ཕག་གྲུ་ལྔ་མཆོད་ཆེན་མོའི་ཞལ་འདོན།(རྗེ་ཕག་མོ་གྲུ་པས་མཛད།)

文摘   2022-12-18 09:20  


༡༠\༢༥

༄༅། །བླ་མའི་རྣམ་འབྱོར་ཚིགས་བཅད་མ་བཞུགས་སོ།།

ༀ་སྭ་སྟི།

 དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས། །

དབྱེར་མེད་བླ་མ་དམ་པའི་ཞབས་ལ་འདུད། །

མཆོག་དང་ཐུན་མོང་དངོས་གྲུབ་འབྱུང་བའི་གནས། །

བླ་མའི་དུས་ཐབས་བསྟེན་ཕྱིེར་དེ་ཉིད་ཀྱི། །

སྐུ་གསུང་ཐུགས་ཀྱི་གསང་བ་སྒྲུབ་པའི་ཐབས། །

རབ་ཏུ་གུས་པས་བདག་བྱིན་བརླབ་པ་བཤད། །

ལྷག་བསམ་རྣམ་དག་རིན་ཆེན་བྱང་ཆུབ་སེམས། །

རྣམ་གཉིས་དབྱེར་མེད་ཟབ་མོའི་གོ་བགོས་ཏེ། །

རང་བཞིན་རྣམ་དག་རྒྱལ་བའི་དཀྱིལ་འཁོར་ནས། །

རྩ་བའི་བླ་མ་བཅོམ་ལྡན་བསྟན་པའི་གཙོ། །

དུས་གསུམ་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །

བརྒྱུད་པའི་ཚོགས་བཅས་མཁའ་ལ་སྤྱན་དྲངས་ཏེ། །

སེང་གེ་པདྨ་ཉི་མ་ཟླ་བ་ལ། །

སངས་རྒྱས་རོལ་པ་རྣམ་པར་བཞུགས་པར་བསྒོམ། །

བདུན་པོ་དག་བྱ་ལུས་དང་ལོངས་སྤྱོད་དབུལ། །

བདག་ཉིད་རྣམ་དག་དབྱེར་མེད་གསོལ་བ་གདབ། །

རྣམ་གསུམ་སྐྱབས་འགྲོ་གུས་པའི་གསང་སྔགས་བརྗོད། །

འཛིན་པ་གསུམ་བྲལ་དབྱེར་མེད་གྱུར་པར་བསམ། །

དེ་ནས་ནམ་མཁའི་སྤྲུལ་པའི་ལྷ་ཚོགས་རྣམས། །

བདག་ཉིད་ལ་ཐིམ་ཡི་དམ་ལྷར་གྱུར་པའི། །

ཐུགས་ཀྱི་དཀྱིལ་འཁོར་ཆུ་སྐྱེས་རྣམ་རྒྱས་ཤིང་། །

ཉི་མ་ཟླ་བ་རོལ་པའི་གདན་སྟེང་དུ། །

ཡིད་བཞིན་ནོར་བུ་བླ་མ་དམ་ནི། །

མརྣམ་པར་སྣང་མཛད་འོད་ཟེར་རབ་འབར་བ། །

དེ་ཉིད་གནས་གསུམ་ཉི་ཟླ་པདྨའི་སྟེང། །

སྐུ་གསུང་ཐུགས་ཀྱིས་དེ་ཉིད་གསུམ་བཀོད་ནས། །

སྐུ་གསུམ་ལས་བྱུང་དེ་ཉིད་འོད་ཟེར་གྱིས། །

ཁམས་གསུམ་རྣམ་དག་དབྱེར་མེད་སྐུ་ཐོབ་ནས། །

དེ་ཉིད་ལ་ཐིམ་འོད་ཀྱི་དཀྱིལ་འཁོར་དུ། །

མི་འབྲལ་ཏིང་འཛིན་སྐུལ་བྱེད་གསང་སྔགས་བརྗོད། །

