【བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད།】གཉིས། སྟོད།

文摘   文化   2024-09-10 19:33   青海  

རྒྱལ་སྲས་ཟ་འོག
 སྒྲུང་གི་ཀློང་བརྡོལ་ས།།   
 མཚན་གྱི་ཞེ་ཆགས་ས།།       

བྲག་གདོང་བཀྲས་གླིང་དབང་རྡོར།

བྲག་གདོང་བཀྲས་གླིང་དབང་རྡོར།    1934ལོར་བོད་ལྗོངས་རྒྱལ་རྩེ་ཁུལ་བྲག་གདོང་བཀྲས་གླིང་ཞེས་པའི་ཁྱིམ་དུ་སྐྱེས། 1940ལོ་ནས་རྒྱལ་རྩེ། ལྷ་ས་བཅས་སུ་བོད་ཀྱི་ལུགས་རྙིང་སློབ་གྲྭར་ཞུགས། 1946ལོ་ནས་རྒྱ་གར་རྡོ་རྗེ་གླིང་སེན་འཇོ་སེབ་ཏུ་གྲགས་པའི་དབྱིན་ཇིའི་སློབ་གྲྭར་སློབ་སྦྱོང་མཛད་ཅིང་། 1953ལོར་ཕྱིར་ཕེབས་ནས་ལྷ་ལྡན་ཟས་ཞིང་སློབ་གྲྭ་དང་རྒྱལ་རྩེ་སློབ་ཆུང་དུ་དགེ་མིང་མཛད། 1958-1976ལོར་རྒྱལ་རྩེ་གཞོན་ནུ་སྡེ་ཚོགས་ལས་དོན་ཨུ་ཡོན་ལྷན་ཁང་དང་གཞིས་རྩེ་ས་གནས་ལས་བྱེད་སློབ་གྲྭ།  གཞིས་རྩེ་རྟ་ནག་གློག་ཁང་སོགས་སུ་ཕྱག་ལས་མཛད། 1977-1984ལོར་རང་སྐྱོང་ལྗོངས་སློབ་གསོ་ཐིན་དུ་སློབ་གྲྭ་འབྲིང་ཆུང་གི་སློབ་དེབ་རྩོམ་སྒྱུར་མཛད། 1985-1991ལོར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་སུ་ཕྱག་ལས་གནང་མྱོང་།བརྩམས་ཆོས་ལ། རང་རྩོམ་དང་སྒྱུར་རྩོམ་གཉིས་སུ་འདུ། «བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད»ཅེས་སྒྲུང་གཏམ་རིང་གྲས་བོད་ཡིག་དང་དབྱིན་ཡིག་གཉིས་སུ་འབྲི་གནང་མཛད་ལ། «བོད་ཡུལ་དང་བོད་མི»ཞེས་པ་རྒྱ་ཡིག་ནས་དབྱིན་ཡིག་ཏུ་བསྒྱུར།«ཡུལ་སྐོར་སྣེ་ཤན་པའི་ཉིན་དེབ»ཅེས་པ་དབྱིན་ཡིག་གིས་བྲིས་པ་མ་ཟད། «བོད་དབྱིན་རྒྱ་གསུམ་ཤན་སྦྱར་ཚིག་མཛོད»ཅེས་པའི་དེབ་ཆུང་ཞིག་ཀྱང་རྩོམ་སྒྲིག་མཛད། དེ་དག་ལས«བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད»ལ1997ལོར་བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་གི་རླུང་རྟ་བུམ་པའི་བྱ་དགའ་དང་། 1999ལོར་སྐབས་གཉིས་པའི་བོད་ལྗོངས་དུས་རབས་གསར་པའི་རྩོམ་རིག་བྱ་དགའ་ཐོབ།

བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད།

འབྲུ་ཚ་རིན་ཆེན་མཁར།

ལེའུ་གཉིས་པ།

ཟ་སྒོར།   ཟས་ནོར་གྱི་ཡོང་སྒོར་ལ་གོའམ་སྙམ།  

ལས་ཚན་པ།  སྔར་བོད་སྡེ་བ་གཞུང་གི་གཞུང་ཞབས་ལས་བྱེད་གོ་གནས་རིམ་པ་ལྔ་བ་ཡི་མིང་། 

རྩིས་དཔོན།  དགའ་ལྡན་ཕོ་བྲང་སྐབས་ཀྱི་རྩིས་ཁང་གི་འགོ་དཔོན།   
བསྙད།  བཤད་པའི་དོན།  

འོང་དཀྱིལ།  ཞིང་ག་མང་པོ་ཡོད་པ་དེའི་དཀྱིལ་ལ་གོ

ཞབས་ཞུ་སྒང་།   ཞབས་ཞུ་ཁང་དང་དོན་འདྲ་སྙམ། 

ཕྱུ་བ། བོད་ཆས་སྟེ། ཁྱིམ་པའི་གོས།

རྐུབ་སུལ།   གཙུག་གཡུའི་མཆན་འབྲེལ་དུ་གསལ།

མི་བབས།   མིའི་གཟུགས་བྱད་བཟང་ངན་གྱི་རྣམ་པ། 

ཛར་ཛོར།  དངོས་པོ་ཙ་ཙིག

མི་བོགས། མི་ཁྲལ་ཏེ། ཁྲལ་རིགས་ཤིག

དྲག་རེས།  ནུས་པ་ཆེ་བའམ་རིམ་པ་མཐོ་བ་སོགས་ཀྱིས་དོན་ཡིན་པར་སྙམ།  

ཞེ་ཅིག  ཞེ་གཅིག་སྟེ། རིགས་མཐུན་ནམ་ཤ་སྟག    ནད་པ་ཞེ་གཅིག་ལྟ་བུ། 

གསོལ་ཞིབ   གྲོ་ཕྱེ་ཡི་ཞེ་ས།  

རྒྱ་ཞིབ། བྲ་བོའམ་རྒྱ་སྐད荞麦ཞེས་པའི་འབྲུ་རིགས་དེ་ཡིན་པ་འདྲ།

གསོལ་ཀྲུམ་སྐམ་གསེང་།     ཤ་སྐམ་གྱི་ཞེ་ས། 

གསོལ་མར་སོས་པ།    མར་གསར་པའི་དོན། 

ཐུགས་མཁོ།   དགོས་མཁོ་ཡི་ཞེ་ས། 

རྡོ་གཅལ། རྡོ་བཅོས་ཏེ་གཅལ་མར་བཀྲམ་པའི་ས་གཞིའམ་ཐང་ཆེན་སོགས།

འཁྱིར།  བསྐོར་བའི་དོན། 

ཞག་ས།  ཞག་པོར་སྡོད་ས་སྟེ། གྲོང་འདབས་སུ་ཞག་ས་བྱེད་པ་ལྟ་བུ། 

འཆར་ཅན།  རྒྱུན་སྲོལ།  དུས་ངེས་ཅན། 

རྫ་ལ།  ཐབ་ཆས་སྟེ།  བ་རྡོ་གསུམ་གྱི་ཚབ་ལ་ལྕགས་ཀྱིས་བཟོས་པའི་ཐབ་ཆས་ཀྱི་མིང་

སྨིན་བདུན་མ་རུ་བཞི་སྒྲོམ།ལྔ་སྒྲོམ་ཆོད།  དྲུག་སྒྲོམ་ཆོད།   བྱང་མི་འགྱུར་སྐར་མ་ཨ་བརྟན་གྱི་འགྲམ་ན་ཡོད་པའི་སྐར་ཚོམ་ཞིག་སྟེ། སྐར་མ་སྨེ་བདུན་དུ་འབོད་པ་དབྱིབས་ཐོམ་བུ་ལྟ་བུ་ཞིག་ཡོད་པ་དེ་ཡིན་ནམ་སྙམ  དབུས་ཀྱི་གྲོགས་པོ་ཞིག་གིས་བྱང་གི་ཕྱོགས་ནས་ཐོག་མར་སྐར་མ་གཅིག་ལས་མི་འཆར་བ་དང་། རིམ་བཞིན་གཉིས་དང་གསུམ་དང་བཞི་དང་ལྔ་དང་དྲུག མཐར་སྐར་མ་བདུན་འཆར་དུས་གཞི་ནས་སྐྱ་མདའ་བཏང་ཡོད་པ་ཡིན་ཟེར།  འོན་ཀྱང་སྐར་མ་སྨེ་བདུན་ནི་ཐོག་མ་ཉིད་ནས་མཉམ་དུ་ཤར་ཡོད་སྟབས་ཁོང་གིས་གསུང་པའི་སྐར་མ་དེ་སྨེ་བདུན་མིན་ཀྱང་སྲིད།  百度བརྒྱ་བཤེར་ལས་བྱང་སྐར་མ་སྨེ་བདུན་གྱིས་དུས་བཞིའི་དབྱེ་བ་དབྱིབས་ཐོམ་བུ་ལྟ་བུའི་ཁ་འཁོར་ཕྱོགས་ཀྱིས་འབྱེད་པ་ཡིན་ཅེས་བྲིས་ཡོད་པ་ལས་དུས་ཚོད་དཔག་ཐུབ་པ་ཞིག་བྲིས་ཡོད་པ་མ་མཐོང་མོད། གྲོགས་པོ་གཞན་ཞིག་སྐར་མ་དེ་དག་རེ་རེ་བཞིན་འཆར་བ་མིན་པར་ནམ་ལངས་ཁར་སྐར་མ་རེ་རེ་བཞིན་ཡལ་བ་ཡིན་ངེས་ཟེར་བ་ཧ་ཅང་བདེན་པར་སྙམ། མཁྱེན་ལྡན་རྣམས་ཀྱིས་མཁྱེན་ན་གཤམ་དུ་མཆན་རེ་འགོད་རོགས། 

སྦྲག་ས།   འཕྲིན་ཡིག་སྐྱེལ་སའི་ས་ཚིགས་ལ་གོ

རྨུ་དར།   དར་ལྕོག་ལ་གོ

མལ་ལེ།  ཨིན་ཇིའི་སྐད་mileཞེས་པའི་ལམ་ཐག་མཚོན་བྱེད་དེ་ཡིན། 

སྣམ་ཐིང་མ་སེར་པོའི་འབོག་དམ་སྦྱར།   དངོས་རྫས་འཇུག་སའི་སྣོད་ཁུག་མ་སེར་པོ་ཁ་དམ་པོར་སྦྱར་བ་ཞིག 

ཚ་ཕོག   གཙུག་གཡུའི་མཆན་འགྲེལ་དུ་གསལ། 

བྲེས། རྟ་བོང་སོགས་འདོགས་སའི་ར་བ། 

རྟ་སྒྲོ།   རྟ་སྒའི་ཐོག་གཟར་རྒྱུའི་ལམ་ཆས་བླུག་སྣོད།

སྐྱ་འབྲེལ།  སྐྱ་ནི་རྩིག་པའམ་གྱང་ལ་གོ་དགོས།   

སྣ་འདྲོང་བ།  སྣ་འདྲོང་པ་སྟེ།  དྲང་པོ་སྟེ་འཁྱོག་མེད་པ། 

ཟེ་མ། གཟི་མ་ཡི་མིང་གཞན། 

ཀ་ཏོར།  མདེའུ་ཤུན། མདེལ་སྐོགས། མདེལ་རོ། 

ཕོ་བྲང་། འདིར་མེ་མདའི་ནང་མདེའུ་འཇུག་ས་དེར་གོ

བསྙེངས། བརྐྱང་བའི་བརྡ་རྙིང་།  རྐང་བ་བསྙེངས་ལྟ་བུ། 

སྐྱ་འགྲམ།  སྐྱ་ནི་ཁང་པའི་རྩིག་པ་སྟེ་དེའི་འགྲམ་ལ་གོ། སྒྲུང་གཏམ་འདིར། རྩིག་པར་ཐ་སྙད་སྐྱ་བྲིས་ཡོད་པ་མང་པོ་ཡོད་པས་དེ་ནི་རྒྱལ་རྩེའི་ཡུལ་སྐད་ཅིག་ཡིན་ཤས་ཆེ།དཔེར་ན།  རྩིག་འགྲམ་ལ་སྐྱ་འགྲམ།  རྩིག་ལོགས་ལ་སྐྱ་ལོགས།  རྩིག་འབྲེལ་ལ་སྐྱ་འབྲེལ།  རྩིག་ཟུར་ལ་སྐྱ་ཟུར།  བྱང་གི་རྩིག་པ་ལ་བྱང་སྐྱ་ལྟ་བུའོ། ཁམས་ཕྱོགས་ཀྱི་ས་ཆ་ལ་ལར་སྐྱ་ནི་འཁྲིག་པ་སྤྱད་པ་ལ་གོ་བས་ཁྱིམ་ཚང་དུ་ཚིག་དེ་ལ་ཧ་ཅང་འཛེམ་ཞེས་གྲོགས་པོས་བཤད།  ཨ་མདོ་ནས་རྟ་ཞོན་ལ་སྐྱ་མི་ཟེར་བར་དཔགས་ན་ཞོན་པ་ལ་གོའམ་སྙམ། 

བཙུགས་ཕྲུག   བལ་ལས་བཟོས་པའི་གདན་ནམ་ཉལ་གཟན་སྤུ་ཅན་ཞིག

ཀམ་པ་ལི།  ཕྱི་རྒྱལ་གྱི་ས་གདན་ཞིག་གོ

གནམ་ཐག་ཏུ་འཁོད།   ལྕེབས་ཐག་ལ་དཔྱངས་པའི་དོན།

དུང་སྒོར།  དུང་གི་གདུ་བུར་གོ  དུང་ཀོར་བྲིས་པའང་ཡོད། 

བང་ཁྲི། གྱང་ལོགས་སུ་སྦྱར་བའི་འཇོག་སྟེག་ཀྱི་མིང་། དཔེ་ཆ་བང་ཁྲིའི་སྟེང་དུ་བཞག་ཅེས་པ་ལྟ་བུ། 

འགོམ།   དངོས་པོ་སོགས་ལ་སྐོར་ནས་མི་འགྲོ་བར་ཐོག་ནས་ལྡིང་ནས་འགྲོ་བའི་དོན། 

ཆག་ཆག   གཟན་ཆས་ཡིན་ནམ་སྙམ།

ཉི་འཕྱར་ལྷག་འཕྱར།  ཉི་མ་དང་ལྷག་རླུང་ཁྲོད་ཡུན་རིང་ལུས་པའི་དངོས་པོ་ལ་གོ་འམ་སྙམ། 

བརྡགས།     དངོས་པོ་སོགས་དོ་དམ་བྱས་པར་གོའམ་སྙམ།

སྦང་ག་ལི།   རྦང་ཀ་ལི་སྟེ།  སྐྲ་གཞོགས་གཉིས་བཀར་བའི་སྐྲ་ཚུགས་ཤིག་གོ  རྒྱ་སྐད分头ཟེར།

ཤ་སློམ།  ཁ་ཟས་སོགས་འཇོག་སྣོད་སྨྱུག་མ་དང་ལྕུག་མས་སླས་པ་ཞིག

སེམས་སྟོང་།   འདྲེ་ཡི་མིང་། 

བྲང་བཀལ་བ།   བྲང་གྱང་ཁར་ཀླན་ནས་བབས་པ་གོའམ་སྙམ། ཨམ་སྐད་དུ་ཁ་ཉལ་བཅོས་ཟེར། 

གོས་ཐུང་གི་གབ།  གོས་ཀྱི་འགབ་བམ་འདབ་ཁ་ཡིན་ངེས།  

འཇོལ།  དབྱིབས་རིང་བོ་ཐུར་དུ་འཕྱང་བ་སྟེ།  ལུག་བལ་དཀར་འཇོལ་ལེ་བ།  གཡག་རྒོད་ཀྱི་རྩིད་པ་འཇོལ་ལོ་ལོ། ལྟ་བུ།

ཁྱི་ར། རི་དྭགས་བརྔོན་པའི་དོན་ཏེ། རྔོན་པ་ལ་ཁྱི་ར་བ་ཟེར།


རྒྱལ་སྲས་ཟ་འོག་ལ་སྤེལ་བའི་བརྩམས་སྒྲུང་དང་ལྷུག་རྩོམ་གང་ཡིན་ཡང་གུས་པས་རང་གི་དགའ་ཕྱོགས་ལྟར་ཡག་པོར་མཐོང་བ་སྐོར་ཞིག་བདམས་པ་ཡིན་ཞིང་། སྒྲོག་འདོན་དང་འཁྲབ་བཤད་བྱེད་སྐབས་ཨ་མདོའི་འབྲོག་སྐད་ལས་མཚོ་སྔོན་པོའི་ཁ་སྐད་གཙོར་བཟུང་སྟེ་བཏོན་ཡོད་པས་ཁ་སྐད་དང་ཡིག་སྐད་གཉིས་དོ་མི་མཉམ་པ་དང་ཀློག་སྟངས་སོགས་ལ་ཡུལ་སྐད་གཞན་དང་མི་མཐུན་སའང་གང་མང་ཡོད་སྲིད། དེ་མིན་ལྷུག་རྩོམ་རྣམས་ཀློག་པའི་སྐབས་སུ་ཁ་སྐད་རྐྱང་རྐྱང་ངམ་ཚིག་ནག་ལ་ཕབ་དྲགས་ན་རྩོམ་པ་པོ་རྣམས་ཀྱིས་ཚིག་རྩལ་བཏོན་པའི་ཆ་རེ་ཉམས་ཨེ་འགྲོར་དོགས་ནས་ཡིག་སྐད་སོར་བཞག་དང་སྐབས་རེར་ཁ་སྐད་དང་ཡིག་སྐད་མཉམ་བསྲེས་བྱས་ཡོད། གཞན་ཡང་། གུས་པ་སྒྲོག་འདོན་ཞེས་པའི་ལམ་ཁར་ཞུགས་ཙམ་ཡིན་ཞིང་སྒྲོག་འདོན་ཞེས་པའི་ཐ་སྙད་འདིའི་སྦྱོར་སྟངས་སོགས་འགྲིག་མིན་གྱི་ཁ་ཚོན་ཡང་གཅོད་དཀའ་ལ། མང་པོས་ཁྱད་མེད་དུ་སྤྱོད་པའི་ཀློག་འདོན་དང་སྒྲོག་འདོན། སྙན་སྒྲོན། གྱེར་འདོན། ཟུར་བཤད། སེམས་གཏམ། འཁྲབ་བཤད་སོགས་ལའང་ཁྱད་པར་ཅུང་ཙམ་རེ་ཡོད་སྲིད་ནའང་ཁོ་བོས་དེ་དག་རེ་རེའི་མཚན་ཉིད་འདི་ཡིན་དང་ཁྱད་པར་འདི་ལྟར་དབྱེ་དགོས་སོགས་ཀྱི་ཐད་ནས་གང་ཡང་སྨྲ་བར་མི་སྤོབས་སོ།།
འབྲུ་ཚ་རིན་ཆེན་མཁར་ནས།

耳根有声
ལུས་ཀྱི་སྟངས་སྟབས་གདོང་གི་ཉམས་འགྱུར་དང་།།ངག་གི་དྲག་ཞན་ཁ་ཡི་འགུལ་སྟངས་སོགས།། མིག་གིས་ཟིན་ཟིན་སྐད་ཀྱིས་མཚོན་པར་བྱེད།།
 最新文章