ཞི་ཅིན་ཕིང་གིས་ཀྲུང་གོས་འཛམ་གླིང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་ཁག་བརྒྱད་ཁྱབ་བསྒྲགས་གནང་།
ས་གནས་དེ་གའི་དུས་ཚོད་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་རྩེ་འཛོམས་གྲོས་ཚོགས་ཐེངས་བཅུ་དགུ་པའི་དུས་མཚམས་དང་པོའི་ཚོགས་འདུའི་ཐོག རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས། ཀྲུང་གོས་འཛམ་གླིང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་ཁག་བརྒྱད་ཁྱབ་བསྒྲགས་གནང་བ་རེད།
དང་པོ། ལག་གདང་སྦྲེལ་ནས་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་དུ་བསྐྲུན་རྒྱུ་ཡིན། མི་དམངས་ཤོག་སྒོར་དུང་ཕྱུར་༧༠༠༠ཟིན་པའི་མ་དངུལ་བསྡུ་སྒྲིལ་གྱི་སྐར་ཁུང་དང་། དར་ལམ་ཐེབས་རྩར་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་༨༠༠ཇེ་མང་བཏང་བའི་རྨང་གཞིའི་ཐོག སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་བསྡུས་ཕན་ཚུན་སྦྲེལ་མཐུད་ཀྱི་དྲ་རྒྱ་བསྐྲུན་ནས་འབག་མེད་དར་གོས་ཚོང་ལམ་སྣེ་ཁྲིད་དེ་ཨང་ཀིའི་དར་གོས་ཚོང་ལམ་ལ་སྟོབས་ཤུགས་འབུལ་རྒྱུ་ཡིན།
གཉིས་པ། འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་བྱེད་རྒྱུ་ཡིན། འཕེལ་རྒྱས་ལས་གཞི་༡༡༠༠ལྷག་སྤེལ་བའི་རྨང་གཞིའི་ཐོག འཛམ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་ཡག་པོ་བྱེད་པ་དང་། མུ་མཐུད་ཨ་སྒོར་དུང་ཕྱུར་༢༠༠བེད་སྤྱོད་ཡག་པོ་བྱས་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་པ་དང་། དབུལ་འཕྲི་ཟབ་སྤེལ་དང་། འབྲུ་རིགས་བདེ་འཇགས། ཨང་ཀིའི་དཔལ་འབྱོར་སོགས་ཁྱབ་ཁོངས་ཁག་གི་དོན་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན།
གསུམ་པ། ཧྥེ་གླིང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ད་ལོའི་ཟླ་དགུ་པར། ངས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་རྩེ་འཛོམས་གྲོས་ཚོགས་ཐོག མ་འོངས་པའི་ལོ་གསུམ་ནང་ཧྥེ་གླིང་དང་ལག་གདང་སྦྲེལ་ནས། དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ་ཁྱབ་བསྒྲགས་བྱས་པ་དང་འབྲེལ། དེའི་ཐད་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་༣༦༠༠བཏང་ནས་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
བཞི་པ། དབུལ་འཕྲི་དང་འབྲུ་རིགས་བདེ་འཇགས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོས་བཀྲེས་ལྟོགས་དང་དབུལ་ཕོངས་ལ་འགོག་རྒོལ་བྱེད་པའི་འཛམ་གླིང་མནའ་འབྲེལ་ནང་ཞུགས་རྒྱུའི་ཐག་བཅད་པ་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འཕེལ་རྒྱས་པུའུ་ཀྲང་ཚོགས་འདུ་མུ་མཐུད་འཚོག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་འབྲེལ། རྒྱལ་སྤྱིའི་འབྲུ་རིགས་གྱོང་གུན་ཉུང་གཏོང་གི་ཚོགས་ཆེན་མུ་མཐུད་དུ་གཙོ་གཉེར་བྱེད་རྒྱུ་ཡིན།
ལྔ་པ། ཀྲུང་གོས་བྷ་རེ་ཟི་དང་ལྷོ་ཧྥེ། ཧྥེ་གླིང་མནའ་འབྲེལ་བཅས་དང་མཉམ་དུ་སྒོ་དབྱེ་ཚན་རིག་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་གྲོས་འགོ་བཏོན་ནས། འཛམ་གླིང་ཚན་རྩལ་གསར་གཏོད་གྲུབ་འབྲས་ཀྱིས་འཛམ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕན་འདོགས་རྒྱུ་ཡིན།
དྲུག་པ། རྒྱལ་ཁབ་ཉི་ཤུ་ཚོགས་པས་འཛམ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་བདེ་སྐྱིད་སྐྲུན་པའི་དོན་གཉེར་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པ་དང་། 《འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ནུས་ཁུངས་གཙང་མའི་དངུལ་གཏོང་ལམ་རིས་མང་དུ་གཏོང་བ་》དང་《སྐྱེ་དངོས་དཔལ་འབྱོར་གྱི་རིམ་མཐོའི་རྩ་དོན་》སོགས་ཀྱི་གྲུབ་འབྲས་བེད་སྤྱོད་ཡག་པོ་བཏང་ནས། པེ་ཅིན་དུ་བཙུགས་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ལས་གཏོད་ཞིབ་འཇུག་ལྟེ་གནས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་སོ་སོའི་ཨང་ཀིའི་སློབ་གསོ་དང་རྟེན་རྫས་བཤམས་མཛོད་ཁང་ཨང་ཀི་ཅན་དུ་བསྒྱུར་བ། གནའ་དཔེ་ཨང་ཀི་ཅན་དུ་བསྒྱུར་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
བདུན་པ། རྒྱལ་ཁབ་ཉི་ཤུ་ཚོགས་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་འཆར་གཞི་དོན་འཁྱོལ་བྱས་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་བྲོས་འདེད་དངུལ་འདེད་དང་། རུལ་སུངས་ཉེན་གཡོལ་གྲུ་ཁ་ཁས་མི་ལེན་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ནུས་པ་འཛུགས་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན།
བརྒྱད་པ། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། དར་རྒྱས་ཡེ་ནས་མེད་པའི་རྒྱལ་ཁབ་ལ་ཕྱོགས་རྐྱང་པའི་སྒོ་འབྱེད་རྒྱ་སྐྱེད་གཏོང་རྒྱུ་ཡིན། ཀྲུང་གོས་ཀྲུང་གོ་དང་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་པའི་དར་རྒྱས་ཡེ་ནས་མེད་པའི་རྒྱལ་ཁབ་ཚང་མར་དཔྱ་ཁྲལ་རྣམ་གྲངས་ཀྱི་ཐོན་རྫས་བརྒྱ་ཆའི་བརྒྱ་ལ་སྒོ་ཁྲལ་སྐར་གང་མི་ལེན་པ་ཁྱབ་བསྒྲགས་བྱས་ཡོད། ད་ལྟ་ནས་༢༠༣༠ལོའི་བར། ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ནས་རིམ་རྩིས་བྱས་ན་ནང་འདྲེན་བྱེད་ཚད་ཨ་སྒོར་དུང་ཕྱུར་ཁྲི་༨ལས་བརྒལ་རེ་ཡོད་ཅེས་གསུངས་པ་རེད།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག