ཏུར་ཁེ་དང་ཨི་ཟི་རེལ་དབར་གྱི་འབྲེལ་བ་བཅད་འདུག
ཚེས་བཅུ་གསུམ་ཉིན། ཏུར་ཁེའི་ཙུང་ཐུང་ཨེའར་ཏོ་ཨན་གྱིས་ཏུར་ཁེ་ཡིས་ཨི་ཟི་རེལ་དང་འབྲེལ་བ་བཅད་ཟིན་པས་མ་འོངས་པར་ཕྱོགས་གཉིས་པོའི་འབྲེལ་བ་མུ་མཐུད་དང་འཕེལ་རྒྱས་གཏོང་བའི་སྐོར་ལ་བྱེད་ཐབས་འཐེན་མི་སྲིད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
ཏུར་ཁེའི་ཨ་ན་ཏུའོ་ལུའུ་གསར་འགྱུར་ཁང་གིས་ཉིན་དེ་རང་དུ་གནས་ཚུལ་སྤེལ་བར་གཞིགས་ན། ཨེའར་ཏུའོ་ཨན་གྱིས་ཨ་ཟེར་བྷེ་ཇན་ནས་ཏུར་ཁེར་འཕུར་བའི་གནམ་གྲུའི་ཐོག ཏུར་ཁེ་དང་ཨི་ཟི་རེལ་གྱི་ཉོ་ཚོང་མུ་མཐུད་བྱེད་བཞིན་ཡོད་པའི་གནད་དོན་སྐོར་ལ་ལན་སློག་སྐབས། རང་ཉིད་ཀྱིས་འགོ་ཁྲིད་བྱས་པའི་ཏུར་ཁེ་སྲིད་གཞུང་གིས་ཨི་ཟི་རེལ་དང་འབྲེལ་བ་གཅོད་རྒྱུའི་བློ་ཐག་བཅད་ཡོད། མིག་སྔར་ང་ཚོ་དང་ཨི་ཟི་རེལ་དབར་འབྲེལ་བ་གང་ཡང་མེད། འབྲེལ་བ་དེ་ལེགས་སུ་གཏོང་བའི་བྱ་སྤྱོད་གང་ཡང་སྤེལ་མེད་ཅེས་བཤད་པ་རེད།
ད་ལོའི་ཟླ་ལྔ་པར་ཏུར་ཁེ་ཡིས་ཨི་ཟི་རེལ་དང་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་ཚང་མ་གནས་སྐབས་མཚམས་འཇོག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དེའི་རྒྱུ་མཚན་ནི་ཨི་ཟི་རེལ་གྱིས་ཅ་ཧྲ་ས་ཁུལ་དུ་སྤེལ་བའི་བྱ་སྤྱོད་དེས་ས་ཁུལ་དེའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཚབས་ཆེར་ཕྱིན་པས་རེད།
ལོ་བཅུ་ལྷག་གི་རིང་ལ་ཏུར་ཁེ་དང་ཨི་ཟི་རེལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལ་འགྱུར་ལྡོག་ཆེན་པོ་བྱུང་། ༢༠༢༢ལོའི་ཟླ་བརྒྱད་པར་རྒྱལ་ཁབ་གཉིས་པོས་ཕྱི་འབྲེལ་གྱི་འབྲེལ་བ་སླར་གསོ་བྱས་པ་དང་འབྲེལ། ཕན་ཚུན་དབར་སླར་ཡང་གཞུང་ཚབ་ཆེ་མོ་བཏང་ཡོད། འོན་ཀྱང་ན་ནིང་གི་ཟླ་བཅུ་པའི་ཚེས་བདུན་ཉིན་ཕ་ལེ་སི་ཐན་དང་ཨི་ཟི་རེལ་དབར་གྱི་སྐོར་གསར་པའི་འཁྲུག་པ་བྱུང་རྗེས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སླར་ཡང་སྡུག་ཏུ་ཕྱིན་ཡོད། ཨི་ཟི་རེལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ནས། ཏུར་ཁེ་སྲིད་གཞུང་གིས་ཨི་ཟི་རེལ་ལ་རྒོལ་གཏམ་དྲག་པོ་ཐེངས་མང་བཏང་ཡོད། ན་ནིང་ཟླ་བཅུ་གཅིག་པར་ཏུར་ཁེའི་ཕྱི་འབྲེལ་པུའུ་ཡིས། ཨི་ཟི་རེལ་གྱིས་ཕ་ལེ་སི་ཐན་གྱི་མི་སེར་ལ་མུ་མཐུད་རྡུང་རྡེག་བཏང་བ་དང་དེ་བཞིན་ཅ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་ཡ་ང་བའི་གནས་ཚུལ་ལ་དམིགས་ཏེ། ཏུར་ཁེས་ཨི་ཟི་རེལ་དུ་བཅའ་སྡོད་གཞུང་ཚབ་ཆེ་མོ་ཕྱིར་འཐེན་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག