➤ཞི་ཅིན་ཕིང་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ལིའོ་ཉིང་དུ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་བྱེད་པར་ཕེབས་ཏེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་ཤིང་། མི་རིགས་ཁག་གི་མི་དམངས་བདེ་ཞིང་སྐྱིད་པ་དང་རླབས་ཆེན་མེས་རྒྱལ་དར་ཞིང་རྒྱས་པའི་སྨོན་འདུན་ཞུས།
➤ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རིག་གནས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དཔལ་འབྱོར་སྲིད་ཇུས་འགའ》དཔར་འགྲེམ་བྱས།
➤ནོར་སྲིད་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར219702ཡིན་པ་དེ་ལོ་གོང་མ་ལས1.3%འཕར་ཡོད།
➤རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། 2024ལོར་རང་རྒྱལ་གྱི་རྒྱལ་སྤྱིའི་གཏོང་ཡོང་དངོས་ཟོག་དང་ཞབས་ཞུ་ཉོ་འཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་སྒོར་དུང་ཕྱུར503218ཟིན་པ་དེ་དུས་མཚུངས་ལས7%འཕར་ཡོད།
➤2024ལོའི་ལོ་མཇུག་བར་རང་རྒྱལ་གྱི་རླུང་ཤུགས་དང་ཉི་ནུས་གློག་འདོན་གཙོ་བྱས་པའི་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་སྒྲིག་སྦྱོར་གྱི་གཞི་ཁྱོན་སྟོང་ཝ་དུང་ཕྱུར14.5ཟིན་ནས་མེ་གློག་འཕྲུལ་འཁོར་སྒྲིག་སྦྱོར་གྱི་གཞི་ཁྱོན་ལས་ཐེངས་དང་པོར་བརྒལ།
➤ཚེས24ཉིན། ཧའར་པིན་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་བཙུགས་པ་དང་། འཐུས་མི་ཚོགས་པར་ཁྱོན་སྡོམ་མི257ཡོད་པའི་ནང་ལུས་རྩལ་པ170ཡོད།
➤ཚེས23ཉིན་གྱི་ཆུ་ཚོད23དང་སྐར་མ32སྟེང་། རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་འཕྲིན་གཏོང་ལག་རྩལ་གྱི་ཚོད་ལྟའི་སྲུང་སྐར་ཨང་བཅུ་བཞི་པ་མཁའ་དབྱིངས་སུ་འཕེན་གཏོང་བྱས་ཤིང་། སྲུང་སྐར་བདེ་བླག་ངང་སྔོན་ནས་གཏན་འཁེལ་བྱས་པའི་འཁོར་ལམ་དུ་སླེབས། སྲུང་སྐར་དེ་གཙོ་བོ་རླུང་འཕྲིན་བརྙན་འཕྲིན་དང་གཞི་གྲངས་བརྒྱུད་གཏོང་སོགས་ཀྱི་ལས་སྒོའི་ཐད་སྤྱོད་རྒྱུ་རེད།
སྤྱི་ཚོགས།
➤ཀྲུང་དབྱང་གནམ་དཔྱད་ལས་ཁུངས་ཀྱིས་གྲང་རྒྱུན་གྱི་ཉེན་བརྡ་སེར་པོ་མུ་མཐུད་དུ་ཁྱབ་བསྒྲགས་བྱས་པ་སྟེ། ཚེས24ཉིན་གྱི་ཆུ་ཚོད20ནས་ཚེས27ཉིན་བར། རང་རྒྱལ་གྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་སྔ་རྗེས་སུ8℃ནས12℃བར་མར་ཆག་རྒྱུ་དང་། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་། ཧྭ་བྱང་གི་ནུབ་རྒྱུད། ཁྲོན་ནུབ་ས་མཐོ་སོགས་ཀྱི་དྲོད་ཚད་མར་ཆག་ཚད14℃ཡན་ལ་སླེབས་རྒྱུ་རེད།
➤ཚེས24ཉིན(དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན11པ)སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འཁོར་སྐྱོད་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ཁྲི27274ཡིན།
➤ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། “2025ལོའི་རྒྱལ་ཡོངས་ཀྱི་དྲ་ཐོག་ལོ་གསར་ཚོང་ཟོག་དུས་ཆེན”སྤེལ་བ་ནས་ད་བར་ས་གནས་ཁག་གིས་སྒྲིག་འཛུགས་བྱས་པའི་ལེ་ལག་ཚང་བའི་བྱེད་སྒོ་ཐེངས400ལས་བརྒལ་བ་དང་། དྲ་ཐོག་སིལ་འཚོང་གྲངས་འབོར་སྒོར་དུང་ཕྱུར7000ལས་བརྒལ་ཡོད།
➤རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རིན་གཞོན་པ་ལི་ཝུའེ་ཝེ་ཡིས་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་ནས་ཕུད།
➤རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཕྱིར་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལོ་པའོ་མིང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་ནས་ཕུད།
➤ཚེས24ཉིན་ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་འཛད་སྤྱོད་ཀྱི་དྲན་སྐུལ་ཁྱབ་བསྒྲགས་བྱས་པ་སྟེ། འཛད་སྤྱོད་པས་སྒྲིག་སྲོལ་དང་མཐུན་པའི་ཐབས་ལམ་བརྒྱུད་ནས་འཛད་སྤྱོད་འཛིན་ཤོག་ལེན་པ་དང་བེད་སྤྱོད་བྱེད་པ་ལས། འཛིན་ཤོག་གསོག་ཉར་མི་བྱེད་པ་དང་། འཛིན་ཤོག་མི་ཉོ་བ། འཛིན་ཤོག་གཡོ་འཚོང་མི་བྱེད་པ། འཛིན་ཤོག་བརྒྱུད་འཚོང་བྱེད་པར་ཐུན་མོང་ཐོག་བཀག་འགོག་དང་ལྟ་སྐུལ་བྱ་རྒྱུའི་དྲན་སྐུལ་བྱས།
➤ཚེས24ཉིན། 2025ལོའི་ཨོ་སི་ཁྲུ་ལི་ཡའི་རྐུབ་སྟེགས་དྲ་འཕེན་སྤོ་ལོའི་བུད་མེད་གཉིས་ཀྱི་རྟིང་རྩོད་འགྲན་བསྡུར་ཁྲོད་ཀྲུང་གོའི་མཉམ་སྡེབ་འགྲན་ཞུགས་པ་ལི་ཞའོ་ཧུའེ་དང་ཝང་ཙི་དབྱིན་ལ་ཨང་དང་པོ་ཐོབ། དེ་ནི་ཀྲུང་གོའི་རྐུབ་སྟེགས་དྲ་འཕེན་སྤོ་ལོར་ཨང་དང་པོ་ཐོབ་པ་དང་པོ་ཡིན།
སྲིད་ཇུས།
➤དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་དང་བཟོ་ལས་ཆ་འཕྲིན་པུ་སོགས་སྡེ་ཚན་བཞིས་མཉམ་འབྲེལ་ཐོག་ནུས་རྒྱུ་གསར་པའི་རླངས་འཁོར་འགན་བཅོལ་གྱི་མཛུབ་ཁྲིད་བསམ་འཆར་ཁྱབ་བསྒྲགས་བྱས་ཏེ། ནུས་རྒྱུ་གསར་པའི་རླངས་འཁོར་ཉམས་གསོའི་མ་གནས་ལུགས་མཐུན་ངང་དམའ་རུ་གཏོང་རྒྱུ་དང་ནུས་རྒྱུ་གསར་པའི་རླངས་འཁོར་ཁག་ཅིག་གི་འགན་བཅོལ་གྲོན་དངུལ་མཐོ་བ་དང་འགན་བཅོལ་དཀའ་བ་སོགས་ཀྱི་གནད་དོན་རིམ་བཞིན་ཐག་གཅོད་བྱ་རྒྱུ་ཁ་གསལ་བཟོས།
➤སི་ཁྲོན་གྱིས་ལོ65ཡན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁེར་སྡོད་རྒན་པ་ཁྲི50ལ་དྲ་སྦྲེལ་ཅན་གྱི་རང་ཚུགས་མེ་ཚོར་མེ་སྐྱོན་ཉེན་བརྡ་རིན་མེད་ངང་སྒྲིག་སྦྱོར་བྱ་རྒྱུའི་ཇུས་གཞི་པར་འགྲེམ་བྱས།
དེ་རིང་གི་གནམ་གཤིས།
➤ཀན་སུའུ་ཡི་ས་ཆ་མང་ཆེ་བ་དང་། མཚོ་སྔོན་གྱི་ཤར་རྒྱུད། ནང་སོག་གི་དབུས་རྒྱུད། ཉིང་ཞ། ཧྲའན་ཞི། ཧྲན་ཞི། ཧོ་པེའི་ནུབ་རྒྱུད། ཧོ་ནན། ཧུའུ་པེའི་ནུབ་བྱང་རྒྱུད། ཁྲོན་ནུབ་ས་མཐོ། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ནས་འབྲིང་ཙམ་མམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་ནང་སོག་གི་དབུས་རྒྱུད་དང་། ཀན་སུའུ་ཡི་ཤར་རྒྱུད། ཉིང་ཞ། ཧྲའན་ཞི། ཧྲན་ཞིའི་དབུས་ལྷོ་རྒྱུད། ཧོ་ནན་གྱི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆེན་འབབ་རྒྱུ་རེད། ས་ཁུལ་ལ་ལར་ཁངས་ཆག་ལྷུང་རྒྱུ་རེད། ཁྲུང་ཆིང་གི་ས་ཆ་མང་ཆེ་བ་དང་། ཀུའེ་ཀྲོའུ་ཡི་བྱང་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད། ཧུའུ་པེའི་ས་ཆ་མང་ཆེ་བ། ཧོ་ནན་གྱི་ལྷོ་རྒྱུད། ཨན་ཧུའེ་ཡི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་རེད།
ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།
རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
责编/项吉当知
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系