གཞས་མ་ཁམས་སྐྱིད་མཚོ་ཡི་གླུ་གཞས་ཆེད་སྒྲིག་༼ལོ་དང་ཟླ་བའི་སྨོན་འདུན་༽ཞེས་པའི་འགྲེམ་སྤེལ་མཛད་སྒོ་བདེ་བླག་ངང་འཚོགས།
ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན་གྱི་དགོང་མོར། གསར་སྐྱེས་གཞས་མ་ཁམས་སྐྱིད་མཚོ་ཡི་གླུ་གཞས་ཆེད་སྒྲིག་༼ལོ་དང་ཟླ་བའི་སྨོན་འདུན་༽ཞེས་པའི་འགྲེམ་སྤེལ་མཛད་སྒོ་ཁམས་པའི་བརྙན་འཕྲིན་ཁང་ནས་འཚོགས་པ་རེད།
གཞས་མ་ཁམས་སྐྱིད་མཚོ་ནི་ཕ་ཡུལ་རྫ་ཆུ་ཁ་ནས་འཚར་ལོངས་བྱུང་ཞིང་། ཉེ་བའི་ལོ་འགའི་རིང་ལ་བསྐྱར་ལེན་དང་གསར་ལེན་བྱས་པའི་སྙན་མོ་གཞས་ཀྱི་འགྱུར་ཁུག་རེ་རེ་གངས་ཅན་ཁ་བའི་ལྗོངས་ཀྱི་ཡུལ་ལུང་ཀུན་ལ་ཁྱབ་ཡོད། གླུ་མ་མོ་རང་གིས་ཀྱང་དུས་དང་རྣམ་པ་ཀུན་དུ་འཕེལ་རྒྱས་ཀྱི་གོམ་ཁ་མ་ལྷོད་པར་གླུ་གཞས་སྒྱུ་རྩལ་ཐད་ལ་འབད་པ་ལྷོད་མེད་བྱས་ཏེ། མི་ཚེ་འདིའི་གླུ་གཞས་སྒྱུ་རྩལ་ཐད་ཀྱི་ཆེད་སྒྲིག་ཐོག་མ་ལོ་དང་ཟླ་བའི་སྨོན་འདུན་ཞེས་པ་འགྲེམ་སྤེལ་བྱས།
ཐེངས་འདིའི་མཛད་སྒོའི་ཐོག་མིང་དུ་གྲགས་པའི་བོད་ཀྱི་གཞས་པ་དཔལ་ཆེན་དབང་རྒྱལ་དང་རྫོགས་ཆེན་བསྟན་འཛིན། བསམ་གཏན་རྒྱ་མཚོ། གཞས་མ་གྲགས་ཅན་གཡང་ཕྱུག་མཚོ། གསར་སྐྱེས་རྡུང་ལེན་པ་ཕུར་བུ་སྒྲོལ་མ། དེ་མིན་སྨིན་དྲུག་ལྷ་མོ་རོལ་ཚོགས་སོགས་རྒྱབ་རོགས་སུ་ཕེབས་ནས་གླུ་ཡི་མཆོད་པ་གྱ་ནོམ་པ་ཞིག་ཕུལ་བར་མ་ཟད། རྒྱལ་ཁབ་རིམ་པ་དང་པོའི་དབྱངས་རྩོམ་པ་པོ་སའོ་མ་ནཱི་དང་སྨོན་ལམ་རྡོ་རྗེ། གློག་བརྙན་འཕྲིན་འཁྲབ་ཁྲིད་པ་དང་། སྙན་ངག་པ། གླུ་ཚིག་རྩོམ་པ་པོ་རྡོ་གྲགས། རྩོམ་པ་པོ་གྲགས་ཅན་ཅོ་ནེ་ཡུམ་ཚེ་རིང་སོགས་ཀྱིས་ཁམས་སྐྱིད་མཚོའི་གླུ་གཞས་གསར་པའི་ཚིག་དང་དབྱངས་སོགས་ཀྱི་སྐོར་ནས་དཔྱད་འཇོག་དང་གདམས་པ་གང་མང་གནང་བ་རེད།
ཐེངས་འདིའི་མཛད་སྒོའི་ཐོག བརྗོད་དོན་གླུ་དབྱངས་ལོ་དང་ཟླ་བའི་སྨོན་འདུན་གཙོ་བྱས་ཏེ། བསོད་ནམས་ལ་འགྲིག་བྱུང་། མཐའ་མཇུག་གི་དག་ཞིང་། ལྷན་འཛོམས་དུང་གི་ཟླ་བ། སྐར་མ་མེ་ཏོག་འཛོམས་པའི་ལྷས་ར། ཁྲ་ཆུང་མིག་གིས་ལྟ་ས་བཅས་གསར་རྩོམ་གླུ་གཞས་དྲུག་འགྲེམ་སྤེལ་བྱས་ཤིང་། ཁམས་པའི་བརྙན་འཕྲིན་ཁང་གི་བརྙན་སྟེགས་དང་འདར་དབྱངས་སོགས་ནས་རྒྱ་ཆེའི་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག