རྒན་མོ་ཞིག་ཁྱིམ་ནས་ཕག་རྒོད་ཀྱིས་བསད་པའི་དོན་རྐྱེན་སྐོར།
ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན། ཧྲའན་ཤིས་ལན་ཀའོ་རྫོང་ཙའོ་ལུང་གྲོང་རྡལ་ཧོང་ཞིན་གྲོང་ཚོར་ཕག་རྒོད་ཀྱིས་མི་ལ་རྨས་སྐྱོན་བཏང་ནས་ཤི་བའི་དོན་རྐྱེན་ཞིག་ཐོན་ཞིང་། ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན་ལན་ཀའོ་རྫོང་གིས་ཕག་རྒོད་ཀྱིས་མི་ལ་རྨས་སྐྱོན་བཟོས་ནས་ཤི་བའི་དོན་རྐྱེན་གྱི་གནས་ཚུལ་གསལ་བཤད་བྱས། དོན་རྐྱེན་བྱུང་རྗེས། ས་གནས་དེ་གར་མཉམ་འབྲེལ་བརྟག་དཔྱད་ཚོ་ཆུང་བཙུགས། ཞིབ་བཤེར་རགས་རིམ་བྱས་པ་བརྒྱུད། ཉེ་དུས་ཕག་རྒོད་ཀྱིས་ལོ་ཏོག་ལ་གནོད་འཚེ་ཚབས་ཆེན་བཏང་བས། ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོ་ཁྲེན་ག་གེ་མོ་སོགས་མི་བཞི་ཡིས་རྔོན་ཁྱི་ཁྲིད་དེ་རང་འགུལ་ངང་རི་འགོར་ཕག་རྒོད་བདའ་རུ་སོང་། རྔོན་ཁྱིས་བདའ་བའི་ཕག་རྒོད་ཞིང་དུད་ཀྱི་སྒོ་རའི་ནང་འཛུལ་བས། ལོ་དོན་དྲུག་ཡིན་པའི་རྒན་མོ་ཧུའུ་གེ་མོར་རྒོལ་བ་རེད། རྫོང་སྨན་ཁང་120མྱུར་སྐྱོབ་ལྟེ་གནས་ཀྱིས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཤི་བ་རེད།
བརྡ་ཁྱབ་ནང་། མིག་སྔར་འདུམ་འགྲིག་གི་གྲོས་མཐུན་བཞག་ཡོད་ཅེས་བཤད། དེ་དང་ཆབས་ཅིག་རྫོང་དེ་ཡོངས་སུ་ཕག་རྒོད་ཀྱིས་སྤྱི་ཚོགས་ལ་གནོད་འཚེ་གཏོང་བའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། ཕག་རྒོད་ཀྱི་རིགས་འོས་འཚམ་གྱིས་ཚོད་འཛིན་གང་ལེགས་བྱེད་པའི་ལས་དོན་སྤེལ་བ་དང་། གོ་རིམ་ལྡན་པའི་ངང་འཛིན་གསོད་བྱ་རྒྱུ་སྒྲིག་འཛུགས་བྱས། རི་སྐྱེས་སྲོག་ཆགས་ལ་དོགས་ཟོན་བྱེད་པའི་རྒྱུན་ཤེས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས། མི་མངོན་པའི་རྐྱེན་ངན་སེལ་བ་དང་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་རྒྱུའི་སྐོར་བཀོད་འདུག
ཕག་རྒོད་དང་ཐུག་ན་ཅི་ལྟར་བྱ་དགོས།
ཕག་རྒོད་ཀྱི་ལུས་སྟོབས་ཆེ་ལ་སོ་རྣོ་ངར་ཆེ་བ། ཕར་རྒོལ་བྱེད་ཤུགས་ཧ་ཅང་ཆེ་ཞིང་། ལྷག་པར་དུ་སྐྱེ་འཕེལ་དུས་ཚིགས་སམ་ཡང་ན་འཇིགས་སྐྲག་ཐེབས་པའི་སྐབས་སུ་ཉེན་ཁ་ཅན་ལ་འགྱུར་སྲིད། གལ་ཏེ་ཕག་རྒོད་ཁྱོད་ཀྱི་ཕྱོགས་སུ་ཡོང་ན་ཇི་ལྟར་བྱེད་དགོས།
གཅིག སེམས་རྣལ་དུ་ཕབ་ནས། སྐད་ཆེན་པོ་རྒྱག་པའམ་རྡོ་དང་དབྱུག་པས་ཕག་རྒོད་ལ་ཕར་རྒོལ་བྱེད་མི་ཉན། དེ་ལྟར་བྱས་ན་ཕག་རྒོད་ཁོང་ཁྲོ་སློང་སླ་ལ་ཕག་རྒོད་ཀྱིས་འཇབ་རྒོལ་བྱེད་སྲིད།
གཉིས། མགྱོགས་མྱུར་སྐུང་ས་ཞིག་འཚོལ་དགོས། དཔེར་ན་གྱང་ལྡེབས་དང་སྡོང་བོ་སོགས་ཀྱི་རྒྱབ་ཏུ་ཡིབ་ནས་ཕག་རྒོད་ཀྱི་འཇབ་རྒོལ་ལས་གཡོལ་གང་ཐུབ་བྱེད་དགོས།
གསུམ། ག་ལེར་གནས་དེ་དང་འབྲལ་ཐབས་བྱེད་དགོས། ཡིན་ཡང་སྟབས་སྟབས་པོར་འབྲོ་མི་ཉན། བྲོས་ན་ཕག་རྒོད་ཁོང་ཁྲོ་སློང་སྲིད།
བཞི། འཇབ་རྒོལ་མི་ཐེབས་པའི་ཆེད་དུ་ཕག་རྒོད་ལ་རྒྱབ་གཏད་མི་རུང་། གང་ཐུབ་ཀྱིས་གདོང་གཏོད་དགོས་པར་མ་ཟད། དལ་མོར་ཕྱིར་མནུར་ནས་བདེ་འཇགས་ཀྱི་བར་ཐག་འཇོག་དགོས།
ཡོང་ཁུངས། འོད་སྣང་དྲ་བ།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག