【གཙུག་གཡུ།】བཅུ་གཅིག་པའི་སྨད།

文摘   文化   2024-04-10 20:32   青海  

རྒྱལ་སྲས་ཟ་འོག
 སྒྲུང་གི་ཀློང་བརྡོལ་ས།།   
 མཚན་གྱི་ཞེ་ཆགས་ས།།       

ཁྱེད་ཀྱིས་ཀློག་མ་ཐུབ་པའི་སྒྲུང་དེ། ཁྱེད་རང་ཀློག་ཁོམ་མ་ཡོད་པའི་དེབ་དེ།

རྒྱལ་སྲས་ཟ་འོག་ན་ཡོད། འབྲུ་ཚའི་ངག་ན་ཡོད།

བོད་ཀྱི་སྒྲུང་གཏམ་གཙུག་གཡུ་ལས་ཁོལ་བཏོན་དབུས་སྐད་ཐ་སྙད་ཁག་ཅིག་གི་མཆན་བུ་བཞུགས།

དེ་ཡང་བོད་ཀྱི་དེང་རབས་སྒྲུང་གཏམ་ཆེས་ཐོག་མའི་མཚན་སྙན་གདན་ཐོབ་ཅན་གཙུག་གཡུ་ཞེས་བྱ་བ་འདི་བཞིན་རྒན་གླང་མདུན་དཔལ་འབྱོར་མཆོག་ནས་རྩོམ་གནང་མཛད་པའི་སྒྱུ་རྩལ་བརྩམ་བྱ་ཕུལ་དུ་བྱུང་བ་ཞིག་ཡིན་པ་གླེང་མེད་ཐོག། འདི་ཉིད་ཀྱི་ཁྲོད་དུ་ཅ་ལག་ཕལ་ཆེར་གྱི་མིང་ནི་ལྷ་སའི་སྐད་ལྟར་དུ་བཞུགས་པ་རྣམས་མཁས་དབང་མང་ཆེ་བས་མཁྱེན་ཚོད་ལགས་ཀྱང་ངེད་ཀྱི་ཨ་མདོའི་གྲོགས་པོ་ཁ་ཅིག་དབུས་སྐད་མགོ་མ་ཚོས་པའམ་སྐབས་སྐབས་གོ་ལོག་ཏུའང་འགྲོ་བ་བཅས་ད་ལམ་གྲོགས་པོ་འབྲུ་ཚ་རིན་ཆེན་མཁར་ལགས་ནས་ཆེད་མངག་གཙུག་གཡུ་འདི་བཞིན་ཨམ་སྐད་དུ་སྒྲོག་འདོན་བྱེད་རྩིས་ཀྱིས་ངེད་ནས་ཐ་སྙད་ཨམ་སྐད་དུ་མེད་པ་རྣམས་ལ་ཟུར་དུ་མཆན་ཐོ་ཞིག་འབྲི་རྒྱུར་ཁས་ལེན་བྱས་པ་ཡིན་ཀྱང་། སྔོན་ཆད་གཙུག་གཡུ་ཞིབ་ཏུ་ཀློག་མྱོང་མེད་སྟབས་ང་རང་ལའང་གོ་དོན་ཞིབ་ཆ་རྟོགས་རྒྱུར་ཆགས་ཐོགས་ཆེན་པོ་བྱུང་སྟེ། གྲོགས་པོས་བློ་བཀལ་བ་ཆུད་ཟོས་སུ་བཏང་སོང་སྙམ་པའི་འཚེར་སྣང་ཡང་སྐྱེས། ཡིན་ནའང་དེང་སང་དྲ་བའི་སྟོབས་ཤུགས་ལ་བརྟེན་ནས་ཚིག་མཛོད་སྣ་ཚོགས་ལག་པས་ལེན་ཆོག་ཏུ་ཡོད་སྟབས། བོད་རྒྱ་ཚིག་མཛོད་དང་དུང་དཀར་ཚིག་མཛོད་ཆེན་མོ། ལྷ་སའི་ཁ་སྐད་ཚིག་མཛོད་བཅས་ལ་གཞི་བཅོལ་གྱིས་སྒྲུང་གཏམ་གྱི་བྱུང་རིམ་ལྟར་མཆན་བུ་འདི་ཙམ་ཞིག་སྒྲིག་ཐུབ་པ་བྱུང་བ་འདི་སྒྲུང་དེབ་རང་དང་ཤན་སྦྱར་དུ་བལྟས་ན་བདེ་བར་སྙམས་ལ། ཐ་སྙད་དཔྱད་གཞི་མ་རྙེད་པའི་རིགས་ལ་མཆན་གནས་སྟོང་པར་བཞག་ཡོད་སྟབས་བློ་ལྡན་སུ་ཞིག་གིས་ཤེས་ཀྱང་ཁ་སྣོན་གསལ་བཀྲོལ་བཀའ་དྲིན་ཆེ་བ་དང་། འདི་ལ་འགལ་འཛོལ་བྱུང་རིགས་རྣམས་ཡང་དག་པར་ཞུ་བའི་རེ་བ་བཅས།

གུས་དབྱངས་ཅན་ལྡིང་ཁང་བས།

ལེའུ་བཅུ་གཅིག་པ།

དྲེལ་ལག དྲེའུ་ལག་ཀྱང་སྟེ། ཕྱོགས་འགྲོ་སྐབས་དྲེལ་པས་བདག་བཟུང་གི་དྲེལ་ཉི་ཤུ་ཐམ་པའི་ཚོ་གཅིག་སྟེ།  སྔར་སྲོལ་ལྟར་ཕྱོགས་འགྲོའི་ལམ་བར་དུ་མི་གཅིག་གིས་བདག་སྤྲོད་བྱ་རྒྱུའི་སྣ་མ་སྟེ་གནག་ཕྱུགས་ངོ་གྲངས་ཉི་ཤུ་ཐམ་པ་རེའི་མིང་། དབུས་གཙང་དུ་དྲེའུ་ལག་གམ། གཡག་ལག་ཟེར། ཡང་འདི་ལ་འགྲེལ་བཤད་གཞན་དུ་མི་གཅིག་གིས་བདག་སྐུལ་བྱེད་པའི་རྟ་དྲེལ་བཅུ་རེའམ་བདུན་རེའི་མིང་ཞེས་ཀྱང་གསལ་བས་བརྟག།རྒྱ་སྐད་骡帮ཞེས་པ་ཡིན་པར་སྙམ། 

རྟ་བྲེས། རྟ་འདོགས་སའི་ར་བའམ་རྟ་ལ་གཟན་རྩ་སྟེར་སའི་བྲེས་ར། ཨམ་སྐད་རྟ་ར་ཞེར་བ་ཡིན།
བྱ་གཡབ། སྟེང་གཡོགས་ལྟ་བུའི་གུར་རམ་བསིལ་གྲིབ་ཕྱིར་དུ་ཕྱིར་དུ་ཕུབ་པའི་འགྲམ་མེད་པའི་རས་གུར་ལྷེབ་ལྷེབ་ལྟ་བུ། རྒྱ་སྐད་凉棚ལྟ་བུ་ཞིག་ཡིན་པར་སྙམ།

སྨྱུང་བུ། སྙུང་བུ་སྟེ། ཀོ་བ་སོགས་འབིགས་བྱེད་ཡོ་བྱད། ཨམ་སྐད་འབིག་ཟེར། 

སྒ་འཁོར་བཅས། རྟ་སྒའི་ཡོ་བྱད་ཆ་ཚང་།

རྡེལ་གཞོང་། རྩིས་གཞོང་སྟེ། རྩིས་རྡེལ་སྒྲིག་སྣོད་ཀྱི་གཞོང་པའི་མིང་།

ཁམ་བུ་ཚིག་གུ། ཁམ་ཚིག་ཀྱང་སྟེ། ཁམ་བུའི་ནང་རུས་སམ་ནང་སྙིང་། འདིར་རྩིས་རྡེལ་གཏོང་བྱེད་ཡིན།