ཨོཾ་ཨཱཿགུ་རུ་བཛྲ་རཱ་ཛ་ཧཱུྃ་སྭཱ་ཧཱ། 

དོན་དམ་བློ་འདས་སེམས་ཉིད་ཆོས་ཀྱི་སྐུ། །

གདོན་ནས་རྣམ་དག་མ་སྐྱེས་འདུས་མ་བྱས། །

རང་བཞིན་འོད་གསལ་ལྷུན་གྲུབ་དེ་བཞིན་ཉིད། །

གློ་བུར་རྟོག་པའི་དྲི་མས་མ་བསླད་ཅིང་། །

མི་རྟོག་ཟག་མེད་བདེ་ཆེན་ཞི་བའི་ངང་། །

བསྒོམ་བྱ་སྒོམ་བྱེད་རྩོལ་བ་རྣམས་སྤངས་ཏེ། །

འབད་མེད་ཆེན་པོ་མ་བཅོས་ལྷུག་པར་བཞག །

བརྗོད་བྲལ་དབྱེར་མེད་ཕྱག་རྒྱ་ཆེན་པོ་ནི། །

སྐུ་གསུམ་དབྱེར་མེད་བླ་མ་དམ་པ་སྟེ། །

དེ་ནི་བདུད་དང་ཉོན་མོངས་ལས་རྒྱལ་ཞིང་། །

དཔག་མེད་ཡོན་ཏན་རྒྱ་མཚོའི་བདག་ཉིད་དེ། །

སྒྲུབ་མཆོག་བླ་ན་མེད་པ་རྒྱལ་བས་བཤད། །

བླ་མའི་སྒྲུབ་ཐབས་མོས་གུས་གསལ་བྱེད་འདི། །

དྲི་མེད་དགེ་སློང་རྡོ་རྗེ་རྒྱལ་གྱིས་བཀོད། །

སྐུ་གསུམ་དབྱེར་མེད་འབྲས་བུ་མངོན་གྱུར་ནས། །

ཕྲིན་ལས་འོད་ཀྱིས་དུག་གསུམ་མུན་སེལ་ཤོག །

བླ་མའི་སྒྲུབ་ཐབས་ཕག་མོ་གྲུ་པས་མཛད་པ་རྫོགས།། །།ཤུ་བྷཾ།།

ཕག་

གྲུ་

ལྔ་

མཆོད།

༡༠\༢༥



དཔལ་ལྡན་ཕག་མོ་གྲུ་ཡི་ནགས་ཁྲོད་དུ།།

སྐལ་ལྡན་གདུལ་བྱ་མང་པོ་སྨིན་མཛད་ཅིང་།།

བསམ་གྱི་མི་ཁྱབ་ཆོ་འཕྲུལ་སྣ་ཚོགས་བསྟན།།

འགྲོ་མགོན་རིན་པོ་ཆེ་ལ་ཕྱག་འཚལ་ལོ།།


ཕག་གྲུ་ལྔ་མཆོད་མཆོད་ཀྱི་གསལ་བཤད་སོཊ།

ཕག་གྲུའི་ལྔ་མཆོད་དང་འབྲེལ་བའི་ཕག་གྲུའི་སྐུ་གཤེཊ་པའི་དུས་ཚོད།

ཕག་གྲུའི་སྨོན་ལམ། མཁན་ཆེན་བསྟན་པ་རབ་རྒྱས་ཀྱིས་འཆད།

ཕག་གྲུ་ལྔ་མཆོད།

ཕག་གྲུའི་སྐུ་གཤེགས་པའི་དུས་ཚོད།

ཕག་གྲུ་ལྔ་མཆོད་ཀྱི་སྔོན་བརྡ།

ཕག་གྲུའི་རྣམ་ཐར།

ཕག་མོ་གྲུ་པའི་ལྔ་མཆོད་ལ་ཕུལ་བའི་བསྟོད་ཚིག


གཙོ་སྐྱོང་བ། པད་དཀར་བསྟན་འཕེལ།

འཕྲིན་ཕྲན། 1924226187

扫描二维码

关注更多精彩



A擦岗平台
ཚ་སྒང་འཕྲིན་སྟེགས་འདི་རིས་སུ་མ་ཆད་པའི་ཐུན་མོང་གི་རྩོམ་ཡིག་འགོད་ཆོག་པའི་སྤྱི་སྟེགས་ཤིག་ཡིན།
 最新文章