རྒན་པའི་ཚབ་བྱས་ནས་གཏམ་བཤད་གནང་། ལོ་གསར་པའི་ནང་མུ་མཐུད་དུ་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་ཚད་མཐོའི་ཐོག་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་བྱ་བར་དམིགས་ཏེ་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱས་ནས“མཚོ་བྱང་ལྔ”འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར“སྟོབས་ཤུགས"འདོན་རྒྱུ་ཡིན་ཟེར། ཇ་སྟོན་ཚོགས་འདུའི་སྟེང་། མཚོ་བྱང་ཁུལ་མི་རིགས་གླུ་གར་ཚོགས་པ་དང་ལས་བྲལ་ལས་འཁྱུར་ལས་བྱེད་པའི“གསེར་དངུལ་ཐང”རོལ་དབྱངས་ཚོགས་པས་ཞབས་བྲོ་དང་མཉམ་ལེན། སྙན་ངག་གྱེར་འདོན། རོལ་ཆས་དཀྲོལ་གཏོང་སོགས་སྣ་མང་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་རེས་མོས་ངང་གར་སྟེགས་ཐོག་འཛོམས་ཏེ་ཚོགས་ཞུགས་མི་སྣར་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་དུས་ཆེན་བསུས། ལས་བྱེད་རྒན་པ་ཚོས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཡུན་རིང་བོར་སེམས་ཁུར་དང་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། རང་ནུས་ཅི་ལྕོག་གིས་མཚོ་བྱང་གི་བྱ་གཞག་སོ་སོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་བསམ་འཆར་དང་ཐབས་ཇུས་ཧུར་ཐག་འདོན་རྒྱུ་དང“སྟོབས་ཤུགས”ལེགས་སྐྱེས་སུ་ཕུལ་རྒྱུ་ཡིན་པར་བསྟན།
海北州2025年老干部迎新春茶话会在海北西宁人才公寓举办
在农历蛇年新春佳节即将到来之际。1月23日,海北州2025老干部迎新春茶话会在海北西宁人才公寓举行。州委书记夏吾杰,州委副书记、州长张胜源,州人大常委会党组书记钱国庆,州政协主席钟志军,州领导荣红智、张爱红、桑本、来明、司吉昇、曹际强等与离退休老干部代表共80余人欢聚一堂,互致新春祝福,共迎新春佳节、共话海北发展、畅谈美好未来。张爱红主持茶话会。
会上,传达学习了省“两会”精神,共同观看了2024年经济和社会事业发展成就专题片。夏吾杰代表州委、州人大常委会、州政府、州政协和全州各族干部群众,对老干部们长期以来为海北经济社会发展给予的关心和支持表示衷心感谢,并致以新春祝福和节日问候。他指出,2024年,在省委、省政府的坚强领导下,办成了许多大事、要事、实事,刚刚召开的省“两会”上,海北的亮点工作频频出圈,得到与会代表的好评,这些成绩的取得,离不开省委、省政府的正确领导,离不开全州上下的同心同德、团结奋斗,更离不开老干部们打下的好基础、带出的好队伍、留下的好作风、形成的好精神,凝聚着各位老领导、老同志的心血和智慧。夏吾杰强调,2025年是实施“十四五”规划收官之年,是“十五五”规划谋篇布局之年,州委十三届十次全会对做好今年工作进行了全面部署,省“两会”明确了进一步奋斗的方向,实现这些目标和任务,需要全州各级各部门和广大干部群众的共同努力,更需要各位老领导、老同志一如既往地关心和支持,衷心希望广大离退休老领导、老同志持续关心支持州委、州政府工作,为推进“五个海北”建设作出积极贡献。他表示,立足新征程,我们有信心有能力继承和发扬历届领导班子的好传统好作风,继续改革创新、担当实干,努力开创海北高质量发展新篇章。同时,也将继续以满腔热情和深厚感情,更加主动关心、支持老干部工作,努力做到在政治上尊重、精神上贴近、生活上关爱,确保老领导、老干部老有所依、老有所乐、老有所为。张胜源向全州广大离退休干部致新年贺词。他表示,回望过去我们收获满满,展望未来前景更加光明,我们要坚持以习近平新时代中国特色社会主义思想为指引,在推进“三个走在前列”方面持续用力,坚定不移打造生态文明高地,加快建设产业“四地”,共同绘就更加富裕、文明、和谐、美丽、幸福的“梦幻海北、五彩福地”优美画卷。州检察院原检察长开晓青代表老干部作了发言,表示新的一年将继续以高度的政治责任感,围绕州委州政府中心工作,关注和支持海北经济社会发展,为“五个海北”建设不断增添“银发力量”。茶话会上,海北州民族歌舞团与离退休干部“金银滩”乐团以舞蹈、合唱、诗歌朗诵、乐器演奏等多元艺术形式轮番登台,为与会人员带来了一场精彩的演出,赢得了热烈掌声,洋溢着欢快的节日氛围。老干部们纷纷表示,感谢州委、州政府长期以来的关心和关怀,将尽己所能、发挥余热,继续为海北各项事业的高质量发展积极建言献策、贡献“银发力量”。ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
原文来源/海北党务 文/海北州委办公室 州委老干部局 图/祁连山报社记者 陈文年
责编/冷公加
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系