བཅུ་ཤིང་། གྲངས་ཀ་རྩི་བྱེད་ཀྱི་ཡོ་བྱད་དེ་རྒྱུག་པ་ཕྲ་མོ་གཅིག་གྲངས་བཅུ་ལ་བརྩི། 

རྒྱ་སྲན་མ། སྲན་མ་ཆེན་མོ་སྟེ། འདིར་རྩིས་རྡེལ་གཏོང་བྱེད་ཡིན།

ཕུལ་རྡོ། ཨ་མོ་ནིག་ཅེས་ཀྱང་བྱ་སྟེ། རྡོ་ཤོ་ཕོ་རོག་གམ། རྡོ་ནག་གྲུ་བཞི་ཞིག་གི་མིང་། རྡོ་ཤོ་ཞེས་པ་ནི་རང་བྱུང་གི་རྡེལ་བུ་གྲུ་བཞི་རྩིས་རྡེལ་གཏོང་བྱེད་ཅིག་གམ་ཡང་ན་རྡོ་ལས་བཟོས་པའི་མོ་ཕྱྭ་འདེབས་སྤྱད་བཅས་ལ་གོ

བྱུལ་བྱུལ། བྱིལ་བྱིལ་ཡང་སྟེ། འཇམ་པོའི་སྒོ་ནས་རེག་རེག་གམ་ནོམ་ནོམ་བྱེད་པའི་དོན། ཕྲུ་གུའི་མགོ་ལ་བྱིལ་བྱིལ་བྱས། སྨ་ར་བྱུལ་བྱུལ་བྱས་ལྟ་བུ།

རྡོ་ཐ། ཁ་སྣར་འཐེན་པའི་རྫས། རྒྱ་སྐད་烟草ཞེས་པ་ཡིན།

ཀ་ཅི། རས་དཀར་སྲབ་མོ་ཞིག་སྟེ། ཀ་ཅི་སྒོང་ཤུན་མའམ་ཀ་ཅི་སྒོང་ཤོག་མ་ལྟ་བུ། འདི་ལ་ཀ་ཤི་ཀ་ཞེས་ཀྱང་ཟེར་རམ་སྙམ་པ་བརྟག

ཟི་ཁྲན། སྐུད་པའི་རིགས་ཤིག་ཨེ་ཡིན་སྙམ་པ་བརྟག

བྱིང་དཀར་པོ། ཕྱིང་པ་ཡིན་པར་སྙམ་སྟེ། ཐགས་སུ་མ་བྱས་པར་ཆུ་ཆགས་ཀྱིས་བཅགས་པའི་བལ་གོས་གུར་དང་ཞྭ་ལྷམ་བཟོ་བྱེད་ཅིག 

འགྲོ་ཁུངས། ཅ་ལག་སོགས་བེད་སྤྱོད་གཏོང་ཡུལ་དང་ཚོང་ཟོག་བྲིན་ཡུལ་ལ་ཟེར། འདི་ཕྱི་མའི་དོན་སྟེ། རྒྱ་སྐད་销路、销场、市场ཞེས་པ་ཡིན།

ཕག་ཟེ། སྤྱིར་ཕག་པའི་ཟེ་བ་སྟེ། ཕག་པའི་གཉའ་སྟེང་གི་སྤུ་རྩིང་པོ་ལ་བྱེད་ཀྱང་། འདིར་ཕག་སྤུ་ལས་བཟོས་པའི་ལུས་ཀྱི་དྲེག་པ་འཁྲུད་སྤྱད་རྒྱ་སྐད་刷子ཞེས་པ་ཡིན།

ཀ་ཡན། འདི་རྒྱ་གར་ཚོང་པ་ཀ་ཡན་མང་པོ་ཞེས་རྒྱ་གར་སྐད་ཅིག་ཡིན་པ་འདྲ་ཡང་ནང་དོན་མ་རྙེད།

བཀའ་མངག་རྒྱ་ཟོག མངག་ཉོ་བྱས་པའི་ཚོང་ཟོག་གི་ཞེ་མིང་སྟེ། རྒྱ་སྐད་代购商品ཞེས་པ་ཡིན་པར་སྙམ་པ་བརྟག།

སྐྱ་རྣམ་རྒྱས་པ། སྐྱ་ནམ་རྒྱས་པོ་སྟེ། ལུང་པའི་ནང་ཟས་གོས་ཕུན་སུམ་ཚོགས་པོ་ཡོད་པ། རྒྱ་སྐད་衣食丰足ཞེས་པ་ཡིན་པར་སྙམ།

ཐུགས་སྤྲོ། དགའ་སྟོན་ནམ། གསོལ་ཚིགས་ལ་གོ་སྟེ། ཐུགས་སྤྲོ་བཏང་་ཞེས་པ་ལྟ་བུ། འདི་སེམས་སྐྱིད་པའི་དོན་དུའང་གོ།

བཀའ་ཤག་ཐུགས་སྤྲོ། དེ་སྔོན་བོད་ས་གནས་སྲིད་གཞུང་གི་བཀའ་བློན་དང་། བཀའ་དྲུང་། བཀའ་མགྲོན། འགག་པ་སོགས་བཀའ་ཤག་ཁོངས་གཏོགས་ཀྱི་དཔོན་རིགས་ལས་བྱེད་ཚང་མ་བོད་ཟླ༨པའི་ནང་དྲུང་སྤྱི་གླིང་ཁར་ཉིན་བདུན་བརྒྱད་རིང་གླིང་ཁ་དང་སྦྲགས་སྤྲོ་སྐྱིད་གཏོང་བ་དེར་ཟེར།

དྲུང་སྤྱི་དབྱར་སྐྱིད། སྔར་བོད་ཀྱི་དྲུང་རིགས་སེར་སྐྱ་སྤྱི་ནས་གཏོང་རྒྱུའི་དབྱར་སྐྱིད་དགའ་སྟོན་ལ་ཟེར་རམ་སྙམ།

སྦང་མ། ཆང་བཙགས་ཟིན་རྗེས་ཀྱི་རོ་མའམ་སྙིགས་མ་ཟེར།

རིན་འབབ། རིན་གོང་གི་འབོར་ཚད་དམ་ཚད་གཞི་སྟེ། ཨམ་སྐད་རིན་པ་ཟེར།

ཀཀྞི་སྒོ་བཞི། ལྷ་ས་གྲོང་ཁྱེར་གྱི་བར་སྐོར་བྱང་ངོས་ཁྲོམ་ལམ་གྱི་སྣང་རྩེ་ཤག་ལས་ཁུངས་ཀྱི་གཡོན་ངོས་སུ་ཡོད་པའི་མཆོད་རྟེན་ཆེན་པོ་ཕྱོགས་བཞིར་ཀར་སྒོ་བཏོད་པ་དེ་ཡིན། 

རྩམ་པ་གཟིགས་རོགས་གནང་། རྩམ་པ་ཉོ་རོགས་ཞེས་པའི་ཞེ་ཚིག།

སྐེད་གཟེར། དཔྱི་མགོ་ལ་ལག་པ་བརྟེན་པ་སྟེ། ལག་གཉིས་སྐེད་གཟེར་བྱས་ནས་སྒོ་ཁར་ལངས་ལྟ་བུ།

ཨ་ཕྲུག རྒྱུག་ཁྱིའམ་དགོས་ངེས་སྐབས་བསྐུལ་རྒྱུའི་གཡོག་པོ་སྟེ། རྒྱ་སྐད་跑腿儿ཞེས་པ་ཡིན་པར་སྙམ། འདི་བུ་ཕྲུག་ལའང་གོ། 

རྩྭ་རས། རྩྭ་ལས་བཟོས་པའི་རས་སམ་ཁུག་མ་སོགས་ལ་ཟེར། ཨམ་སྐད་གསོ་སྒྱེ་ཟེར། རྒྱ་སྐད་粗麻布、麻袋ཞེས་པ་ཡིན།

ལྕག་ལྕག ལག་པས་རེག་པའམ་ལུས་སོགས་ལ་ལག་པས་དལ་བུར་རྡེབ་པའི་དོན་ཡིན་པར་སྙམ།

སྟོད་ལངས། ས་ནས་ལང་དུས་ཐོག་མར་ལག་པ་ལ་བརྟེན་ནས་ཁོག་སྟོད་ལང་བའི་དོན།
རྡོག་རྒྱག རྐང་པས་གཞུ་བའི་མིང་།

མུར་མཛོག མཛོག་མགོ་ཞེས་ཀྱང་བྱ་སྟེ་ཁུ་ཚུར་གྱི་མིང་། འདི་ལ་མུར་རྫོག་དང་རྫོག་མགོ་ཞེས་འབྲི་སྲོལ་ཡང་ཡོད།
ཐེ་ལིང་། འདིར་ལྕགས་ཆས་སྲབ་མོའི་རིགས་ས་ལ་ལྷུང་བའི་སྒྲ་ཞིག་ཡིན་འདུག་ཀྱང་། དག་ཆ་ལ་ངེས་པ་མ་མཆིས
རྒྱལ་སྲས་ཟ་འོག་ལ་སྤེལ་བའི་བརྩམས་སྒྲུང་དང་ལྷུག་རྩོམ་གང་ཡིན་ཡང་གུས་པས་རང་གི་དགའ་ཕྱོགས་ལྟར་ཡག་པོར་མཐོང་བ་སྐོར་ཞིག་བདམས་པ་ཡིན་ཞིང་། སྒྲོག་འདོན་དང་འཁྲབ་བཤད་བྱེད་སྐབས་ཨ་མདོའི་འབྲོག་སྐད་ལས་མཚོ་སྔོན་པོའི་ཁ་སྐད་གཙོར་བཟུང་སྟེ་བཏོན་ཡོད་པས་ཁ་སྐད་དང་ཡིག་སྐད་གཉིས་དོ་མི་མཉམ་པ་དང་ཀློག་སྟངས་སོགས་ལ་ཡུལ་སྐད་གཞན་དང་མི་མཐུན་སའང་གང་མང་ཡོད་སྲིད། དེ་མིན་ལྷུག་རྩོམ་རྣམས་ཀློག་པའི་སྐབས་སུ་ཁ་སྐད་རྐྱང་རྐྱང་ངམ་ཚིག་ནག་ལ་ཕབ་དྲགས་ན་རྩོམ་པ་པོ་རྣམས་ཀྱིས་ཚིག་རྩལ་བཏོན་པའི་ཆ་རེ་ཉམས་ཨེ་འགྲོར་དོགས་ནས་ཡིག་སྐད་སོར་བཞག་དང་སྐབས་རེར་ཁ་སྐད་དང་ཡིག་སྐད་མཉམ་བསྲེས་བྱས་ཡོད། གཞན་ཡང་། གུས་པ་སྒྲོག་འདོན་ཞེས་པའི་ལམ་ཁར་ཞུགས་ཙམ་ཡིན་ཞིང་སྒྲོག་འདོན་ཞེས་པའི་ཐ་སྙད་འདིའི་སྦྱོར་སྟངས་སོགས་འགྲིག་མིན་གྱི་ཁ་ཚོན་ཡང་གཅོད་དཀའ་ལ། མང་པོས་ཁྱད་མེད་དུ་སྤྱོད་པའི་ཀློག་འདོན་དང་སྒྲོག་འདོན། སྙན་སྒྲོན། གྱེར་འདོན། ཟུར་བཤད། སེམས་གཏམ། འཁྲབ་བཤད་སོགས་ལའང་ཁྱད་པར་ཅུང་ཙམ་རེ་ཡོད་སྲིད་ནའང་ཁོ་བོས་དེ་དག་རེ་རེའི་མཚན་ཉིད་འདི་ཡིན་དང་ཁྱད་པར་འདི་ལྟར་དབྱེ་དགོས་སོགས་ཀྱི་ཐད་ནས་གང་ཡང་སྨྲ་བར་མི་སྤོབས་སོ།།
འབྲུ་ཚ་རིན་ཆེན་མཁར་ནས།

耳根有声
ལུས་ཀྱི་སྟངས་སྟབས་གདོང་གི་ཉམས་འགྱུར་དང་།།ངག་གི་དྲག་ཞན་ཁ་ཡི་འགུལ་སྟངས་སོགས།། མིག་གིས་ཟིན་ཟིན་སྐད་ཀྱིས་མཚོན་པར་བྱེད།།
 最新文章