དྭགས་པོ་བཀྲ་ཤིས་རྣམ་རྒྱལ་མཆོག་གི་རྣམ་ཐར།•མཁན་པོ་འཇིཊ་མེད།

文摘   2023-10-17 20:40   青海  



དྭགས་པོ་བཀྲ་ཤིས་རྣམ་རྒྱལ་མཆོག་ནི།།
དེ་ཡང་ཡབ་ནི་རྗེ་དྭགས་པོའི་རིགས་དབོན་མངའ་བདག་ཆེན་མོ་ཆོས་དབང་གྲགས་པ་དང་། ཡུམ་རིག་འཛིན་སྒྲོལ་མ་གཉིས་ཀྱི་སྲས་སུ་དཔལ་སྡོང་ཞེས་པ་ཆུ་མོ་བྱ་ལོ་སྤྱི་ལོ་༡༥༡༣ལོ་ཧོར་ཟླ་གསུམ་པའི་ཚེས་བརྒྱད་ལ་མེ་ཏོག་གི་ཆར། སྙན་པའི་འབྲུག་སྒྲ་དང་བཅས་ཏེ་སྐུ་བལྟམས།། མཚན་དོན་ཡོད་རྒྱ་མཚོར་གསོལ།
ཐོག་མར་ཡུམ་གྱིས་སྐྱབས་འགྲོ་དང་། དྭགས་བསྟོད། མཛད་བཅུ་སོགས་ཞལ་འདོན་མཛད་པ་ཞར་ལ་མཁྱེན་ཏེ་མཉམ་དུ་འདོན་པར་མཛད། དགུང་ལོ་བདུན་པ་ལ་སྒོམ་པོར་ཁུ་བོའི་དྲུང་དུ་བྱོན། མཚན་བརྗོད། རྣམ་འཇོམས། ཕག་མོ དགྱེས་རྡོར། བསྐང་གསོ་སོགས་ཐུགས་འཛིན་དང་། ཞར་ལ་ཡི་གེ་གཟབ་བཤར་སྦྱངས་པ་ཕུལ་ཕྱིན་དགོངས། ཁུ་བོ་མཁན་སློབ་དང་བཅས་པའི་དྲུང་དུ་རབ་ཏུ་བྱུང་། མཚན་བཀྲ་ཤིས་རྣམ་རྒྱལ་ཆོས་ཀྱི་དཔལ་བཟང་པོར་གསོལ།། གདན་ས་ཤེས་རབ་རྣམ་རྒྱལ་ལ་བརྟེན་ནས། ཕར་ཕྱིན། མཛོད། འདུལ་བའི་སྤྱི་དོན། དབུ་མའི་སྤྱི་དོན། སྡོམ་གསུམ། ཚད་མ་ལ་རྟགས སྐོར་འགའ་ཤས་གསན། རྗེ་རིན་པོ་ཆེ་ཀརྨ་ཕྲིན་ལས་པ་ལས། དེར་མ་འཐུས་པའི་མདོ་རྒྱུད་བསྟན་བཅོས་མན་ངག་དབང་ཁྲིད་མཐའ་གཅོད་དང་བཅས་གསན་པ་རྣམས་འདིར་ཡི་གེ་མང་བས་རྣམ་ཐར་ཆེ་མོ་དང་གསན་ཡིག་ཏུ་བལྟ་བར་བྱའོ་གསུངས་འདུག་པས་ཀརྨ་ཕྲིན་ལས་ཀྱི་སློབ་མ་ཡིན་པ་དང་། ཀརྨ་ཕྲིན་ལས་པའི་དངོས་སློབ་ལ་ཀརྨ་བརྒྱད་པ་མི་སྐྱོད་རྡོ་རྗེ་ཡང་ཡོད་པ་ཡིན་ལ། ད་དུང་ཁོང་གི་ང་ཚོས་རྣམ་ཐར་ཆེ་མོ་དང་གསན་ཡིག་ལ་ངེས་པར་དུ་བལྟ་དགོས་འདུག

རོང་སྟོང་སློབ་མ་ལ་བཀྲ་ཤིས་རྣམ་རྒྱལ་ཟེར་བ་ཞིག་ཡོད་ཀྱང་འོད་ཟེར་སྐོར་གསུམ་མཛད་མཁས་གྱི་བཀྲ་ཤིས་རྣམ་རྒྱལ་དང་མི་གཅིག་མ་ཡིན་པ་ཤེས་དགོས། རྒྱུ་མཚན་ནི་རོང་སྟོང་སློབ་མ་དྭགས་པོ་པཎ་ཆེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་ཐར་ཞིག་ནཱ་ལེནྡྲའི་མཁན་པོ་ནོར་བུ་ཡོན་ཏན་ཕྱག་ལ་འདུག་པ་ལ་༢༠༢༢ལོ་རང་ཉིད་ཀྱི་མགོ་ནས་མཇུག་བར་ལ་བལྟས་ཀྱང་འོད་ཟེར་སྐོར་གསུམ་མཛད་ཚུལ་དང་བཀའ་བརྒྱུད་པ་ལ་འབྲེལ་བ་ཡོད་པའི་ཚིག་གཅིག་ཀྱང་མ་མཐོང་། འོད་ཟེར་སྐོར་གསུམ་དང་ལྷག་པར་ཕྱག་ཆེན་ཟླ་ཟེར་ལ་ལྟོས་དང་བླ་རྒྱུད་ལ་མར་མི་དྭགས་གསུམ་དང་དགག་བཞག་གྱི་སྔར་རྒོལ་གཙོ་བོ་ནི་ས་པཎ་ཡིན་པ་སོགས་ལ་ཤེས་རབ་ཅན་དག་གིས་བལྟས་པ་ཙམ་གྱིས་ཀྱང་བཀའ་བརྒྱུད་པའི་གཞུང་ལུགས་དྲི་མ་མེད་པ་ཞིག་ཡིན་པ་སྙོན་དུ་མེད་པ་ཞིག་གོ།། བཀྲ་ཤིས་རྣམ་རྒྱལ་ཟེར་བའི་བླ་མ་ཐམས་ཅད་མི་གཅིག་ཡིན་པ་བསམ་ན་བོད་རིགས་ནང་ལ་བཀྲ་ཤིས་དང་རྣམ་རྒྱལ་ག་ཚད་ཡོད་མེད་ངེས་བཟུང་དཀའ་བ་དེ་རེད། མདོར་ན། འོད་ཟེར་སྐོར་གསུམ་མཛད་མཁན་གྱི་བཀྲ་ཤིས་རྣམ་རྒྱལ་དང་། རང་སྟོང་གདུང་རྟེན་བཞེངས་པ་དང་ནཱ་ལེནྡྲའི་གདན་རབས་གཉིས་པའི་བཀྲ་ཤིས་རྣམ་རྒྱལ་དང་། འདས་ལོག་བཀྲ་ཤིས་རྣམ་རྒྱལ་རྣམས་བླ་མ་སོ་སོར་ཡིན་པ་ལས་མི་གཅིག་མ་ཡིན་པར་ངེས་པར་དུ་ཤེས་དགོས།།










བརྩམས་ཆོས་ལ། བརྟག་གཉིས་འགྲེལ་ཆེན་ཉི་མའི་འོད་ཟེར། ཕྱག་ཆེན་ཟླ་བའི་འོད་ཟེར། སྔགས་ཀྱི་སྤྱི་དོན་ནོར་བའི་འོད་ཟེར། ཕྱག་ཆེན་ཆོས་དྲུག་སོགས་ཁྲིད་ཡིག་དུ་མ་དང་། བདེ་དགྱེས་གསང་གསུམ། ཕག་མོ་སོགས་ཀྱི་དཀྱིལ་ཆོག་མང་པོ་མཛད། ཆོས་བཞི་གཞུང་འགྲེལ་དང་། ཐར་བ་རིན་པོ་ཆེའི་རྒྱན་ཡང་སླར་ཞུ་དག་མཛད་དེ་པར་དུ་བཀོད། ཐམས་ཅད་མཁྱེན་པ་པདྨ་དཀར་པོ་དང་། སྤྲུལ་སྐུ་བསོད་ནམས་རྒྱ་མཚོ་ཡང་སྒམ་པོར་ཕེབས། གཉིས་ཀ་ནས་ཕྱག་དང་མཇལ་དང་བོར་སྟོབ་པ་སོགས་མཇལ་འཛོམས་ལུགས་ལེགས་སུ་གནང་། ཞེས་པ་རྣམ་ཐར་ལས་གསལ་བ་ལྟར་ན་རྒྱལ་དབང་འབྲུག་པ་སྐུ་ཕྲེང་བཞི་པ་འབྲུག་ཀུན་མཁྱེན་པདྨ་དཀར་པོ་དང་དུས་མཉམ་པ་ཞིག་ཡིན་པ་ཤེས་ལ། དུས་མཉམ་ཡིན་པ་མ་ཟད་ཕན་ཚུན་བླ་སློབ་གྱི་འབྲེལ་བ་ཀྱང་ཡོད་འདུག དྭགས་པོ་བཀྲ་ཤིས་རྣམ་རྒྱལ་སྐོར་ལ་ཅུང་ཟད་དཔྱད་པ་དགོས་པའི་རྒྱུ་མཚན་ནི་བདག་ནི་ཁྱེད་ཀྱི་བརྩམས་པའི་འོད་ཟེར་སྐོར་གསུམ་ལ་ཧ་ཅང་དད་ཞེན་ཆེ་བས་སོ།། རབ་བྱུང་༡༠པའི་མེ་ཕག་སྤྱི་ལོ༡༥༨༧ལོར་འདས་པ་བསྟན་རྩིས་ཀ་ཕྲེང་ལག་དེབ་ལས་བཀོད་འདུག འཇུག་ལ་རེ་བ་གཅིག་ནི་དཔེ་ཆ་པར་བསྐྲུན་བྱེད་མཁན་དག་གིས་བརྩམས་པ་པོའི་རྣམ་ཐར་ལ་ཞིབ་འཇུག་ཡག་པོ་ཞིག་མཛད་པ་ལས་ངེས་པ་གང་ཡང་མ་རྙེད་པ་དག་གིས་རྣམ་ཐར་དང་ལོ་རྒྱུས་མ་དག་པ་དང་འཁྱོག་བཤད་སྣ་ཚོགས་བྱས་ན་ཕན་པ་ལས་གནོད་པ་ཧ་ཅང་ཆེ་བ་ཞིག་གོ །
ཞེས་པ་འདི་དག་ནི་ཕར་ཆེར་ནི་ཤཱཀྱའི་དགེ་སློང་བཟང་པོའི་མཚན་ཅན་གྱིས་ཆུ་སྟག་སྤྱི་ལོ་༡༦༦༢ ལོར་མཛད་ཟེར་བའི་རྣམ་ཐར་ལ་གཞི་བྱས་རང་གི་ཡང་ཅུང་ཟད་ཁ་སྣོན་བྱས་ནས་གུ་ཕུ་བ་འཇིགས་མེད་རྣམ་རྒྱལ་ནས་བོད་ལྗོངས་ནས་བསྟན་སློབ་གྲྭ་བྲིས་པ་དགེ



ཚ་སྒང་འཕྲིན་སྟེཊ།

རྒྱ་ཆེ་བའི་སྤུན་ཟླ་རྣམས་ལ་ཞུ་བྱ། ཚ་སྒང་འཕྲིན་སྟེགས་འདིར་དགོད་རྒྱུ་རྩོམ་ཡིག་རྣམས་རྩོམ་པ་པོ་རང་གིས་ཞུ་དག་ལེགས་པར་བྱེད་དགོས་པ་ལས་འདིར་ནས་ཞུ་དག་བྱེད་ཅིང་མེད། རྩོམ་ཡིག་འདིར་བསྐུར་ཟིན་ནའང་སྔར་བཤད་པ་ལྟར་རྩོམ་ཡིག་ཀྱང་ཁོར་ཡུག་དང་དུས་སོགས་དང་འཚམ་པར་ཡིན་དགོས་པ་ལས་གཞན་དག་དགོད་ཀྱི་མེད་པས་རྩོམ་བདག་རྣམས་དགོངས་འགལ་མེད་པར་གྱིས། དེ་ཚོ་དང་པོ་གོ་བར་གྱིས། 





擦岗平台





ཚ་སྒང་འཕྲིན་སྟེགས་འདིར་ཁྱེད་ཕེབས་པ་དགའ་བསུ་ཞུ།


欢迎大家关注擦岗微信公众平台




སྒྲིག་པ་པོ། ཚ་བ་རྫ་ཆབ།

གཙོ་སྐྱོང་བའི་འཕྲིན་ཕྲན། 1924226187



A擦岗平台
ཚ་སྒང་འཕྲིན་སྟེགས་འདི་རིས་སུ་མ་ཆད་པའི་ཐུན་མོང་གི་རྩོམ་ཡིག་འགོད་ཆོག་པའི་སྤྱི་སྟེགས་ཤིག་ཡིན།
 最新文章