མགྱོགས་པོར་ལྟོས་དང་། ཁྱེད་ཀྱི་ཐོབ་དཔང་དུས་ཚོད་ཡོལ་ཚར་ན་ཐང་།
ཉེ་ཆར། རྒྱལ་ཡོངས་ཀྱི་ས་གནས་མང་པོའི་སྤྱི་བདེ་ལས་ཁུངས་ཀྱིས་བརྡ་འཕྲིན་བཏང་ནས་ནུས་ཡུན་ལོ་ཉི་ཤུ་ཅན་གྱི་ཐོག་མར་སྤྲད་པའི་རབས་གཉིས་པའི་ཡུལ་མིའི་ཐོབ་ཐང་དཔང་ཡིག་རིམ་བཞིན་བརྗེ་རན་པའི་དུས་ཚོད་སླེབས་ཡོད་པར་དྲན་སྐུལ་བྱས།
ཇི་ལྟར་བྱེད་ནས་ཐོབ་དཔང་བརྗེ་བའི་འཚུབ་ཆ་གཡོལ་བའི་སྐོར། ཐབས་ལམ་འདི་དག་ལ་གཟིགས་རོགས།
ཐོབ་ཐང་དཔང་ཡིག་གི་དུས་ཚོད་ཡོལ་ཚར་ན་
ཅི་འདྲ་བྱེད་ནས་བརྗེ་དགོས་སམ།
ཡུལ་མིའི་ཐོབ་ཐང་དཔང་ཡིག་རྒྱབ་ཀྱི་ནུས་ཡུན་ལ་གསལ་པོར་ལྟ་དགོས་ཏེ། ཡུལ་མི་ཡིས་ཐོབ་ཐང་དཔང་ཡིག་ནུས་ཡུན་མ་ཡོལ་སྔོན་གྱི་ཟླ་བ་གསུམ་གྱི་རིང་བརྗེ་ཆོག་ལ། ཞིང་ཆེན་འགའ་རེས་ནུས་ཡུན་ཇེ་རིང་གཏོང་ནས་ནུས་ཡུན་ཡོལ་ལ་
ཉེ་བའི་སྔོན་ཟླ་དྲུག་གི་རིང་ཐོབ་དཔང་བརྗེ་ཆོག
ཐོབ་ཐང་དཔང་ཡིག་ལས་པའི་དུས་ཚོད་ལ་ཕལ་ཆེར་ཉིན་༡༠་ནས་༢༠བར་གྱི་ལས་ཀའི་ཉིན་གྲངས་དགོས་པ་དང་། ཐོབ་ཐང་དཔང་ཡིག་བརྗེ་དགོས་མཁན་ཚོས་རང་རང་གི་གནས་ཚུལ་དང་བསྟུན་ནས་ནུས་ཡུན་མ་ཡོལ་སྔོན་གྱི་ཟླ་གཅིག་གཉིས་ཀྱི་རིང་ཐོབ་ཐང་དཔང་ཡིག་བརྗེ་ཆོག
ཐོབ་ཐང་དཔང་ཡིག་ཅི་འདྲ་
བྱེད་ནས་ལེན་དགོས་པའི་སྐོར།
ཡུལ་མིའི་ཐོབ་ཐང་དཔང་ཡིག་གི་ལས་སྒོ་ནི་རྒྱལ་ཡོངས་སུ་གཅིག་གྱུར་བྱས་ཡོད་པས། སྡོད་གནས་དེ་གའི་ཁྱིམ་ཐོ་མིན་པའི་གྲོང་མི་ཡིས་སྔར་ཡོད་ཀྱི་ཐོབ་ཐང་དཔང་ཡིག་འཁྱེར་ནས་ཉེ་འགྲམ་གྱི་སྤྱི་བདེའི་མངག་གཏོང་ཁང་གི་ཕྱོགས་བསྡུས་སྒེའུ་ཁུང་དུ་ཡུལ་མིའི་ཐོབ་ཐང་དཔང་ཡིག་བརྗེ་བའི་རེ་ཞུ་འགོད་ཆོག
གྲོང་མི་ཡིས་ཐོབ་དཔང་བརྗེ་བར་སྟབས་བདེ་བྱུང་ཆེད་ས་གནས་མང་པོའི་སྤྱི་བདེ་ལས་ཁུངས་ཀྱིས་དྲ་ལམ་ནས་ཐོབ་དཔང་གཅིག་གྱུར་གྱིས་ལས་ས་དང་། རང་སྒྲུབ་ཞབས་ཞུ་སོགས་ཐམས་ལམ་བཏོན་ཡོད།
དྲ་ཐོག་དང་རང་སྒྲུབ་མཇུག་སྣེ་
ནས་ཐོབ་དཔང་ལས་པ།
གྲོང་མི་ཡིས་སྤྱི་བདེ་པུའུ་ཡི་དྲ་བའི་འཕྲིན་སྟེགས་ཐོག་ཐོབ་དཔང་ལས་པའི་དུས་ཚོད་བཀོད་སྒྲིག་བྱེད་པའམ་ཡང་ན་དྲ་ཐོག་ནས་ལས་ཆོག་ལ།ད་དུང་རང་སྒྲུབ་ཞབས་ཞུའི་མཇུག་སྣེ་བརྒྱུད་ཐོབ་དཔང་བརྗེ་བའི་རེ་ཞུ་དང་གྲོན་དངུལ་སྤྲད་པའི་ལས་ཀ་སྒྲུབ་ཆོག
ཐོབ་དཔང་ལས་གླའི་ཚད་དངུལ།
དུས་ཚོད་ཚང་ནས་བརྗེ་དགོས་པའི་ཐོབ་དཔང་ལས་གླ་སྒོར་20ཡིན། བོར་བརླག་སོང་བའམ་སྐྱོན་ཆ་ཤོར་བའི་རིགས་ཀྱི་ཐོབ་དཔང་ལས་གླ་སྒོར་40ཡིན།
ཐོབ་དཔང་གསར་པ་ཅི་འདྲ་
བྱེད་ནས་ལས་དགོས་པའི་སྐོར།
སྤྱི་བདེ་ལས་ཁུངས་ཀྱིས་དཔང་ཡིག་བཟོ་ཚར་རྗེས་ཁ་པར་ཨང་གྲངས་ཐོག་འཕྲིན་ཐུང་ལམ་ནས་བརྡ་གཏོང་བར་བརྒྱུད་བདག་སྤྲོད་ལས་སྒོའི་ཁྱིམ་ཐོ་ལས་ཁང་ནས་ཐད་ཀར་ལེན་ཆོག
གཞན་ད་དུང་སྒྲག་སྲིད་ནས་བསྐུར་བའི་ཞབས་ཞུའང་འདེམས་ཆོག དེའི་རིགས་ལ་ཐོབ་དཔང་ལས་ས་མངག་གཏོང་ཁང་དུ་འགྲོ་མི་དགོས།ཡུལ་མིའི་ཐོབ་ཐང་དཔང་ཡིག་ཁྱིམ་ལ་སྒྲག་སྲིད་ནས་བསྐུར་བའི་ཞབས་ཞུའི་རེ་ཞུ་ནི་ཉིན་དེའི་ཆུ་ཚོད་22:00སྔོན་དུ་སྒྲུབ་དགོས་པ་དང་སྐུར་གླ་རང་གིས་སྤྲད་དགོས།
ཐོབ་ཐང་དཔང་ཡིག་གི་པར་ལེན་
སྐབས་ཤེས་དགོས་པའི་སྐོར།
ཐོབ་ཐང་དཔང་ཡིག་བརྗེ་ནའང་པར་གསར་དུ་ལེན་དགོས་པ་རེད། ཐོབ་དཔང་གི་པར་ངོས་ཚོན་ཁྲ་ཅན་གྱི་ཞྭ་མེད་འདྲ་པར་ཡིན་དགོས།པར་ལེན་སྐབས་སྡོད་སྟངས་ཚུལ་ལྡན་ཡིན་དགོས་པ་དང་མགོ་བོ་དྲང་པོ་བྱེད་དགོས། ཐོབ་ཐང་དཔང་ཡིག་གི་པར་ལེན་དུས་མཉམ་འཇོག་དགོས་ས།
ཚོགས་པ་སོགས་ཀྱི་གོས་གྱོན་མི་ཉན་ལ།གོང་བ་མཐོན་པོའམ་ཡང་ན་གོང་བ་རྩ་ནས་མེད་པའི་གོན་པ་གྱོན་མི་ཉན། མདོག་ནག་གམ་ཚོས་གཞི་ཟབ་པའི་གོན་པ་གྱོན་ཆོག་ཀྱང་། མདོག་དཀར་པོའམ་མདོག་ཅུང་གསལ་བའི་གོན་པ་གྱོན་མི་ཉན། རྒྱུན་པར་མིག་ཤེལ་གྱོན་མཁན་ཡིན་ན་མིག་ཤེལ་གྱོན་ན་ཆོག་པ་རེད། མཛེས་འཆོས་བྱ་མི་ཉན་ལ།སྐྲ་ཡི་ཚོས་མདོག་སྒྱུར་མི་ཉན།
པར་ལེན་སྐབས་རྣ་བ་དང་སྨིན་མ་གཉིས་མངོན་པར་བྱེད་དགོས།
ཐོབ་ཐང་དཔང་ཡིག་དུས་ཡོལ་སོང་ན་གནོད་པ་གང་འདྲ་ཡོད་པའི་སྐོར།
ཐོབ་ཐང་དཔང་ཡིག་དུས་ཚོད་ཡོལ་༼ནུས་ཡུན་ཡོལ༽སོང་ན་རྒྱུན་ལྡན་གྱི་གནམ་གྲུ་དང་མེ་འཁོར་སོགས་ཀྱི་པ་སེ་དང་ཉེན་སྐྱོབ་ཉོ་མི་ཐུབ་པ་མ་ཟད། ད་དུང་མགྲོན་ཁང་དུ་སྡོད་པའམ་དངུལ་རྩ་དང་། གསོག་དངུལ་སོགས་ཀྱི་དོན་དག་སྒྲུབ་མི་ཐུབ་པས་ཚང་མས་ཐོབ་ཐང་དཔང་ཡིག་གི་དུས་ཚོད་ཡོལ་ཡོད་མེད་ཐད་དོར་ཁུར་མང་ཙམ་བྱས་ནས་རང་རང་གི་རྒྱུན་ལྡན་འཚོ་བ་དང་ལས་ཀ་ལ་གནོད་པ་མི་འབྱུང་པར་བྱེད་ན་ལེགས།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག