ཞི་ཅིན་ཕིང་ཕེ་རུ་རྒྱལ་ཁབ་ལ་འབྱོར་ཞིང་དགའ་བསུ་ཆེན་པོ་ཞུས་འདུག
ས་གནས་དེ་གའི་དུས་ཚོད་ཚེས་༡༤ཉིན་གྱི་ཕྱི་དྲོར་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུ་ནང་བཞུགས་ནས་ཕེ་རུའི་རྒྱལ་ས་ལི་མ་རུ་འབྱོར་ཏེ། ཕེ་རུ་ལ་རྒྱལ་དོན་འཚམས་འདྲི་མཛད་འགོ་རྩོམ་པར་མ་ཟད། ཨེ་ཤ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པའི་ནང་ཞུགས།
ཆེད་གཏོང་གནམ་གྲུ་འབྱོར་མ་ཐག་གུས་དམག་རྣམས་གདན་དམར་གཡས་གཡོན་དུ་སྒྲིག་པ་དང་ཁྱད་ཆོས་ལྡན་པའི་གཟབ་སྤྲོད་བྱས་པའི་ཕེ་རུའི་སློབ་མ་རྣམས་ཀྱིས་ཞི་ཅིན་ཕིང་ལགས་ལ་མེ་ཏོག་ཕུལ་བ་རེད།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག