བྲག་གདོང་བཀྲས་གླིང་དབང་རྡོར།
བཀྲིས་ཟུར་ཚང་གི་གསང་བའི་གཏམ་རྒྱུད།
འབྲུ་ཚ་རིན་ཆེན་མཁར།
ལེའུ་དང་པོ།
སེ་བ། གོ་དོན་མང་མོད། འདིར་ལོ་མང་སྐྱེ་བའི་ཤིང་ཕྲན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་གཞོན་དུས་དམར་སྨུག་དང་། རྒས་ན་སྐྱ་བོར་འགྱུར་བ། ཡལ་སྡོང་རྣམས་ལ་ཚེར་མ་ལེབ་མོ་ཟུར་གསུམ་མདའ་སྒྲོ་འདྲ་བ་མང་པོ་ཡོད་པ་ཞིག་ལ་གོ
སྒོས་གཞིས། སྒེར་གཞིས་དང་དོན་གཅིག སྔར་དཔོན་རིགས་སོ་སོའི་སྒེར་གྱི་ཕ་གཞིས་སམ་ཐབ་རྟེན་དུ་བྱུང་བའི་གཞིས་ཀ།
བཅད་རྒྱབ་པ། ཁང་པའི་ནང་དུ་རྩིག་པ་སོགས་ཀྱིས་བར་གཅོད་པ།
བུན། བུ་ལོན་གྱིས་བསྡུས་མིང་། ཨམ་སྐད་དོམ་ཟེར།
བུན་གྱི་ངོ་བོ། དོམ་གྱི་མ་རྩར་གོ
སྐྱེད་ཀ ཨམ་སྐད་དུ་འཕེལ་ཟེར།
གཡར། འདིར་བསྐྱི་བར་གོ། ཨམ་སྐད་དུ་བསྐྱི་དང་གཡར་བར་ཁྱད་པར་ཡོད།
འུལ་ལག འུ་ལག་ཀྱང་ངོ་། ཁྲལ་དང་གཡོག་ལས་ཀྱི་མིང་། སྤྱི་ཚོགས་རྙིང་པར་མི་སེར་གྱིས་གླ་མེད་པར་དཔོན་གཞུང་དང་འགོ་བར་ངལ་རྩོལ་བྱེད་པའི་ལས་ཀའི་རིགས་ཤིག་གོ ཐ་སྙད་འདིའི་ཁུངས་སྤྱི་ཚོགས་ཀྱི་ལམ་ལུགས་དེའི་སྐོར་ལ་ཞིབ་འཇུག་པ་ཞིག་གིས་དཔྱད་རྩོམ་ཞིག་བྲིས་ཡོད་ལུགས་ཐོས་མོད་གུས་པར་མཐོང་སྐལ་མ་བྱུང་།
སོན་རྩ། ས་བོན་ལ་གོ་བར་སྙམ།
གན་སྤོས། གན་རྒྱའི་དུས་ཆད་རྫོགས་ནས་སླར་ཡང་གན་རྒྱའི་རྒྱུན་མཐུད་པ་དེར་གོའམ་སྙམ།
སྨད་ཆད་གོང་ཕུད། ཁྱིམ་ཚང་སྐྱོ་ཤོས་ནང་གི་སྐྱོ་ཤོས།
ལྕགས་ཐག་ལག་སྦྲེལ། ཕན་ཚུན་ཁག་ཐེག་ཁས་འཆེས་སུ་བཅུག་པ། རྒྱ་སྐད互相作保ཟེར་བ་དང་གཅིག་གམ་སྙམ།
གྲངས་གཙང་། གྲངས་ཚང་ཨེ་ཡིན་སྙམ། གྲངས་ཀ་ལ་གོ
འཚུབ་པ། མ་དུལ་བའི་སྤྱོད་པ་རྩིང་པ།
ཚ་བུལ། བུལ་ཏོག་དམན་པར་གོའམ་སྙམ། དབུས་སུ་བུལ་ཏོག་བཀོལ་བ་རྒྱུགས་ཆེ་བར་དེ་རུ་གྲགས་པའི་བུལ་ཐུག་ཀྱང་འདི་ལས་ཐོགས་པས་ང་ཚོས་སྤྱིར་བཏང་བོད་ཐུག་ཏུ་འབོད་བཞིན་པ་དེ་ཡང་བུལ་ཐུག་ཡིན་པ་ལ་མ་དག་རྒྱུན་འབྱམས་སུ་སོང་བར་འདུག། དེ་མཚུངས་རྒྱ་ཐུག་མིན་པར་བརྒྱ་ལོར་འབུད་པའི་རྟེན་འབྲེལ་དུ་བརྒྱ་ཐུག་ཀྱང་ཐོགས་སྐད།
ཨར་ཆོག་འཕྲལ། རྒྱལ་རྩེའི་ཡུལ་སྐད་ཅིག་སྟེ། སྒྲུབ་ཚར་མ་ཐག་ཅེས་པའི་དོན་ཡིན།
ཚིང་སྐྱིད་པ། དབུས་ཕྱོགས་སུ་བསྡུས་ཡིག་རྒྱུགས་ཆེ་བས་ཚིང་ནི་ཚེ་རིང་བསྡུས་པ་ཨེ་ཡིན་ནམ་སྙམ།
ཨོ་ལོ། སྔ་དུས་ལྷ་སའི་སྨོན་ལམ་ཆེན་མོའི་ཇ་འདྲེན་མཁན་ལ་གོ། བྱིས་པ་སྤྱིའི་མིང་ལའང་གོ འདིར་ཕྱི་མར་གོ་དགོས་པ་འདྲ།
ཨོ་ལོའི་དཀྱིལ་ཀྱི་རྒན་ཤོས། ཆུ་ཆུའི་དཀྱིལ་ཀྱི་སླ་ཤོས་ནི་གཙང་གི་གཏམ་དཔེ་ཞིག་གོ ཨོ་ལོ་ནི་སྐབས་འགར་བྱིས་པའི་ནང་གི་ཕོ་ལ་གོ་སྟེ།བྱིས་པ་ཚོའི་ནང་གི་གོ་མི་ཆོད་པ་དེ་ཆུར་བའི་ནང་གི་སྙིགས་ཆུར་དཔེ་སྦྱར་བའོ།།
ཀུ་ལུ། འབོད་པའི་ཀི་སྒྲ་ལ་གོ།
ཨོང་རིལ། རྟ་སྦངས་ཏེ། དཔེར་ན་གཏམ་དཔེ་ཨོང་རིལ་མེ་ཡིས་ལྕགས་མི་བཞུ། ནུས་མེད་གཏམ་གྱིས་དོན་མི་འགྲུབ། ལྟ་བུ་ཡོད། ཨམ་སྐད་རྟ་ལུད་དམ་རྟི་ལུ་ཟེར།
སྒྲུག བཏུ་བའི་དོན།
ཐོན། ལམ་ལ་ཆས་པའི་དོན།
སྤགས། རྩམ་པ་བརྫིས་པའི་ཟན་རིགས།
དཀར་གོང་། དཀར་གོང་སྲིན་འདོན་གདོན་བསྐྲད་དུག་ལ་ཕན།།ཞེས་པར།རང་བྱུང་པས།དཀར་གོང་སྲིན་ཅན་སོ་སྲིན་སེལ།།གསུངས་པ་ལ་མིང་།དཀར་གོང་།མཁར་གོང་།ཨ་དཀར།ཐུན་རྡོ།རྡོའི་ཕྱག་རྡོར།གདུག་པ་ཚར་གཅོད།ཁུངས་ནི།ཕྱག་ན་རྡོ་རྗེས་ཡུངས་ཀར་དང་འདི་གཉིས་གདུག་པ་འདུལ་ཕྱིར་འཛམ་བུ་གླིང་དུ་ཐུན་དུ་འཐོར་བ་དང་།མ་འོངས་པའི་དོན་དུ་ཚངས་པས་རྡོ་གཞན་གྱི་དཀྱིལ་དུ་སྦས་སོགས་བཤད་ཁུངས་འགའ་ཡོད་ཀྱང་བཞགརིགས་སྲིན་ཅན་དང་སྲིན་མེད་གཉིས།སྲིན་ཅན་སྔོ་ལ་མཁྲེགས་ཤིང་འོད་དང་ལྡན་པ་འབུ་སྲིན་སོང་བའི་ཤུལ་ལྟ་བུའི་བུག་གསེང་ཡོད་པའོ།སྲིན་མེད་ནི་དཀར་ལ་དྭངས་པ་ལུག་ཚིལ་འདྲ་བའོ།།གང་ཡང་སླད་མེད་ལ་དྭངས་པ་དགོས།ཅོང་ཞི་ངན་རིགས་དང་མ་ནོར་བ་གལ་ཆེ།དེ་ཡང་མི་ནོར་བའི་གཟེར་ནི།སོལ་མེར་ཚོས་པར་བསྲེགས་ལ་ཆུར་བཅུག་པས་ཅོང་ཞི་ཞོ་ལྟར་འཇུ།དཀར་གོང་མི་འཇུ་བའོ།།འདི་ཚ་ལ་དང་སྦྱར་ནས་ཡོལ་གོ་འཆོས་པ་ལ་དཀར་ཡོལ་ཟེར་བའི་དོན་ནོ།།
ཐལ་ཆ། ཚད་ལས་བརྒལ་བའི་སྐྱོན་ཆའི་དོན་ཏེ། དཔེར་ན། གཏམ་ཐལ་ཆ་ཆེན་པོ་བཤད། ལྟ་བུ། འདིར་མཛོད་ཁང་ན་ཟིང་ཆ་ཆེན་པོ་བཟོས་མེད་པར་གོ
འཇོབ། ལྷ་སའི་ཡུལ་སྐད་ཅིག་སྟེ། འདིར་གཟན་རྩྭའི་ནང་དུ་སྦངས་མ་དང་རྩམ་པ། འབའ་ཆ་སོགས་བསྲེས་ནས་འོ་མ་འཇོ་སྐབས་སུ་བ་ཕྱུགས་ལ་སྟེར་རྒྱུའི་གཟན་ཆས་ཀྱི་མིང་། ས་ཆ་ལ་ལར་བ་ཕྱུགས་ཀྱི་ལྕི་བ་དང་གཅིན་བསྲེས་མར་གོ་བའང་ཡོད་ཟེར། འདིར་སྔ་མར་གོ་དགོས།
ཞོ་མདུང་ལ་ནུ་ཁུད་ཐུག་པ། ཞོ་མདུང་ནི་ཞོ་དང་འོ་མ་བླུགས་སྣོད་ཡིན། ནུ་ཁུད་ནི་བཞོ་ཟེའི་ཟུར་ལ་བཏགས་པའི་སྣོད་ཆུང་ཆུང་ནང་དུ་སྣུམ་སོགས་བླུགས་ནས་ནུ་མ་འཇོ་སྐབས་ལག་པ་བྱན་ས་ཞིག་གོ།
ཏར་ཀ སྟར་ཀ་དང་དོན་གཅིག་པ་འདྲ།
གཞུང་རྐྱང་། མི་ཚང་མི་རྒྱུ་གཉིས་འཛོམས་ལ་རང་ཁོངས་ནས་འབོད་པའི་ཞེ་ཚིག གཞུང་རྐྱང་གི་གཏོང་ཡོང་རྒྱུ་ནོར། གཞུང་རྐྱང་གི་འཚོ་ཚིས་ལྟ་བུ།
བྱིས་པ་ལོངས་བཞིན་འདུག བྱིས་པ་ནར་སོན་པའི་ཚད་ལ་ལོངས་འདུག་ཅེས་པའི་དོན།
སྲས་སྐུ་བགྲེས། འདིར་སྐུ་དྲག་གི་སྲས་ཆེ་བ་ལ་གོ
མ་ལེ། ཨོག་མ། ཨམ་སྐད་དུ་མ་ནེ་ཟེར།
ཤེལ་ཁྲ། ཤེལ་གྱི་ཁྲ་མ་སྟེ། རྒྱ་སྐད་玻璃窗ཞེས་པ་ཡིན།
འབག་མོ། གསོན་འདྲེ་མ་སྟེ་བུད་མེད་ཀྱི་ངན་མིང་ཞིག
ལྦ་བ། མིའི་སྐེ་ལ་བྱུང་བའི་ནད་རིགས་ཤིག་གི་མིང་། སྐེ་ལྦ་ཡང་ཟེར།
སྒམ་ཤག སྒམ་ལ་གོའམ་སྙམ།
གོ་གཡོག ཐབ་མེ་དཀྲུག་བྱེད་ཀྱི་ཤིང་སྟེ། ཙན་དན་གྱིས་གོ་གཡོག་དང་། གོས་ཆེན་གྱིས་ཐབ་ཕྱིས་བྱེད་མི་རུང་ལྟ་བུ། ཨམ་སྐད་མེ་འབྲུ་འམ་མྱེབ་རུ་ཟེར། ཅོ་ནེ་སྐད་དུ་སོལ་ཐུར་ཟེར།
ཟོན་པ། ལྷམ་གྱི་བྱེ་བྲག་ཟོམ་པ་སྟེ། ལྷམ་ཚོན་ཁྲ་ཅན་མཚལ་གཤར་དང་གཏོར་གསུམ་སོགས་འཇའ་མང་པོ་བསྒྲིགས་པ་ལ་བྱ་རྗེས་ཕར་ཆིན་བཏབ་པ་ཡུ་བ་ནག་པོ་རིང་ཐུང་ཅི་རིགས་སུ་ཡོད་པ་ཞིག་ལ་ཟེར་ཞིང་གཤམ་གྱི་པར་རིས་སུ་འཁོད་པ་དེའོ།།
གྲིལ་ག
ཨ་ཁུ། འདིར་ཨ་ཕའི་སྤུན་ལ་གོ་བ་མིན་ལ་ཨ་མདོའི་རོང་ཕྱོགས་སུ་བྱིས་པ་ཕོ་ལ་ཨ་བོ་ཟེར་སྲོལ་ཡོད་པ་དང་འདྲ་སྙམ། ཁྱོད་ཅེས་པར་གོ་བའང་ཡོད་ཟེར།
ཟ་ཡོན། ཁྱིམ་བདག་ཨ་ཕ།
འཁྱུར་བ། འཕོ་བ། ལས་འགན་འཁྱུར་བ།
གཉེར་ལགས། གཉེར་བའི་བསྡུས་མིང་།
ཨ་བ་སྲས་སྲོས། འདིར་བོད་ཀྱི་མི་དྲག་ཚོའི་ཕྲུ་གུའི་ཞེ་སའི་མིང་སྟེ། མངལ་སྦྲུམ་པ་ལ་ཨ་ཝ་འཁོར་ཞེས་དང་། སྲས་སྲོས་ལ། ཨ་ཝ་སྲས་དང་ཨ་ཝ་སྲས་མོ་ཞེས་འབོད་སྲོལ་ཡོད།