ཁྱིམ་ཚང་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་གྱོད་དཔེ་འགའ་བསྒྲགས་འདུག
ཚེས་ཉེར་ལྔ་ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་ཉེས་གསོག་གི་དཔེ་མཚོན་གྱོད་དཔེ་ལྔ་མཉམ་འབྲེལ་ཐོག་ཡོངས་བསྒྲགས་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པར་དོ་ཁུར་དང་མཐོང་ཆེན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ། བུད་མེད་དང་བྱིས་པ་སོགས་ཁྱིམ་ཚང་གི་གཏུམ་སྤྱོད་ནང་གནོད་འཚེ་ཕོག་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ནས། གཏུམ་སྤྱོད་སྤེལ་མཁན་དང་མངོན་མེད་གཏུམ་སྤྱོད་སྤེལ་མཁན་ལ་ཟིལ་གནོན་ནུས་ལྡན་བྱས་ཡོད།
དཔེ་མཚོན་གྱོད་དཔེ་ལྔ་ནི། ཞུ་སྦྱོར་ཕྱི་མ་ཞེ་གེ་མོས་བསམ་བཞིན་དུ་མི་བསད་པའི་གྱོད་གཞི་དང་། ཞུ་སྦྱོར་ཕྱི་མ་བ་ཀྲའོ་གེ་མོས་བསམ་བཞིན་དུ་མི་བསད་པའི་གྱོད་གཞི། ཞུ་སྦྱོར་ཕྱི་མ་བ་ལིའང་གེ་མོས་བསམ་བཞིན་དུ་གནོད་འཚེ་བཏང་བའི་གྱོད་གཞི། ཞུ་སྦྱོར་ཕྱི་མ་བ་ལིའུ་གེ་མོས་མནར་གཅོད་བཏང་བ་དང་བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱས་པའི་གྱོད་གཞི། ཞུ་སྦྱོར་ཕྱི་མ་བ་ཝང་གེ་མོས་ཁྲུན་ཐག་བཅད་པའི་གྱོད་གཞི་ལག་བསྟར་གཏན་ནས་མ་བྱས་པའི་གྱོད་གཞི་བཅས་ལྔ་ཡིན་པ་རེད།
མཚམས་སྦྱོར་བྱས་པར་གཞིགས་ན། དཔེ་མཚོན་གྱོད་གཞིས་གུ་ཡངས་དང་ནན་པོ་ཟུང་དུ་འབྲེལ་བའི་ཉེས་དོན་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཤིང་། མི་དམངས་ཁྲིམས་ཁང་གིས་ཁྱིམ་ཚང་དུ་གཏུམ་སྤྱོད་སྤེལ་སྐབས་གདུག་རྩུབ་ཆེ་བའམ་མཇུག་འབྲས་ཚབས་ཆེན་བཟོས་པའི་ཉེས་ཅན་ལ་ཁྲིམས་ལྟར་ཉེས་ཆད་ནན་མོ་བཅད་ཡོད། དཔེར་ན། ཞུ་སྦྱོར་ཕྱི་མ་བ་ཞའེ་གེ་མོས་བསམ་བཞིན་དུ་མི་བསད་པའི་གྱོད་གཞིའི་ཁྲོད། ཞའེ་གེ་མོས་རྒྱུན་དུ་རྒྱན་འཛུགས་ལ་སེམས་ཆགས་ནས་ཐེངས་མང་པོར་ཝུན་གེ་མོར་ཉེས་རྡུང་དང་གཤེ་གཤེ་བཏང་ཤིང་། ཝུན་གེ་མོས་མི་དམངས་ཁྲིམས་ཁང་ལ་བཟའ་ཚང་འཐོར་རྒྱུའི་ཞུ་གཏུག་བྱས། ཞའེ་གེ་མོས་མོ་ལ་འཇིགས་སྐུལ་བྱས་ཏེ་ཞུ་གཏུག་ཕྱིར་འཐེན་བྱེད་དགོས་བཤད་མོད་བསམ་ཐོག་མ་སོང་བས། ཝུན་གེ་མོ་ལ་གྲི་ཡིས་ཐེངས་འགའ་བརྒྱབ་ནས་དེ་ག་ནས་བསད་པ་རེད། མི་དམངས་ཁྲིམས་ཁང་གིས་ཞའེ་གེ་མོས་བསམ་བཞིན་དུ་མི་བསད་པའི་བྱས་ཉེས་ལྟར་སྲོག་ཁྲིམས་བཅད་པ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད། ཞའེ་གེ་མོར་ཁྲིམས་ལྟར་སྲོག་ཁྲིམས་བཅད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མི་དམངས་ཁྲིམས་ཁང་གིས་ཡུན་རིང་ཁྱིམ་ཚང་གི་གཏུམ་སྤྱོད་ཕོག་པ་དང་ཁོང་ཁྲོ་བཟོད་ཐབས་བྲལ་ནས་གཏུམ་སྤྱོད་སྤེལ་མཁན་ལ་གནོད་འཚེ་བཏང་བ་དང་། དམར་གསོད་བཏང་རིགས་ལ། གྱོད་གཞིའི་འབྱུང་རྐྱེན་དང་། བྱ་སྤྱོད་ཀྱི་ངོ་བོ། གནོད་འཚེ་ཕོག་མཁན་གྱི་ནོར་འཛོལ་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ནས་ཁྲིམས་ལྟར་གུ་ཡངས་ཐག་གཅོད་བྱས་པ་རེད། ཞུ་སྦྱོར་ཕྱི་མ་བ་ཀྲའོ་གེ་མོས་བསམ་བཞིན་དུ་མི་བསད་པའི་གྱོད་གཞིའི་ཁྲོད། ཀྲའོ་གེ་མོས་ལིའུ་གེ་མོའི་ཡུན་རིང་ཁྱིམ་ཚང་གི་གཏུམ་སྤྱོད་བཟོད་མ་ཐུབ་པར་ཁོང་ཁྲོ་ཆེན་པོ་ལངས་ཏེ། ཁྱིམ་ཚང་གི་གཏུམ་སྤྱོད་ལས་ཐར་ཆེད་ཐབས་སྡུག་སྤྱད་ནས་ལིའུ་གེ་མོ་བསད་པ་རེད། དེའི་རྗེས་ཀྲའོ་ཡིས་ཉེན་ཞུ་ཁ་པར་110བརྒྱབ་སྟེ་རང་ཉེས་ངོས་ལེན་བྱས་པ་དང་། གྱོད་དོན་ཞིབ་བཤེར་ཁྲོད་ནག་ཉེས་ངོས་ལེན་བྱས་པ་རེད། མི་དམངས་ཁྲིམས་ཁང་གིས་བསམ་བཞིན་དུ་མི་བསད་པའི་ཉེས་ཚབས་ཅུང་ཆུང་བའི་ཁྲིམས་ལ་ངོས་འཛིན་བྱས་ཏེ་ཉེས་ཆད་ཡང་པོ་བཅད་པ་རེད།
གཞན་ཡང་། དཔེ་མཚོན་གྱོད་གཞིས་མི་ལུས་བདེ་འཇགས་སྲུང་སྐྱོབ་བཀའ་རྒྱའི་ཁྲིམས་འཛིན་དབང་གྲགས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ཡོད། ཞུ་སྦྱོར་ཕྱི་མ་བ་ཝང་གེ་མོས་ཁྲུན་ཐག་བཅད་དོན་ལག་བསྟར་མི་བྱེད་པའི་གྱོད་གཞིའི་ནང་ཞུ་སྦྱོར་ཕྱི་མ་ཝང་གེ་མོར་མི་དམངས་ཁྲིམས་ཁང་གིས་སྤྲད་པའི་མི་ལུས་བདེ་འཇགས་སྲུང་སྐྱོབ་བཀའ་རྒྱའི་ནུས་ཐོན་ཁྲུན་ཐག་བཅད་དོན་ལག་བསྟར་བྱེད་ནུས་ཡོད་ཀྱང་ལག་བསྟར་མི་བྱེད་པའི་གནས་ཚུལ་ཚབས་ཆེན་རེད། མི་དམངས་ཁྲིམས་ཁང་གིས་ཁྲུན་ཐག་བཅད་དོན་དེ་ལག་བསྟར་མི་བྱེད་པའི་ནག་ཉེས་སུ་བརྩིས་ནས་ནག་ཉེས་གཏན་འཁེལ་དང་ཆད་གཅོད་བྱས་ཏེ། ཁྲིམས་ལུགས་ཀྱི་ལ་རྒྱ་དང་དབང་གྲགས་སྲུང་སྐྱོབ་གང་ལེགས་དང་། མི་ལུས་བདེ་འཇགས་སྲུང་སྐྱོབ་བཀའ་རྒྱ་ལག་བསྟར་བྱེད་རྒྱུར་འགན་སྲུང་བྱས་ཡོད།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག