སྐར་མ་མིག་དམར་གྱི་ལོ་རྩིས་ནི་སའི་གོ་ལའི་སྟེང་གི་1955ལོ་ནས་འགོ་ཚུགས་པ་དང་། 2024ལོའི་ཟླ་11ཚེས་12ཉིན་ནི་སྐར་མ་མིག་དམར་གྱི་ལོ་གསར་ཐེངས་38པ་དེ་རེད།
སྐར་མ་མིག་དམར་ནི་ཉི་མ་བསྐོར་ནས་འཁོར་བཞིན་ཡོད་ལ། ལུས་གཟུར་ནས་རང་འཁོར་ཡང་རྒྱག་བཞིན་ཡོད་ཅིང་། རང་འཁོར་གཅིག་ལ་ཆུ་ཚོད་24དང་སྐར་མ་37དང་སྐར་ཆ་22.7ཡིན་པ་དང་། རང་འཁོར་འཁོར་མདའི་གསེག་ཟུར་ནི་ཏུའུ་25.19ཡིན་ཞིང་། སའི་གོ་ལ་དང་ཧ་ཅང་འདྲ་པོ་ཡོད། དེར་བརྟེན། སྐར་མ་མིག་དམར་ནི་སའི་གོ་ལ་དང་འདྲ་བར་ཉིན་མཚན་རེས་མོས་དང་དུས་བཞིའི་འགྱུར་ལྡོག་ཡོད། ཅེས་ཀྲུང་གོ་ཚན་རིག་ཁང་ཙི་ཅིན་ཧྲན་གནམ་དཔྱད་ལས་ཁུངས་ཀྱི་ཚན་རིག་ཁྱབ་གདལ་དོ་དམ་གཙོ་གཉེར་ཝང་ཁོ་ཁྲའོ་ཡིས་བཤད།
སའི་གོ་ལ་དང་འདྲ་བར། སྐར་མ་མིག་དམར་གྱི་དགུན་ཁ་གྲང་ངར་ཆེ་ལ་དབྱར་དུས་ཚ་བ་ཆེ་ཡང་། སྐར་མ་མིག་དམར་གྱི་དྲོད་ཚད་སྤྱིའི་ཆ་ནས་སའི་གོ་ལ་ལས་ཤིན་ཏུ་དམའ་བ་སྟེ། ལོ་རེའི་ཆ་སྙོམས་དྲོད་ཚད་ཧ་ལམ་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་60ཡིན། འོན་ཀྱང་། སྐར་མ་མིག་དམར་གྱིས་ཉི་མར་བསྐོར་ནས་རྒྱུ་བའི་འཁོར་ལམ་གྱི་ལྟེ་བ་ཡོ་ཚད་ནི་0.093ཡིན་པས། སའི་གོ་ལའི་སྤྱི་འཁོར་འཁོར་ལམ་ལས་ཡོ་གཟུར་ཆེ་བ་རེད། དེའི་ཕྱིར། སྐར་མ་མིག་དམར་གྱི་དུས་བཞིའི་རིང་ཚད་ཧ་ཅང་ཆ་སྙོམས་པོ་མེད། གནམ་དཔྱད་རིག་པ་བས་རྩིས་བརྒྱབ་པ་ལྟར་ན། སྐར་མ་མིག་དམར་གྱི་དཔྱིད་དབྱར་དུས་ཚིགས་ནི་སྟོན་དགུན་ལས་སུམ་ཆའི་གཅིག་ཙམ་གྱིས་རིང་བ་ཡོད།
སྐར་མ་མིག་དམར་གྱི་ལོ་གསར་ནི་གོ་ལ་ཕྱེད་བྱང་མའི་དཔྱིད་མཉམ་ཉིན་མོ་ནས་འགོ་ཚུགས་བཞིན་ཡོད། 2026ལོའི་ཟླ་9ཚེས་30ཉིན་ལོ་གསར་39པ་དེ་བསུ་རྒྱུ་རེད། ཡིན་ཡང་། སྐར་མ་མིག་དམར་ལོ་ཡི་རིང་ཚད་ནི་སའི་གོ་ལའི་ལོ་ལས་རིང་། ཝང་ཁོ་ཁྲའོ་ཡིས་བཤད་དོན། སྐར་མ་མིག་དམར་དང་ཉི་མ་བར་ཐག་ཅུང་རིང་བ་དང་། དེའི་སྤྱི་འཁོར་དུས་འཁོར་ནི་སའི་གོ་ལའི་ཉིན་687ཙམ་ཡིན། དེ་ཡང་གསལ་པོར་བཤད་ན། མིག་དམར་གྱི་ལོ་1ནི་སའི་གོ་ལའི་ལོ་1.88དང་མཚུངས།
ཡོང་ཁུངས། མི་དམངས་དྲ་བ།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག