ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2025-01-20 09:55   青海  

གསར་འགྱུར་གལ་ཆེན།

ཉེ་ཆར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད(2024ལོ་ནས2035ལོའི་བར)》པར་འགྲེམ་བྱས།

རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོའི་ནང་ཞིང་ཆེན་ནང་ཁུལ་དུ་ཐུན་མོང་རོགས་རམ་མི་ཐེངས་དུང་ཕྱུར3.71ལ་བྱས་པ་དང་། ཐུན་མོང་རོགས་རམ་དངུལ་གྲངས་སྒོར་དུང་ཕྱུར511.54ཡིན།

ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་ཚེས19ཉིན་ནས་བཟུང་དུས་ཡུན་ཟླ་བ་གཅིག་གི“2025ལོའི་དཔྱིད་གསར་དུས་ཆེན་གྱི་དྲ་རྒྱའི་ཁོར་ཡུག་བཅོས་སྒྲིག”གི་ཆེད་དོན་བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་བྱས།

2024ལོའི་ལོ་མཇུག་བར་རང་རྒྱལ་དངུལ་ཁང་གི་དངུལ་དོན་དོ་དམ་ཁྲོམ་རའི་རྒྱུན་མཐུད་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི29.95ཟིན་ནས་ལོ་མགོ་ལས11.75%འཕར་ཡོད།     

རང་བྱུང་ཐོན་ཁུངས་པུས་ཚེས19ཉིན་གྱི་ཆུ་ཚོད16སྟེང་བོད་ལྗོངས་ས་གཤིས་གནོད་འཚེའི་འགོག་སྲུང་དང་ལེན་བྱེད་མཚམས་བཞག   

ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་གཞུང་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ལྷ་གྲུ་ཨང་བཅུ་དགུ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གིས་ཉེ་ཆར་གོ་སྐབས་བདམས་ནས་གྲུ་ཁང་ནས་ཕྱིར་འབུད་བྱེད་པའི་བྱེད་སྒོ་ཐེངས་གཉིས་པ་སྤེལ་རྒྱུ་རེད།

ཚེས19ཉིན། རང་རྒྱལ་གྱིས་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པའི་སློབ་གླིང་དྲུག་པའི་པའོ་ལུང་ཡུས་ཚོད་ལྟའི་ཁུལ་དུ་དབྱང་གཤེར་རྡོ་སྣུམ་མེ་ཤུགས་འཕུར་མདའི་སྒུལ་བྱེད་འཕྲུལ་ཆས“ཉིན་གཅིག་ལ་ཚོད་ལྟ་གསུམ་བྱེད་པ”ཐེངས་དང་པོར་མངོན་འགྱུར་བྱུང་།     

བརྙན་ཐུང་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་ལས་སྟེགསTikTokཡིས་ས་གནས་དེ་གའི་དུས་ཚོད་ཚེས18ཉིན་གྱི་དགོང་མོར་ཨ་རིའི་གཞུང་ཕྱོགས་ཀྱི་བཀག་རྒྱ་ཚེས19ཉིན་ནས་བཟུང་ནུས་པ་ཐོན་པར་བརྟེན་ཨ་རིའི་སྤྱོད་མཁན་གྱིས་གནས་སྐབས་སུ་ལས་སྟེགས་དེའི་ཞབས་ཞུ་སྤྱོད་ཐབས་བྲལ་བའི་བརྡ་ཐོ་ཁྱབ་བསྒྲགས་བྱས།

ཚེས19ཉིན་གྱི་སྔ་དྲོར། དབྱི་སི་རལ་གྱི་ཙུང་ལི་གཞུང་དོན་ཁང་གིས་གསལ་བསྒྲགས་སྤེལ་དོན། ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)གྱིས་ཉིན་དེར་གློད་འགྲོལ་གཏོང་དགོས་པའི་བཀག་ཉར་མི་སྣ་གསུམ་གྱི་མིང་ཐོ་འབྱོར། ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་བཞག་ནས་བཟུང་དམག་བརྗེ་བའི་གྲོས་མཐུན་དེ་ས་གནས་དེ་གའི་ཚེས19ཉིན་གྱི་སྔ་དྲོའི་ཆུ་ཚོད11དང་སྐར་མ15ནས་བཟུང་ནུས་པ་ཐོན་རྒྱུ་རེད་ཅེས་བཤད།

ཚེས19ཉིན། དབྱིན་ཞི་ཡུའེ་ཧན་གོའི་རྩ་ཁྲིམས་དང་ཆབ་སྲིད་ལོ་རྒྱུས་ཐོག་ལས་ཐོག་ཙུང་ཐུང་དངོས་སུ་བཀག་ཉར་ཁང་དུ་བཀག་ཉར་བྱས་པའི་ཙུང་ཐུང་དང་པོར་གྱུར།    

སྤྱི་ཚོགས།

2025ལོའི་དཔྱིད་གསར་དུས་ཆེན་གྱི་གློག་བརྙན་སྔོན་འཚོང་བྱེད་མགོ་ཚུགས། ཉིན་དེའི་ཆུ་ཚོད14དང་སྐར་མ27བར་སྔོན་འཚོང་སྤ་སེའི་སྡོམ་འབོར་དུང་ཕྱུར་ལས་བརྒལ་ནས་ཀྲུང་གོའི་གློག་བརྙན་ལོ་རྒྱུས་ཀྱི་དཔྱིད་གསར་དུས་ཆེན་གྱི་གློག་བརྙན་སྔོན་འཚོང་བྱེད་ཚད་དུང་ཕྱུར་ལས་ཡུན་ཐུང་རིང་བརྒལ་བའི་ཟིན་ཐོ་གསར་དུ་བཏོད།

ཚེས18ཉིན་ཀྲུའུ་ཧའེ་ཀུང་པེ་འགག་སྒོ་ནས་རྒྱལ་མཚམས་སུ་འགྲོ་འོང་བྱེད་པའི་འགྲུལ་པ་མི་ཐེངས་ཁྲི43ལས་བརྒལ། ལོ་ལྔའི་རིང་ཁྲི40ལས་བརྒལ་བ་ཐེངས་དང་པོ་ཡིན།

2024ལོར། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་མེ་མདའ་དང་འབར་གས་གྱོད་གཞི་ཁྱོན་ཁྲི2.2རྩད་གཅོད་བྱས། རྒྱལ་ཡོངས་ཀྱི་མེ་མདའ་བཟུང་བ་དང་འབར་གས་བྱས་པའི་ཉེས་གསོག་གྱོད་གཞི་དུས་མཚུངས་ལས29.7%ཆག་ཡོད།

ཡུན་ནན་གྱིས་རང་རྒྱལ་ས་ཁོངས་ནང་གི་ནུའུ་ཅང་གཙང་པོའི་གསེར་སྤྲེལ་གྱི་རིགས་ཚོགས་གསུམ་པ་ཤེས་རྟོགས་བྱུང་བ་དང་། གྲངས་འབོར60ནས80བར་ཡོད།

ཉེ་ཆར་རང་རྒྱལ་གྱིས་ཀན་སུའུ་ཨན་པ་ལི་པེ་དང་ནང་སོག་ཧ་ཏ་མོན་ཀུའུ། ཧེ་ལུང་ཅང་ཐ་ཧོ་པའོ་ཞིན་ཀོའུ་བཅས་གཏེར་ཁུལ་གསུམ་དུ་གསེར་གཏེར་འཚོལ་བར་ཚད་བརྒལ་བྱུང་བ་དང་། གསེར་གྱི་ཐོན་ཁུངས་རིམ་རྩིས་བྱས་ན་ཏུན168གསར་དུ་བསྣན་ཡོད།

ཚེས18ཉིན་ལི་པེ་རི་ཡ་ནས་ཡོང་བའི“ཕུགས་འདུན”རྟགས་ཅན་གྱི་སྦྲག་སྐྱེལ་གྲུ་གཟིངས་ཐོག་འགྲུལ་པ1600ཙམ་བསྡད་ནས2025ལོའི་ཐེན་ཅིན་སྦྲག་སྐྱེལ་གྲུ་ཁར་མཚོ་ཐོག་དཔྱིད་གསར་སྐྱེལ་འདྲེན་བྱེད་པའི་མགོ་ཚུགས།

ཧོ་པེ་ཧན་ཏན་གྱི་བུད་མེད་ཅིག་གིས་སེམས་ཆུང་མ་བྱས་པར་གཙང་པོའི་ནང་དུ་ལྷུང་བ་ན། ཉེ་འགྲམ་དུ་ཡོད་པའི་ཧོ་ཏ་ཡིས་ཤེས་རྗེས་འཕྲལ་དུ་ཆུ་ནང་དུ་མཆོང་ནས་མི་བསྐྱབས་པ་དང་། མཐར་མང་ཚོགས་ཀྱི་རོགས་རམ་འོག་བུད་མེད་དེ་རྒྱལ་ཁའི་ངང་མཚོ་འགྲམ་དུ་ཡར་འཐེན།

སྲིད་ཇུས།

ཧྲན་ཏུང་གིས་བསམ་འཆར་པར་འགྲེམ་བྱས་ནས་ལོ་རིམ3ནས6བར་གྱི་སྐད་ཡིག་སློབ་ཁྲིད་ཁྲོད་གཟའ་འཁོར་རེར་སློབ་ཚན1ཡིག་གཟུགས་སློབ་གསོའི་ཐད་སྤྱོད་རྒྱུར་སྐུལ་འདེད་བཏང་།

མཚོ་སྔོན་གྱིས་ཡིག་ཆ་སྤེལ་ནས་སློབ་གྲྭ་ཆུང་འབྲིང་དང་དེ་བཞིན་བུ་བཅོལ་ཁང་གི“ཟ་མ་ཟ་རོགས་ལྔའི”ལམ་ལུགས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། འགན་སྲུང་ལས་བྱེད་པ་དང་། སློབ་གྲྭའི་སློབ་སྤྱི(འགན་འཁུར་པ) འཛིན་བདག དགེ་རྒན་གྱི་འཐུས་མི། ཁྱིམ་བདག་གི་འཐུས་མི་བཅས་མི་སྣ་རིགས་ལྔ་ཡིས་ཟ་མ་ཟ་རོགས་བྱེད་རྒྱུ་རེད།

ཁྲུང་ཆིང་གིས་བྱེད་ཐབས་པར་འགྲེམ་བྱས་ནས་ཁེ་ལས་ཀྱིས་ནང་འདྲེན་བྱས་པའི་རང་བྱུང་ཚན་རིག་དང་ལས་གྲྭའི་ལག་རྩལ་ཁྱབ་ཁོངས་ཀྱི་ཕྱི་རྒྱལ་གྱི་རིམ་པ་མཐོ་བའི་ཤེས་ལྡན་མི་སྣར་ཆེས་མཐོ་བའི་ཞིབ་འཇུག་རྒྱབ་སྐྱོར་གྲོན་དངུལ་སྒོར་ཁྲི60མཁོ་འདོན་བྱེད་རྒྱུ་རེད།

དེ་རིང་གི་གནམ་གཤིས།

ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད་དང་ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་ནུབ་རྒྱུད། མཚོ་སྔོན་གྱི་དབུས་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་ཙམ་འབབ་རྒྱུ་རེད། དེའི་ནང་ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ་དང་བོད་ལྗོངས་ཀྱི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་ནས་ཁངས་ཆག་འབབ་རྒྱུ་རེད། ཀུའེ་ཀྲོའུ་ཡི་ནུབ་བྱང་རྒྱུད་དང་ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་ཆུང་འབབ་རྒྱུ་རེད།


ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/冷公加

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章