མཁས་དབང་དགེ་འདུན་ཆོས་འཕེལ།•གྱེར་འདོན་མ། འཚོ་སྨན་མ།

文摘   2023-09-13 09:17   青海  



ཚ་སྒང་འཕྲིན་སྟེཊ།




རྩོམ།

དགེ་འདུན་ཆོས་འཕེལ།
  རྩོམ་པ་པོ། མཁན་ཆེན་བསྟན་པ་རབ་རྒྱས།
  གྱེར་འདོན་མ། འཚོ་སྨན་མ།


༠མཛེས་པའི་སྟོང་གཟུགས་ལུས་ཀྱི་འཁྲི་ཤིང་རྩེར།།

མཛེས་པའི་མེ་ཏོག་གསར་པའི་ཞལ་རས་ཅན།།

ངག་དབང་ཚངས་པའི་བུ་མོ་སྒེར་ལྡན་མ།།

སྙན་ཚིག་སྨྲ་བའི་བློ་ཡི་མཆོད་སྦྱིན་མཛོད།།


༡རྣམ་དཔྱོད་ཆུ་རིས་འཕྱུར་བའི་རླབས་ཀྱི་རྩེར།།

སྙན་དབྱངས་ངག་གི་འཇོ་སྒེག་ངོམ་ཐེངས་རེར།།

ཚིག་རྒྱན་སྨྲ་བའི་མཁས་དབང་འབུམ་ཕྲག་གི།།

ཡིད་ཀྱི་བརྟན་པ་འཕྲོག་པའི་དགེ་ཆོས་པ།།


༢ཁྱེད་ཀྱི་སྙན་པའི་ཚིག་སྦྱོར་ལུས་ཕྲ་མས།།

མཛེས་པའི་སྟངས་སྟབས་ཅི་ཡང་བསྟན་པ་ན།།

འཕགས་བོད་སྙན་རྩོམ་བགྲེས་མོའི་ལང་ཚོ་ཕལ།།

ལྕགས་སམ་རྡོ་བའི་དུལ་བུ་བཞིན་དུ་གྱོང་།།


༣བདེན་དོན་རིག་པའི་རྒྱལ་ཁམས་ཉུལ་བ་ལས།།

གཏམ་རྒྱུད་གསེར་གྱི་ཐང་མ་བརྡལ་བ་ན།།

ཐུན་མོང་མི་ཡི་སྣང་ཚུལ་གཞིར་བཞག་པའི།།

ཡངས་པའི་འཇིག་རྟེན་མཐོང་བའི་དམིཊ་བུ་བྱིན།།


༤རིགས་ཞེན་ཁྲག་གིས་མྱོས་པའི་ངར་སྒྲ་རེས།།

རབ་དཀར་ཁ་བའི་ཞིང་ན་འཚོ་བ་ཡི།།

དཔྱོད་ལྡན་མང་པོའི་སྙིང་གི་གཏིང་རུམ་ན།།

དུང་སེམས་གངས་ལ་འཁྱུད་པའི་ལ་རྒྱ་བྱིན།།


༥ཤིན་ཏུ་ཁ་གསལ་དབུ་མ་རྩ་བའི་གཞུང་།།

ཡོན་པོའི་བློ་ཡིས་དཀྱོག་པོར་འགྲེལ་བ་ན།།

ཀླུ་སྒྲུབ་དགོངས་པ་དམར་རྗེན་སྟོན་པ་ཡི།།

ངེས་དོན་རིགས་པའི་འབྲུག་སྒྲས་ས་ཆེན་བསྒུལ།།


༦ཆོས་དང་ཚན་རིག་ཕྱོགས་རེར་ཞེན་པའི་གཏམ།།

འབྲེལ་མེད་ཅ་ཅོ་ཅི་ཡང་སྨྲ་བའི་ཚེ།།

རྩེར་སོན་ཚན་གསར་སྨྲ་བའི་རིང་ལུཊ་ལས།།

ནང་བསྟན་མདུན་བསྐྱོད་སོང་བའི་སྤོབས་པ་སྩལ།།


༧ཁྱེད་ཀྱི་ཞལ་དང་ང་ཡི་རྣ་བའི་བར།།

ལོ་དང་ཟླ་བས་རིང་དུ་བསྐལ་ན་ཡང་།།

དུང་སེམས་ཁྱེད་ལ་འཁྱུད་པའི་ཁ་བའི་བུས།།

སྙན་ཚིག་མེ་ཏོག་དམར་པོའི་ཕྲེང་བ་བསྟར།།


ཞེས་ངག་དབང་དབྱངས་ཅན་གཙུག་ལག་རྒྱ་མཚོ་ལུང་རིགས་སྨྲ་བའི་ཉི་མས(རུས་རྐང་གཙང་མ་པས་)ཡང་ཡང་བསྐུལ་ངོར་འོད་གསལ་ཕྱག་རྒྱ་ཆེན་པོའི་གླིང་ནས་ཤར་མར་སྦྱར་བའོ།།




གྱེར་འདོན་མ། •ཚ་སྒང་། འཚོ་སྨན་མ།



དོ་དམ་པའི་སྒེར་འཕྲིན།

1924226187


 སྤྱི་སྟེགས་དོ་དམ་པ། *པད་དཀར་བསྟན་འཕེལ། 

བརྩམས་ཆོས་བསྐུར་ཡུལ་གྱི་ཡིག་ཟམ། 16222785500.com


སྒྲ་ལེན་པ།   *ཁམསསྤུན་ཟླའི་སྒྲ་དབྱངས་སྒྲིག་སྦྱོར་ཁང་།


སྤྱིའི་འགན་ལེན་པ།   *པད་དཀར་བསྟན་འཕེལ།

更多精彩,ནང་དོན་ཚང་མ།“阅读原文”查看。

A擦岗平台
ཚ་སྒང་འཕྲིན་སྟེགས་འདི་རིས་སུ་མ་ཆད་པའི་ཐུན་མོང་གི་རྩོམ་ཡིག་འགོད་ཆོག་པའི་སྤྱི་སྟེགས་ཤིག་ཡིན།
 最新文章