དེ་རིང་ནི་ང་ཚོས་རྗེས་དྲན་ཞུ་འོས་པའི་ཉི་མ་ཞིག་ཡིན།
དེ་རིང་ནི་ང་ཚོས་རྗེས་དྲན་ཞུ་འོས་པའི་ཉི་མ་ཞིག་སྟེ།
༢༠༢༤ལོའི་ཟླ་༡༡པའི་ཚེས་༡༡ནི།
མི་དམངས་མཁའ་དམག་བཙུགས་ནས།
ལོ་ངོ་བདུན་ཅུ་དོན་ལྔ་ལོན་པའི་རྗེས་དྲན་གྱི་ཉིན་མོ་ཡིན།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་ལོན་པར་དགའ་སྟོན་དམག་གཟིགས་ནང་ཞུགས་པའི་གནམ་གྲུའི་སྔོན་སྐྱོད་རུ་དཔུང་། པར་ལེན་པ། ཀུའོ་ཤིན་ཧྥུ།
༢༠༡༩ལོའི་ཟླ་༡༠པའི་ཚེས་༡ཉིན་གྱི་སྔ་དྲོར།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་ལོན་པའི་དགའ་སྟོན་ཚོགས་ཆེན་གནམ་བདེ་སྒོ་མོའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ། འདི་ནི་གནམ་གྲུའི་སྔོན་སྐྱོད་རུ་ཁག་ཡིན། པར་ལེན་པ། ལིའུ་ཞའོ།
མི་དམངས་མཁའ་དམག་ནི་དམག་འཁྲུག་ལས་ཚེ་སྲོག་རྒྱས་ཤིང་།
དབུ་བརྙེས་ནས་ཡུན་རིང་མ་འགོར་བར་གཡུལ་སར་བསྐྱོད་ཅིང་།
གཡུལ་འབྱེད་རབས་དང་རིམ་པའི་ཁྲོད་ནས།
དགྲ་བོའི་གནམ་གྲུ་༣༨༡༨ལྷག་གཏོར་སྐྱོན་བཏང་ནས།
འོད་སྟོང་འབར་བའི་དམག་འཐབ་བྱས་རྗེས་དང་
ཉམས་པ་མེད་པའི་མཛད་རྗེས་བཞག་ཡོད།
ཀྲུང་གོ་མི་དམངས་ཀྱི་དང་བླངས་མཁའ་དམག་གི་གནམ་གྲུའི་རུ་སྟར།
མི་ལོ་བདུན་ཅུའི་དོན་ལྔའི་རིང་།
མེས་རྒྱལ་གྱི་བར་སྣང་མངའ་ཁོངས་སྲུང་སྐྱོབ་བྱེད་དུས།
གློ་བུར་དུ་བྱུང་བའི་གནོད་འཚེ་དང་འཕྲད་པ་ན།
མཁའ་དམག་གི་དཔོན་དམག་རྣམས་ཀྱིས་སྙིང་སྟོབས་ཆེན་པོས་གནམ་འཕང་གཅོད་དེ།
མི་དམངས་ཀྱི་ཆེད་དུ་རྡོ་རྗེའི་བྲག་ལས་སྲ་བའི་འགོག་རགས་ཤིག་བསྐྲུན་ཡོད།
ལོ་ངོ་དོན་ལྔའི་དཀའ་སྡུག་དང་འབད་བརྩོན་ཁྲོད་ནས།
ལོ་ངོ་དོན་ལྔའི་རིང་འཐབ་འཛིང་དང་ཧུར་བརྩོན་བར་ནས།
ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་མཁའ་དམག་རུ་ཁག་ནི་
མེད་པ་ནས་ཡོད་པ་དང་། ཉམ་ཆུང་ནས་སྟོབས་ལྡན་དུ་གྱུར་ཡོད།
ད་ལྟའི་དུས་འདིར་མཁའ་དམག་ནི།
གནམ་འཕང་རྩལ་གྱིས་གཅོད་པའི་རྒོད་པོ་ཞིག་སྟེ།
ལེ་དབར་སྟོང་གི་རི་ཀླུང་ལ་སྲུང་ཡོད།
བར་སྣང་འཕྲེད་ཀྱིས་གཅོད་པའི་རལ་གྲི་ཞིག་སྟེ།
ཇི་སྲིད་བར་དུ་ཞི་བདེ་སྲུང་བཞིན་མཆིས།
མི་དམངས་མཁའ་དམག་གིས་མི་དམངས་ཀྱི་བློ་སེམས་བདེ་རུ་བཅུག་ཡོད།
དེ་རིང་གི་ཉི་མ་ཁྱད་པར་བ་འདིར།
ང་ཚོའི་མི་དམངས་མཁའ་དམག་ལ།
སྤོབས་པའི་གཤོག་ཟུང་མཁའ་དུ་བསྐྱངས་ནས།
མཐའ་ཡས་པའི་མཁའ་དབྱིངས་སུ་ནམ་ཡང་ལྡིང་སྐོར་རྒྱག་པའི་སྨོན་འདུན་དང་བཅས།
མི་དམངས་མཁའ་དམག་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག