འགུལ་སྐྱོད་སྐར་རིམ་མགྲོན་ཁང་ངམ་༼ བྱི་ལ་དོམ་ཆེད་འཁོར་ཁྲེང་ཏུའུ་རྟགས་ཅན༽ཞེས་པའི་མེ་འཁོར་གསར་པ་ཞིག་ཐོན་འདུག
ཉེ་ཆར་ཡོངས་སུ་གསར་བཟོ་བྱས་པའི་༼བྱི་ལ་དོམ་ཆེད་འཁོར་ཁྲེང་ཏུའུ་རྟགས་ཅན་༽ཞེས་པའི་ཡུལ་སྐོར་མེ་འཁོར་ཞིག་ཁྲེང་ཏུའུ་རུ་དངོས་སུ་ཐོན་འདུག
བྱི་ལ་དོམ་ཆེད་འཁོར་ཁྲེང་ཏུའུ་རྟགས་ཅན་ནི་བྱི་ལ་དོམ་ཆེད་འཁོར་བག་སྤྲོ་རྟགས་ཅན་དང་། བྱི་ལ་དོམ་ཆེད་འཁོར་ཧྲི་ཧྥང་རྟགས་ཅན་ཐོན་རྗེས་སུ་ཀྲུང་གོ་ལྕགས་ལམ་ཁྲེང་ཏུའུ་ཅུས་ཀྱི་ཚོགས་ཁག་སྤྱི་གཉེར་ཁང་གིས་འཁོར་སྐྱོད་ཚོང་གཉེར་བྱས་པའི་ཡུལ་སྐོར་སྤུས་ལེགས་མེ་འཁོར་ཞིག་ཡིན་པ་རེད།
བྱི་ལ་དོམ་ཆེད་འཁོར་ཁྲེང་ཏུའུ་རྟགས་ཅན་གྱི་འཁོར་ཤག་བཅོ་བརྒྱད་ནང་འགྲུལ་ཁང་༥༤་ཡོད་ལ། གཏན་ཁེལ་འདུག་ས་༡༠༨ཡོད་པ་རེད།
ད་དུང་མེ་འཁོར་འདི་མགྲོན་ཚོམས་དང་ཟས་ཚོམས། རོལ་རྩེད་ཁང་། མགྲོན་ཤག་སོགས་འཁོར་དབྱིབས་མི་འདྲ་བ་ཁ་ཤས་ཀྱིས་གྲུབ་ཡོད།
མེ་འཁོར་བཟོ་བཀོད་ཧྲིལ་པོའི་ཐོལ་ཤེས་ནི་གངས་དཀར་རི་བོ་སོགས་ཀྲུང་གོའི་རི་བོ་གྲགས་ཅན་རྣམས་ལས་བྱུང་བ་དང་། གནའ་ཉམས་དོད་པའི་གཡུ་མདོག་གི་རེ་ཁཱ་དང་། རི་བོའི་མུ་ཁྱུད་ཀྱི་རི་མོ་སོགས་ཀྱིས་ཕྱི་ངོས་བརྒྱན་ཡོད་ལ། ཁྲེང་ཏུའུ་ཅིན་ཧྲ་ཉི་མའི་ལྷ་བྱ་ཡི་གཞི་རྒྱུའི་སྨུག་རིས་བཅས་ཀྱིས་ཞིབ་ཕྲ་ལྡན་པའི་མཛེས་བཀོད་ལམ་ནས་ཤར་ཕྱོགས་མཛེས་རིག་དང་ཐེན་ཧྥུ་རིག་གནས་ཟུང་འབྲེལ་ཡག་མོ་བྱས་ཤིང་། བག་དྲོ་ཞིང་བརྗིད་ཆགས་པའི་མཛེས་ཉམས་མངོན་ཡོད།
མེ་འཁོར་འདི་ལ་སྒེའུ་ཁུང་ཆེན་པོ་ཡོད་ཅིང་མཐོང་རྒྱ་ཡངས་ཤིང་མིག་གི་ལོངས་སྤྱོད་མཛེས། སྒྲ་འགོག་ལག་རྩལ་གསར་པ་སྤྱད་ཡོད་པས་ལྷིང་འཇགས་ཀྱི་སྡོད་སའི་ཁོར་ཡུག་ལྡན།
འཁོར་ཁང་ཚང་མའི་ནང་དུ་སྐམ་བརླན་དབྱེ་བའི་འཁྲུད་ཁང་དང་གཙང་སྤྱོད་ཁང་ཡོད་ལ། ས་ངོས་མཛེས་ཤིང་འདྲེད་འགོག་ལྡན་པ་རེད།
རོལ་རྩེད་འཁོར་ཁང་ནང་དུ་རོལ་དབྱངས་ཆང་ཁང་དང་། རིག་གནས་འགྲེམ་སྟོན། ཚིགས་ཇ་སྤྲོ་ཁང་། གློག་བརྙན་ལྟ་ས། མེ་འཁོར་གློག་བརྙན་ཁང་ཆུང་ཆུང་སོགས་ཡོད་པ་མ་ཟད་སྒོ་འབྱེད་དང་སྤྱོད་སྒོ་མང་བའི་བག་ཕེབས་རོལ་ཡུལ་ཡོད་པས། ཡུལ་སྐོར་བའི་བེད་སྤྱོད་དགོས་མཁོ་མི་འདྲ་བ་སྐོང་ཐུབ།
མེ་འཁོར་ཟས་ཚོམས་ལ་ཕུང་གཅིག་ཅན་གྱི་ཐབ་ཚང་བཀོལ་ཡོད་པར་མ་ཟད། གཡོས་སྦྱོར་བྱེད་མཁན་ནི་ཆེད་ལས་མ་བྱན་ཁོ་ན་ཡིན་ལ་ཁྱད་ལྡན་ཟས་མཆོག་གང་མང་འཛོམས་པས་ཡུལ་སྐོར་བས་རོ་མཆོག་ལྡན་པའི་ཞིམ་ཟས་སྣ་ཚོགས་ལ་ལོངས་སུ་སྤྱོད་ཆོག
ཁྲེང་ཏུའུ་མེ་འཁོར་ཅུས་ཀྱི་ཚོགས་པའི་སྤྱི་གཉེར་ཁང་གིས་ཡུལ་སྐོར་རླངས་འཁོར་རུ་ཁག་གི་ཚད་གཞི་དང་མཐུན་པའི་མེ་འཁོར་ཞབས་ཞུ་བ་དོན་གཉིས་བདམས་ནས་སྒྲིག་འཛུགས་བྱས་ཡོད། དེ་དག་ལས་དཔེར་ན་བྱི་ལ་དོམ་ཚོགས་ཁག་གིས་བྱི་ལ་དོམ་ཆེད་འཁོར་ནང་གི་ཞབས་ཞུའི་ལས་ཀ་སྒྲུབ་ནས་ཡུལ་སྐོར་མེ་འཁོར་ནང་གི་སྤྲོད་སྐྱིད་དང་བདེ་འཇགས་སོགས་ཁྱོན་ཡོངས་ནས་ཇེ་ལེགས་བཏང་ཡོད་པ་རེད།
བྱི་ལ་དོམ་ཆེད་འཁོར་ཁྲེང་ཏུའུ་རྟགས་ཅན་གྱིས་ཞབས་ཞུ་ཡག་མོ་བྱ་རྒྱུ་གཙོ་བོ་བཟུང་ནས་འགྲུལ་པ་རྣམས་ལ་རོལ་རྩེད་དང་ཚོང་ལས། ཁྱིམ་ཚང་སྤྲོ་འཛོམས་སོགས་རྣམ་པ་སྣ་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་པ་བྱས་ཡོད། ཞབས་ཞུ་བྱེད་ཡུལ་གཙོ་བོ་ནི་ལམ་ཐག་ཐུང་བའི་ཡུལ་སྐོར་བ་ཡིན།
དྲ་གྲོགས་ཀྱི་དཔྱད་བརྗོད།
ཚང་མས་མེ་འཁོར་གསར་པ་དང་མདོག་དབྱིབས་གསར་པ་འདི་ལ་ལྟ་འདོད་ཆེན་པོ་ཡོད་པས་བཟོ་དབྱིབས་སྐད་ཆེ་བའི་མེ་འཁོར་འདི་ཅི་མགྱོགས་ཀྱིས་བཀོལ་སྤྱོད་བྱས་ན་ལེགས་ཟེར།
ཡོང་ཁུངས། སི་ཁྲོན་ལྟ་ཞིབ།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག