མཚོ་བྱང་འཐུས་མིས་ཞིང་ཆེན་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།

政务   2025-01-22 15:37   青海  

མཚོ་བྱང་གི་འཐུས་མི་ཚོགས་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་ནན་ཏན་བྱས།

ཟླ1པོའི་ཚེས19ཉིན་གྱི་ཕྱི་དྲོར། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་བྱང་གི་འཐུས་མི་ཚོགས་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་ནན་ཏན་བྱས།

འཐུས་མི་ཀྲའོ་ཡུའེ་ཞ་ཡིས་བཤད་རྒྱུར། ང་ཁྱོན་ཡོངས་ནས་སྲིད་གཞུང་བྱ་བའི་སྙན་ཞུར་མོས་མཐུན་ཡིན། འདི་ནི་འབད་བརྩོན་དང་མི་སེམས་ལ་སྐུལ་མ་ཐེབས་པའི་སྙན་ཞུ་ཡག་པོ་ཞིག་ཡིན་རེད། གྲངས་ཀ་དང་དཔེ་མཚོན་ངོ་མ་སྤྱད་ནས་སྐད་ཆ་བཤད་པ་དང་བདེན་འཚོལ་དངོས་གཉེར་གྱིས་མི་རྣམས་ལ་ཡིད་ཆེས་སྟེར་ཐུབ། ཁྱད་བསད་འགག་སྒྲོལ་བྱེད་པ། ཚད་བརྒལ་གསར་གཏོད་བྱས་ལ། འགན་འཁུར་ཕོད་པ་དང་ལོ་རྒྱུས་ཀྱི་རང་རྟོགས་གང་ལེགས་མཚོན་ཡོད། འདི་ནི་དངོས་དོན་སྒྲུབ་པ་དང་མི་རྣམས་ལ་སྐུལ་མ་ཐེབས་པའི་སྙན་ཞུ་ཡག་པོ་ཞིག་རེད། གནས་བབ་ལ་དབྱེ་ཞིབ་བྱས་པ་གཏིང་ཟབ་ཅིང་བཀོད་སྒྲིག་བྱ་བ་གནད་ལ་འཁེལ་ཞིང་ནུས་ལྡན་ཡིན་པ། སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འགལ་བ་གཙོ་བོ་དང་ལྟེ་བའི་ལས་འགན་དམ་འཛིན་བརྟན་པོ་བྱས་ཡོད་པས། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་གོང་འཕེལ་གསར་པ་བྱུང་པར་སྣེ་ཁྲིད་སྐུལ་འདེད་གཏོང་ཐུབ། འདི་ནི་དམངས་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་བྱེད་པའི་སྙན་ཞུ་བཟང་པོ་ཞིག་རེད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཡོད་པ་དང་ཞིང་ཆེན་གྱི་གནས་ཚུལ་དང་མཐུན་པ། དམངས་འདོད་མཚོན་ཞིང་དམངས་འཚོ་གླེང་ཡོད་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་གི་ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་བརྩོན་ལེན་བྱེད་པའི་སྒུལ་ཤུགས་ཆེན་པོ་ཞིག་གཅིག་སྡུད་ཐུབ་ཡོད། དེ་དང་ཆབས་ཅིག་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་བརྟན་པོ་ཡིན་པ། “ཆེས་ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་གཏན་འཁེལ་དང“སྔར་ལས་གལ་འགངས་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ལ་ངོས་འཛིན་དང་ཁོང་དུ་ཆུད་པ་སྔར་བས་གནད་ལ་འཁེལ་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་སྔར་བས་གསལ་པོ་དང་བྱེད་ཐབས་སྔར་བས་དངོས་སྒྲུབ་ཡིན་པ། རྩ་འཛུགས་སྡེ་ཁག་གིས་ཞིང་ཆེན་གྱི“ཚོགས་ཆེན་གཉིས”ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཞབས་ཞུའི་ལྟེ་གནས་ཀྱི་ཁྱོན་ཡོངས་ལ་དམ་པོར་དམིགས་ཏེ་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཧུར་ཐག་སྒོས་བསྐྲུན་པ་དང་ཐོན་ལས་འཕེལ་རྒྱས་ལ་དམིགས་ཏེ་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཞན་ཆ་ཁ་གསབ་བྱས་ནས་གཡུལ་སའི་བཙན་རྫོང་བརྟན་པོ་བསྐྲུན་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་སྒོས་འབྲི་རྒྱུར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱ་རྒྱུ་ཡིན། མཚོ་བྱང་ཁུལ་གྱིས་ས་ཁོངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། “ཇུས་འགོད”ཐད་འབད་བརྩོན་ཤུགས་ཆེན་བྱས་ནས་མ་ལག་གི་བསམ་གཞིགས་རྒྱུན་འཁྱོངས་དང་ཚན་རིག་དང་མཐུན་པའི་འཆར་འགོད་སྣེ་ཁྲིད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བཀོད་སྒྲིག་དང་མཐུན་ལ་མཚོ་བྱང་གི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་གཏོད་དགོས། “སྤུས་ཚད”ཐོག་གོང་འོག་ཚང་མས་འབད་བརྩོན་ཤུགས་ཆེན་བྱས་ཏེ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་སོགས་ཐོན་ཁུངས་སྣ་ཚོགས་བེད་སྤྱོད་ཡག་པོ་བྱས་ཏེ་ཁྱད་ཆོས་ལྡན་པའི་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་སྟོབས་ཆེར་གཏོང་བ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། “ཆས་རྟགས”ཐད་གོང་འོག་ཚང་མས་འབད་བརྩོན་ཤུགས་ཆེན་བྱས་ཏེ་གསར་བརྗེའི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གཏིང་ཟབ་བྱས་ནས་ཞིང་ཆེན་ཕྱི་ནང་དུ་སྐད་གྲགས་ཆོད་པའི་གསར་བརྗེའི་ཉམས་ཞིབ་ཆས་རྟགས་ཁག་གཅིག་བཏོད་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱིས་དུས་རབས་ཀྱི་གཟི་དཔལ་བསྐྲུན་དགོས་ཟེར། 

 འཐུས་མི་ལིའུ་ཁྲའོ་ཡིས་བཤད་རྒྱུར། ཧྲིན་ཀྲང་ཚབ་མ་ལུའོ་ཏུང་ཁྲོན་གྱིས་གནང་བའི་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ནང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཡོད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བཀོད་སྒྲིག་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེ་གྲུབ་འབྲས་ཕྱོགས་སྡོམ་བྱས་པ་དངོས་ཐོག་བདེན་འཚོལ་ཡིན་པ་དང་། གནད་དོན་དབྱེ་ཞིབ་གཏིང་ཟབ་པ། དམིགས་འབེན་གཏན་འཁེལ་ཚན་རིག་དང་མཐུན་ཞིང་། ལས་འགན་བཀོད་སྒྲིག་གནད་འཁེལ་དོན་དངོས་ཡིན་པས་ཆབ་སྲིད་ཀྱི་མཐོ་ཚད་དང་འཕེལ་རྒྱས་ཀྱི་སྟོབས་ཤུགས། དམངས་འཚོའི་དྲོད་ཚད་བཅས་མངོན་ཞིང་། དར་ཆ་མཐོན་པོར་བསྒྲེངས་པ་དང་སེམས་ཤུགས་གཅིག་ཏུ་འདུས་པ། མི་རྣམས་ལ་འབད་བརྩོན་བྱེད་པར་སྐུལ་མ་ཐེབས་པའི་སྙན་ཞུ་ཡག་པོ་ཡིན་པས། ང་ཁྱོན་ཡོངས་ནས་མོས་མཐུན་ཡིན།  གཅིག་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་ལས་སླ་མོ་ཞིག་མ་རེད། འདས་ཟིན་པའི་ལོ་གཅིག་གི་འཕེལ་རྒྱས་བརྒྱུད་རིམ་ནི་སྤྱིར་བཏང་མ་ཡིན་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང་མཚོ་སྔོན་ལ་དངོས་སུ་རྟོག་ཞིབ་བྱས་པས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དྲིན་དྲན་ཡར་བརྩོན་དང་དཔའ་སྐྱེད་མདུན་སྐྱོད་ཀྱིས་ནུས་ལྡན་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་བརྟན་བརླིང་དུ་གཏོང་བ་དང་། དཔལ་འབྱོར་འཁོར་སྐྱོད་སྐྱོན་བྲལ་བརྟན་པོ་ཡོང་བ། བཅོས་བསྒྱུར་སྒོ་འབྱེད་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། དམངས་འཚོ་འགན་སྲུང་ཏན་ཏིག་ངང་སྟོབས་ཆེར་གཏོང་བ། མི་རིགས་མཐུན་སྒྲིལ་མི་སེམས་ཀྱི་ཟབ་སར་འཇུག་པ། ཉེན་ཁ་སྔོན་འགོག་ནུས་ལྡན་ཡོང་བ་བཅས་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྲ་བརྟན་གྱི་གོམ་ཁ་གསར་བ་སྤོས་ཡོད། གཉིས་ནས་དམིགས་འབེན་དང་ལས་འགན་གྱིས་མི་རྣམས་ཀྱི་ཡར་བརྩོན་མདུན་སྐྱོད་ལ་སྐུལ་སློང་བྱས། སྲིད་གཞུང་གི་བྱ་བའི་སྙན་ཞུ་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ཀྱི་འགྱུར་ལྡོག་གསར་པ་དང་འཚམ་པ་དང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་གསར་པ་དང་དམ་པོར་བསྟུན་ཡོད། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་མཐུན་ལ། ཞིང་ཆེན་ཡོངས་ཀྱི2025ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་དང་གཙོ་གནད་བྱ་བར་བཀོད་སྒྲིག་བྱས་ཏེ། “སྔར་བས་གལ་ཆེན་བྱེད་པ་ལྔ”གསལ་པོར་བཏོན་པ་དང་ཕྱོགས་བདུན་གྱི་གཙོ་གནད་ལས་འགན་དངོས་ཐོག་བཀོད་སྒྲིག་བྱས་པ་དེ་མཚོ་སྔོན་འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་པ་རེད། ང་ཚོས་ཡིད་ཆེས་ཆེར་གཏོང་དང་དངོས་སྒྲུབ་བརྩོན་ལེན། འགག་སྒྲོལ་ཁྱད་གསོད། དཔའ་ངར་མདུན་སྐྱོད་ཀྱིས་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ནང་གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་གྲུབ་བྱས་ཏེ་ཧུར་བརྩོན་གྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབྲི་དགོས་ཟེར། 

འཐུས་མི་ཤ་བོ་སྐྱབས་ཀྱིས་བཤད་རྒྱུར། ཧྲིན་ཀྲང་ཚབ་མ་ལུའོ་ཏུང་ཁྲོན་གྱིས་ཚོགས་ཆེན་ལ་ཕུལ་བའི་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ནང་བརྗོད་དོན་གསལ་ཞིང་ཕུགས་འདུན་རྒྱང་རིང་བ། གཞི་གྲངས་ལ་བརྟེན་ནས་སྐད་ཆ་བཤད་རྒྱུ་རྒྱུན་འཁྱོངས་དང་གྲུབ་འབྲས་ཕྱོགས་སྡོམ་བྱས་ནས་དངོས་ཐོག་བདེན་འཚོལ་དང་ཁྱོན་ཡོངས་ལྟ་ཞིབ། དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་དང་གནད་ལ་འཁེལ་བ་ཡིན་པ། བྱ་བ་བཀོད་སྒྲིག་བྱེད་པའི་བསམ་ཕྱོགས་གསལ་པོ་དང་བྱེད་ཐབས་ནུས་ལྡན་ཡིན་པས་ཚད་མཐོ་ལ་གཏིང་ཟབ་པ། ཤུགས་ཆེ་བ། དྲོད་ལྡན་པའི་སྙན་ཞུ་ཡག་པོ་ཞིག་རེད། འདས་ཟིན་པའི་ལོ་གཅིག་ནང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “243”འཕེལ་རྒྱས་ཀྱི་བཀོད་པ་སྒྲིག་འཛུགས་བྱ་རྒྱུར་དམིགས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་བྱ་ཡུལ་འཛུགས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ཕྱོགས་གསུམ་གྱི་ཐདཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པའི”ལས་འགན་གཏན་ཁེལ་བྱས་ཏེ་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པས་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ནུས་ཤུགས་ཡོད་རྒུས་དཀའ་གནད་ཐག་གཅོད་དང་འཕེལ་རྒྱས་ཇུས་འགོད། དོན་འཁྱོལ་སྐུལ་འདེད་བཅས་བྱས་ནས“མཚོ་བྱང་ལྔའི”འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ཕྱིར་སོང་རྗེས། ང་ཚོས་སློབ་སྦྱོང་ཚོགས་འདུའི་དགོངས་དོན་མགྱོགས་མྱུར་བརྒྱུད་སྒྲོག་དང་སྲིད་གཞུང་གི་བྱ་བའི་སྙན་ཞུ་ཞིབ་འཇུག་གཏིང་ཟབ་བྱེད་པར་མ་ཟད། འཚོག་ལ་ཡོད་པའི་ཁུལ་གྱི“ཚོགས་ཆེན་གཉིས”ཐོག་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ་སྙན་ཞུའི་ནང་བཏོན་པའི་ཐབས་ཇུས་བཀོད་སྒྲིག་སོ་སོ་མཚོ་བྱང་དུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་ཟེར།

འཐུས་མི་ཀྲང་ཧྲིང་ཡོན་གྱིས་བཤད་རྒྱུར། སྲིད་གཞུང་གི་བྱ་བའི་སྙན་ཞུའི་ནང་གྲུབ་འབྲས་ཕྱོགས་བསྡོམས་བྱས་པ་ཆ་ཚང་ཞིང་གནད་ལ་འཁེལ་བ། དངོས་ཐོག་བདེན་འཚོལ་ཡིན་པ། དུས་བབ་ལ་དབྱེ་ཞིབ་བྱེད་པའི་མ་ལག་ཁྱོན་ཡོངས་ནས་གཏིང་ཟབ་ཡིན་པ། བྱ་བའི་འཆར་འགོད་ཀྱི་བསམ་ཕྱོགས་གསལ་པོ་དང་བྱེད་ཐབས་ནུས་ལྡན་བཅས་ཡིན་པས་བདེན་འཚོལ་དངོས་སྒྲུབ་འདུ་ཤེས་དང་བསྒྱུར་བཅོས་སྒོ་འབྱེད་འདུ་ཤེས། གསར་གཏོད་སྙིང་སྟོབས་བཅས་གང་ལེགས་མཚོན་ཡོད་པས་དམངས་འདོད་མཚོན་པ་དང་དམངས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་པ། མི་སེམས་ལ་སྐུལ་མ་གཏོང་བ། མི་རྣམས་ལ་འབད་བརྩོན་ཡོང་བར་འབོད་སྐུལ་གཏོང་བའི་སྙན་ཞུ་ཡག་པོ་ཞིག་རེད། ན་ནིང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག་མཚོ་བྱང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི“མདུན་གྲལ་དུ་བསྐྱོད་པ་གསུམ”གྱི་བྱ་བའི་བླང་བྱར་དམིགས་ནས། བརྟན་ཐོག་ཡར་འཕེལ་དང་ཡར་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད། སྔོན་འཛུགས་རྗེས་གཏོར་བཅས་རྒྱུན་འཁྱོངས་བྱས་ཏེ་འཕར་ཚད་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་ནུས་ལྡན་བྱས་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་བརྟན་པོའི་ངང་འཕེལ་རྒྱས་བྱུང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་རིམ་བཞིན་མངོན་པ་རེད། ཕྱིར་སོང་རྗེས། ང་ཚོས་སྙན་ཞུའི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་འཁེལ་བ། ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མཉམ་འདྲེས་དང་ཞབས་འདེགས་ཞུ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་དཔལ་འབྱོར་རིགས་སྒྱུར་རིམ་སྤོར། གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས། དམངས་འཚོའི་འགན་སྲུང་ལེགས་གཏོང་། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་བཅས་གཅིག་གྱུར་སྐུལ་འདེད་བཏང་སྟེ།  “ལྔ་བཅུ་བཞི”ཕུན་སུམ་ཚོགས་པར་མཇུག་བསྒྲིལ་བ་དང“ལྔ་བཅོ་ལྔ”མགོ་ཚུགས་པར་རྨང་གཞི་བཏིང་ནས་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་བྱས་ཏེ། “མཚོ་བྱང་ལྔ”འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་ཧུར་བརྩོན་ཆེན་པོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་གྱི་མཚོ་བྱང་གི་ལེའུ་འབྲི་དགོས།

འཐུས་མི་ཀེ་ཝུན་ཕིང་གིས་བཤད་རྒྱུར། ང་སྲིད་གཞུང་གི་བྱ་བའི་སྙན་ཞུར་མོས་མཐུན་ཡིན། མྱོང་ཚོར་གསུམ་ཡོད་པ་སྟེ། གཅིག་ནས2024ལོའི་ཞིང་ཆེན་སྲིད་གཞུང་གི་བྱ་བས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཡོད་དེ། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་མཚོ་སྔོན་གྱི་གོ་གནས་གལ་ཆེན་སྔར་བས་གསལ་པོ་བྱུང་བ་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་གཙོ་གནད་སྔར་བས་འབུར་དུ་ཐོན་པ། ཁ་ཕྱོགས་སྔར་བས་གསལ་བོ་བྱུང་བ་རེད། གཉིས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱད་ཆོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ་འགག་སྒྲོལ་ཁྱད་གསོད་དང་བབ་བསྟུན་འགྱུར་བ། ཕྱོགས་བསྡུས་ཐབས་ཇུས་ལག་བསྟར་བཅས་བྱས་ཏེ་ལོ་འཁོར་གྱི་དམིགས་འབེན་དང་ལས་འགན་ཁག་ལེགས་འགྲུབ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། གསུམ་ནས་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས། ནོར་སྲིད་ཆུང་བ་དང་དམངས་འཚོ་ཆེ་བ་རྒྱུན་འཁྱོངས་བྱས་ཏེ་ནོར་སྲིད་ཀྱིས་དམངས་འཚོའི་གཏོང་སྒོའི་བསྡུར་ཚད76%ཟིན་པས། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཡོད། 2025ལོ་ནི“ལྔ་བཅུ་བཞིའི”མཇུག་བསྡུས་པ་དང“ལྔ་བཅོ་ལྔའི”འཆར་འགོད་བཀོད་སྒྲིག་བྱེད་པའི་ལོ་ཡིན། སྙན་ཞུའི་ནང་གི་ཕྱོགས་བདུན་གྱི་བྱ་བ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་དང་མཐུན་ལ། དམིགས་ཚད། གནད་དོན། སྲིད་ཇུས། ཆོད་སེམས་བཅས་ཧ་ཅང་གསལ་བོ་རེད། ང་ཚོས་རྒྱལ་ཡོངས་ཞིང་ཆེན་ཡོངས་ཀྱི་དེང་རབས་ཅན་འཕེལ་རྒྱས་ཀྱི་དམིགས་འབེན་ལ་དམ་པོར་བལྟས་ནས་ནུས་ལྡན་མ་འཇོག་དང་ཚོང་འགུག་མ་འདྲེན་ལ་ཤུགས་བསྣན་ནས་སྒོ་འབྱེད་རྒྱ་ཆེར་བཏང་སྟེ་དམངས་འཚོ་དངོས་དོན་ཡག་པོ་སྒྲུབ་དགོས་ཟེར། 


ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

原文来源/海北州人大常委会 图/祁连山报社记者 陈文年

责编/冷公加

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章