ལོ་རྒྱུས་ཀྱི་ཟིན་ཐོ། ཀྲུང་གོའི་རླངས་འཁོར་འདི་རིགས་ཐོན་ཚད་བྱེ་བ་གཅིག་ལས་བརྒལ།
གསར་འགོད་པས་ཀྲུང་གོའི་རླངས་འཁོར་བཟོ་ལས་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན།༢༠༢༤ལོའི་ཟླ་༡༡པའི་ཚེས་༡༤ཉིན་གྱི་ཆུ་ཚོད་དགུ་དང་ཕྱེད་ཀྱི་ཐོག རང་རྒྱལ་གྱི་ནུས་ཁུངས་གསར་པའི་རླངས་འཁོར་ལོར་ཐོན་ཚད་ཐེངས་དང་པོར་བྱེ་བ་གཅིག་ལས་བརྒལ་བ་དང་དུས་མཚུངས་སུ་གོ་ལ་ཧྲིལ་པོར་ནུས་ཁུངས་གསར་པའི་རླངས་འཁོར་ལོ་འཁོར་ཐོན་སྐྱེད་བྱེ་བ་གཅིག་ལས་བརྒལ་ཐུབ་པའི་རྒྱལ་ཁབ་དང་པོའང་གྱུར་ཡོད་པ་རེད།
བསྡོམས་རྩིས་གཞི་གྲངས་ལས་མངོན་པར་ལྟར་ན།༢༠༡༣ལོ་ནི་ཀྲུང་གོའི་ནུས་ཁུངས་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་དེ་བསྡོམས་རྩིས་མ་ལག་ནང་བཅུག་པའི་ལོ་དང་པོ་དེ་ཡིན་པ་དང་ལོ་དེའི་རླངས་འཁོར་ཐོན་ཚད་ཁྲི་གཅིག་དང་བརྒྱད་སྟོང་ལས་མེད་པ་རེད། ༢༠༡༨ལོར་ལོར་རླངས་འཁོར་ཐོན་ཚད་འབུམ་གཅིག་ལ་ཟིན་པ་རེད། ༢༠༢༢ལོར་ལོ་འཁོར་རུ་རླངས་འཁོར་འབུམ་ལྔ་ལྷག་ཐོན་སྐྱེད་ཐུབ་ཡོད། ད་བར་དུ་ནུས་ཁུངས་གསར་པའི་རླངས་འཁོར་ཐོན་ཚད་བྱེ་བ་གཅིག་ལས་བརྒལ་བ་ལོ་རྒྱུས་ཐོག་དང་པོ་ཡིན་པ་མ་ཟད། ལོ་མཇུག་སླེབས་པར་ད་དུང་ཟླ་གཅིག་དང་ཟླ་ཕྱེད་ཡོད་ཀྱང་ན་ནིང་ལོ་ཧྲིལ་པོའི་རླངས་འཁོར་ཁྲི་958.7གྱི་ཐོན་ཚད་དང་བསྡུར་ན་བརྒྱ་ཆ་བཞི་དང་ཚགས་གསུམ་འཕར་ཡོད་པ་རེད། ཆེད་མཁས་པས་སྔོན་དཔག་བྱས་པར་གཞིགས་ན། གྲངས་གཞི་དེ་ལོ་མཇུག་ཏུ་བྱེ་བ་གཅིག་དང་ས་ཡ་གཉིས་ལས་བརྒལ་རྒྱུས་རེད་ཟེར།
ཡོང་ཁུངས། ཀྲུང་དབྱང་གསར་འགྱུར།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག