ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་སྐོར་ནས་གསུང་བཤད་གནང་།
ས་གནས་དེ་གའི་དུས་ཚོད་ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་པའེ་ཏེང་དང་མཇལ་འཛོམས་གནང་བ་རེད། ཞི་ཅིན་ཕིང་གིས། འདས་པའི་ལོ་བཞིའི་རིང་གི་ཉམས་མྱོང་ནི་ཕྱོགས་བསྡོམས་བྱེད་རིན་ཡོད་པ་དང་བློ་འབྱེད་ཡིད་ལ་འཛིན་དགོས། ངས་བལྟས་ན་ཉུང་མཐར་ཡང་གཤམ་གསལ་གྱི་དོན་ཚན་འགའ་ཡོད་དེ། གཅིག་ནས་འཐབ་ཇུས་ཀྱི་ངོས་འཛིན་ཡང་དག་ཡོད་དགོས་པ་དང་། གཉིས་ནས་གང་བཤད་ཚིག་གནས་དང་གང་བྱས་མཐའ་འཁྱོལ་བྱ་དགོས། གསུམ་ནས་ཕན་ཚུན་འདྲ་མཉམ་གྱི་སྤྱོད་ཚུལ་འཛིན་དགོས། བཞི་ནས་དམར་ཐིག་དང་མ་མཐའི་མཚམས་ཐིག་ལ་འགྲན་སློང་བྱ་མི་རུང་། ལྔ་ནས་གླེང་མོལ་དང་མཉམ་ལས་མང་ཙམ་བྱ་དགོས། དྲུག་ནས་མི་དམངས་ཀྱི་རེ་སྒུག་ལ་ལན་འདེབས་དགོས། བདུན་ནས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་མངོན་པར་བྱ་དགོས་ཞེས་གསུངས།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག