ཁྱེད་ཀྱིས་ཀློག་མ་ཐུབ་པའི་སྒྲུང་དེ། ཁྱེད་རང་ཀློག་ཁོམ་མ་ཡོད་པའི་དེབ་དེ།
རྒྱལ་སྲས་ཟ་འོག་ན་ཡོད། འབྲུ་ཚའི་ངག་ན་ཡོད།
བོད་ཀྱི་སྒྲུང་གཏམ་གཙུག་གཡུ་ལས་ཁོལ་བཏོན་དབུས་སྐད་ཐ་སྙད་ཁག་ཅིག་གི་མཆན་བུ་བཞུགས།
དེ་ཡང་བོད་ཀྱི་དེང་རབས་སྒྲུང་གཏམ་ཆེས་ཐོག་མའི་མཚན་སྙན་གདན་ཐོབ་ཅན་གཙུག་གཡུ་ཞེས་བྱ་བ་འདི་བཞིན་རྒན་གླང་མདུན་དཔལ་འབྱོར་མཆོག་ནས་རྩོམ་གནང་མཛད་པའི་སྒྱུ་རྩལ་བརྩམ་བྱ་ཕུལ་དུ་བྱུང་བ་ཞིག་ཡིན་པ་གླེང་མེད་ཐོག། འདི་ཉིད་ཀྱི་ཁྲོད་དུ་ཅ་ལག་ཕལ་ཆེར་གྱི་མིང་ནི་ལྷ་སའི་སྐད་ལྟར་དུ་བཞུགས་པ་རྣམས་མཁས་དབང་མང་ཆེ་བས་མཁྱེན་ཚོད་ལགས་ཀྱང་ངེད་ཀྱི་ཨ་མདོའི་གྲོགས་པོ་ཁ་ཅིག་དབུས་སྐད་མགོ་མ་ཚོས་པའམ་སྐབས་སྐབས་གོ་ལོག་ཏུའང་འགྲོ་བ་བཅས་ད་ལམ་གྲོགས་པོ་འབྲུ་ཚ་རིན་ཆེན་མཁར་ལགས་ནས་ཆེད་མངག་གཙུག་གཡུ་འདི་བཞིན་ཨམ་སྐད་དུ་སྒྲོག་འདོན་བྱེད་རྩིས་ཀྱིས་ངེད་ནས་ཐ་སྙད་ཨམ་སྐད་དུ་མེད་པ་རྣམས་ལ་ཟུར་དུ་མཆན་ཐོ་ཞིག་འབྲི་རྒྱུར་ཁས་ལེན་བྱས་པ་ཡིན་ཀྱང་། སྔོན་ཆད་གཙུག་གཡུ་ཞིབ་ཏུ་ཀློག་མྱོང་མེད་སྟབས་ང་རང་ལའང་གོ་དོན་ཞིབ་ཆ་རྟོགས་རྒྱུར་ཆགས་ཐོགས་ཆེན་པོ་བྱུང་སྟེ། གྲོགས་པོས་བློ་བཀལ་བ་ཆུད་ཟོས་སུ་བཏང་སོང་སྙམ་པའི་འཚེར་སྣང་ཡང་སྐྱེས། ཡིན་ནའང་དེང་སང་དྲ་བའི་སྟོབས་ཤུགས་ལ་བརྟེན་ནས་ཚིག་མཛོད་སྣ་ཚོགས་ལག་པས་ལེན་ཆོག་ཏུ་ཡོད་སྟབས། བོད་རྒྱ་ཚིག་མཛོད་དང་དུང་དཀར་ཚིག་མཛོད་ཆེན་མོ། ལྷ་སའི་ཁ་སྐད་ཚིག་མཛོད་བཅས་ལ་གཞི་བཅོལ་གྱིས་སྒྲུང་གཏམ་གྱི་བྱུང་རིམ་ལྟར་མཆན་བུ་འདི་ཙམ་ཞིག་སྒྲིག་ཐུབ་པ་བྱུང་བ་འདི་སྒྲུང་དེབ་རང་དང་ཤན་སྦྱར་དུ་བལྟས་ན་བདེ་བར་སྙམས་ལ། ཐ་སྙད་དཔྱད་གཞི་མ་རྙེད་པའི་རིགས་ལ་མཆན་གནས་སྟོང་པར་བཞག་ཡོད་སྟབས་བློ་ལྡན་སུ་ཞིག་གིས་ཤེས་ཀྱང་ཁ་སྣོན་གསལ་བཀྲོལ་བཀའ་དྲིན་ཆེ་བ་དང་། འདི་ལ་འགལ་འཛོལ་བྱུང་རིགས་རྣམས་ཡང་དག་པར་ཞུ་བའི་རེ་བ་བཅས།
གུས་དབྱངས་ཅན་ལྡིང་ཁང་བས།
ལེའུ་བཅོ་ལྔ་པ།
གནས་བཟོད་བདེ་པོ། སྐྱིད་ཅིང་བག་ཕེབས་པའི་དོན།གདངས་པ། དྭངས་པ་སྟེ། གསལ་བར་གྱུར་པ་དང་རྙོག་པ་མེད་པའི་དོན། འདིར་ནད་གཞི་དྲག་སྐྱེད་བྱུང་བའི་དོན། འདིར་གདངས་པ་ནི་ཡི་གེ་ནོར།གདངས་སྐྱེད། དྭངས་སྐྱེད་དེ། ནད་གཞི་དྲག་སྐྱེད་བྱུང་བའི་དོན། འདིར་གདངས་སྐྱེད་ནི་ཡི་གེ་ནོར།བརླག་མ་རྙེད། གླགས་མ་རྙེད་ཅེས་པ་སྟེ། འདིར་ཐབས་ཟད་པའི་དོན། འདུར་བརླག་ཅེས་པ་ཡི་གེ་ནོར།རྟ་རགས། རྟ་ཞོན་པའི་མི་ཚོགས་ཀྱི་གྲལ་ཕྲེང་ལ་ཟེར།་གྲི་རུབ། མི་མང་པོས་མི་གཅིག་ལ་གྲི་སྡེབ་གཡུག་གམ་སྡེབ་འཛུགས་བྱེད་པ།ཚམ་རྔམ། འཇིགས་རྔམ་སྟོན་སྟངས།དབྲིལ། ས་ལ་རིལ་དུ་བཅུག་པའམ། བསྒྱེལ་བའི་དོན།ཐག་ཞོར་འབྲེང་དྲུད། ཞོར་འདྲུད་ཀྱི་དོན་སྟེ། ནག་ཉེས་ཅན་གྱི་མི་ཞིག་ཁྲིམས་ལ་ཐུག་ཚེ་འབྲེལ་ཡོད་ཉེས་མེད་གཞན་ཡང་དེའི་ཞོར་དུ་ཚུད་པ་ལྟ་བུ། ལྷ་སའི་སྐད་ནང་ཐག་ཞོར་རྒྱུན་དྲུད་ཐེབས་ཞེས་ཀྱང་ཟེར། རྒྱ་སྐད་株连、连累ཞེས་པ་ཡིན། ཤན་ཁའི་གྲུ་ས། འདིར་ལྷ་སའི་སྐྱིད་ཆུའི་ལྷ་མཐོང་ཤན་ཁའམ་ལྷ་གདོང་ཤན་ཁ་ལ་ཟེར། སྤྱིར་ན་ཤན་ཁ་དང་གྲུ་ས་གཉིས་དོན་གཅིག་པར་གྲུ་ཁའི་མིང་སྟེ། གྲུ་གཟིངས་སྡོད་སའི་ཆུ་ཁ་ལ་ཟེར། རྒྱ་སྐད་渡口、码头ཞེས་པ་ཡིན། Oxford牛津ལ་གླང་པོ་ཤན་ཁ་ཞེས་ཁོ་བོས་རང་དགར་བཏགས་ཧ་ཧ། དུང་དཀར་ཚིག་མཛོད་ལས་ལྷ་གདོང་ཤན་ཁ་ནི། ཚལ་གུང་ཐང་དོན་གཅོད་ཁང་ཁོངས་ལྷ་མཐོང་ཤན་ཁ་ནི་དེ་སྔ་ལྷ་ས་སྐྱིད་ཆུའི་ལྷོ་བྱང་བར་འགྲུལ་པ་སྐྱེལ་སྒྲོལ་བྱ་སའི་གྲུ་ཁ་གཙོ་བོ་ཞིག་ཡིན་ཅིང། དབྱར་དུས་ཟླ་བ་བདུན་རིང་ཀོ་བ་གཏོང་བ་དང་། དགུན་དུས་ཟླ་བ་ལྔའི་རིང་ཤིང་གྲུ་རྟ་མགོ་ཅན་གཏོང་གི་ཡོད། ཀོ་གྲུའི་དོ་དམ་རྣམས་སྒེར་ཤན་ཁ་བས་བྱེད་ཅིང་། ཀོ་གྲུ་སྒྲོལ་སྐབས་གླ་ཆ་ཆེ་ཐོག་དུས་ཐོག་ཏུ་སྒྲོལ་དཀའ་བས་ཆུ་ཁར་སྔ་པོ་ནས་སྒུག་སྡོད་རྒྱུན་རིང་བྱེད་དགོས་སྟབས། ཆུ་མོ་ལྷ་མཐོང་ཤན་ཁའི། །གྲུ་ལ་སྔ་གྲུ་བཏང་ནས། །གནས་ཆེན་པོ་ཏ་ལ་རུ། །ཉི་མ་ཤར་ནས་སླེབས་བྱུང། །ཞེས་དམངས་གཞས་བཟོས་ཡོད་པ་དང་། བོད་རབ་བྱུང་བཅུ་དྲུག་པའི་ཤིང་རྟ(༡༩༥༤)ལོ་ལྷ་ས་ཟམ་ཆེན་སྐྲུན་སྐབས་ལྷ་མཐོང་ཤན་ཁའི་གྲུ་གླ་ཧ་ཅང་འཕར་སྟབས་སྐྱིད་ཆུའི་ལྷོ་བྱང་དུ་འགྲོ་འོང་བྱེད་མཁན་ལ་ཅ་ཟིང་ཚད་མེད་བཟོས་ཤིང་། ཟམ་པ་ལེགས་གྲུབ་བྱུང་རྗེས་ཀོ་གྲུར་བརྟེན་མི་དགོས་སྟབས་ཀོ་གྲུའི་བདག་པོའི་བཟའ་སྒོ་འགག་ནས་ཁ་ལ་ཀུ་རུ་བརྒྱབ་སྟབས་རྒྱུ་མཚན་དེ་ལ་བརྟེན་ནས་ལྷ་ས་སྐྱིད་ཆུའི་ཟམ་ཆེན་ལ་ཀུ་རུ་ཟམ་པ་ཞེས་མིང་ཐོགས་ཞེས་གསལ།ཁ་ས། ཁ་སང་སྟེ། འདས་པའི་ཉིན་སྔོན་མའི་མིང་། འདི་ལ། ཁ་ས། ཁས་ས། ཁ་སང་། ཁ་རྩང་། ཁར་རྩང་སོགས་ཡུལ་སྐད་མི་འདྲ་བའི་འབྲི་སྲོལ་འགའ་ཞིག་ཡོད།གཡར་ཉན་ཙམ་བྱུང་། གཡར་མཁན་ཙམ་བྱུང་ཞེས་པའི་དོན།རྒྱལ་སྲས་ཟ་འོག་ལ་སྤེལ་བའི་བརྩམས་སྒྲུང་དང་ལྷུག་རྩོམ་གང་ཡིན་ཡང་གུས་པས་རང་གི་དགའ་ཕྱོགས་ལྟར་ཡག་པོར་མཐོང་བ་སྐོར་ཞིག་བདམས་པ་ཡིན་ཞིང་། སྒྲོག་འདོན་དང་འཁྲབ་བཤད་བྱེད་སྐབས་ཨ་མདོའི་འབྲོག་སྐད་ལས་མཚོ་སྔོན་པོའི་ཁ་སྐད་གཙོར་བཟུང་སྟེ་བཏོན་ཡོད་པས་ཁ་སྐད་དང་ཡིག་སྐད་གཉིས་དོ་མི་མཉམ་པ་དང་ཀློག་སྟངས་སོགས་ལ་ཡུལ་སྐད་གཞན་དང་མི་མཐུན་སའང་གང་མང་ཡོད་སྲིད། དེ་མིན་ལྷུག་རྩོམ་རྣམས་ཀློག་པའི་སྐབས་སུ་ཁ་སྐད་རྐྱང་རྐྱང་ངམ་ཚིག་ནག་ལ་ཕབ་དྲགས་ན་རྩོམ་པ་པོ་རྣམས་ཀྱིས་ཚིག་རྩལ་བཏོན་པའི་ཆ་རེ་ཉམས་ཨེ་འགྲོར་དོགས་ནས་ཡིག་སྐད་སོར་བཞག་དང་སྐབས་རེར་ཁ་སྐད་དང་ཡིག་སྐད་མཉམ་བསྲེས་བྱས་ཡོད། གཞན་ཡང་། གུས་པ་སྒྲོག་འདོན་ཞེས་པའི་ལམ་ཁར་ཞུགས་ཙམ་ཡིན་ཞིང་སྒྲོག་འདོན་ཞེས་པའི་ཐ་སྙད་འདིའི་སྦྱོར་སྟངས་སོགས་འགྲིག་མིན་གྱི་ཁ་ཚོན་ཡང་གཅོད་དཀའ་ལ། མང་པོས་ཁྱད་མེད་དུ་སྤྱོད་པའི་ཀློག་འདོན་དང་སྒྲོག་འདོན། སྙན་སྒྲོན། གྱེར་འདོན། ཟུར་བཤད། སེམས་གཏམ། འཁྲབ་བཤད་སོགས་ལའང་ཁྱད་པར་ཅུང་ཙམ་རེ་ཡོད་སྲིད་ནའང་ཁོ་བོས་དེ་དག་རེ་རེའི་མཚན་ཉིད་འདི་ཡིན་དང་ཁྱད་པར་འདི་ལྟར་དབྱེ་དགོས་སོགས་ཀྱི་ཐད་ནས་གང་ཡང་སྨྲ་བར་མི་སྤོབས་སོ།།