【བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད།】ལྔ་བའི་སྨད།

文摘   文化   2024-09-21 18:46   青海  

རྒྱལ་སྲས་ཟ་འོག
 སྒྲུང་གི་ཀློང་བརྡོལ་ས།།   
 མཚན་གྱི་ཞེ་ཆགས་ས།།       

བྲག་གདོང་བཀྲས་གླིང་དབང་རྡོར།

བྲག་གདོང་བཀྲས་གླིང་དབང་རྡོར།    1934ལོར་བོད་ལྗོངས་རྒྱལ་རྩེ་ཁུལ་བྲག་གདོང་བཀྲས་གླིང་ཞེས་པའི་ཁྱིམ་དུ་སྐྱེས། 1940ལོ་ནས་རྒྱལ་རྩེ། ལྷ་ས་བཅས་སུ་བོད་ཀྱི་ལུགས་རྙིང་སློབ་གྲྭར་ཞུགས། 1946ལོ་ནས་རྒྱ་གར་རྡོ་རྗེ་གླིང་སེན་འཇོ་སེབ་ཏུ་གྲགས་པའི་དབྱིན་ཇིའི་སློབ་གྲྭར་སློབ་སྦྱོང་མཛད་ཅིང་། 1953ལོར་ཕྱིར་ཕེབས་ནས་ལྷ་ལྡན་ཟས་ཞིང་སློབ་གྲྭ་དང་རྒྱལ་རྩེ་སློབ་ཆུང་དུ་དགེ་མིང་མཛད། 1958-1976ལོར་རྒྱལ་རྩེ་གཞོན་ནུ་སྡེ་ཚོགས་ལས་དོན་ཨུ་ཡོན་ལྷན་ཁང་དང་གཞིས་རྩེ་ས་གནས་ལས་བྱེད་སློབ་གྲྭ།  གཞིས་རྩེ་རྟ་ནག་གློག་ཁང་སོགས་སུ་ཕྱག་ལས་མཛད། 1977-1984ལོར་རང་སྐྱོང་ལྗོངས་སློབ་གསོ་ཐིན་དུ་སློབ་གྲྭ་འབྲིང་ཆུང་གི་སློབ་དེབ་རྩོམ་སྒྱུར་མཛད། 1985-1991ལོར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་སུ་ཕྱག་ལས་གནང་མྱོང་།བརྩམས་ཆོས་ལ། རང་རྩོམ་དང་སྒྱུར་རྩོམ་གཉིས་སུ་འདུ། «བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད»ཅེས་སྒྲུང་གཏམ་རིང་གྲས་བོད་ཡིག་དང་དབྱིན་ཡིག་གཉིས་སུ་འབྲི་གནང་མཛད་ལ། «བོད་ཡུལ་དང་བོད་མི»ཞེས་པ་རྒྱ་ཡིག་ནས་དབྱིན་ཡིག་ཏུ་བསྒྱུར།«ཡུལ་སྐོར་སྣེ་ཤན་པའི་ཉིན་དེབ»ཅེས་པ་དབྱིན་ཡིག་གིས་བྲིས་པ་མ་ཟད། «བོད་དབྱིན་རྒྱ་གསུམ་ཤན་སྦྱར་ཚིག་མཛོད»ཅེས་པའི་དེབ་ཆུང་ཞིག་ཀྱང་རྩོམ་སྒྲིག་མཛད། དེ་དག་ལས«བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད»ལ1997ལོར་བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་གི་རླུང་རྟ་བུམ་པའི་བྱ་དགའ་དང་། 1999ལོར་སྐབས་གཉིས་པའི་བོད་ལྗོངས་དུས་རབས་གསར་པའི་རྩོམ་རིག་བྱ་དགའ་ཐོབ།

བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་ཀྱི་ཐ་སྙད་མཆན་འགྲེལ།

འབྲུ་ཚ་རིན་ཆེན་མཁར།

ལེའུ་ལྔ་བ།

ཀེར།  གྱེན་དུ་འགྲེང་བའི་དོན།  འདིར་གྱང་ངོར་རྐང་ཐུར་གཅིག་བྲིས་པའི་དོན། 

གཟར་བུ།  རྒྱུ་ཆ་ཤིང་ལས་བཟོས་ཤིང་ཐུག་པ་བླུགས་བྱེད་ཀྱི་ཤིང་སྐྱོགས་ཀྱི་མིང་། 

འཕར་མ།  འདིར་ལྷག་མའི་དོན།  

རྐྱོང་གདན།  བར་ཚངས་སྲ་མོ་ཅན་གྱི་གདན་ལྟེབས་བརྩེགས་བྱེད་ཆོག་པ་ཞིག

འབའ་ཉེས། ཁ་དན་ནམ་ཁྲིམས་དང་འགལ་ན་ཉེས་ཆད་འདི་ཙམ་འབུལ་གྱི་ཡིན་ཞེས་འབའ་བཞག་པའི་གན་རྒྱ་དང་འགལ་བ།

བཅུ་ལྟིར།  ཆང་བླུག་སའི་སྣོད་ཁོག་ལྡིར་དངུལ་སྲང་བཅུ་རིན་པ་ཞིག་ལ་ཟེར།

སྐུ་ཚོང་།   ཚོང་གི་ཞེ་ས། 

གཟིགས།  འདིར་ཅ་དངོས་ཉོ་བའི་དོན།

དྲག་པ།  མཆོག་གམ་བཟང་བའམ་ལེགས་པའི་དོན། 

བྲེས། རྟ་དྲེལ་སོགས་ལ་གཟན་རྩྭ་སྟེར་སའི་ར་བའི་མིང་། རྟ་བྲེས་ཟེར་བ་བཞིན་ནོ། 

ཡོག     སྐུད་པ་འཁེལ་བའམ་སྒྲིམ་པའི་དོན།

རྐྱན་བུ། ཇ་དང་ཆང་སོགས་བཏུང་བ་འདྲེན་བྱེད་ཀྱི་སྣོད་མཆུ་ཕྲ་ལ་ལྟོ་བ་ལྡིར་བ་ཞིག

མེ་སྙོལ།   དོལ་པོའི་སྐད་དེ་མེ་རོ་དང་དོན་གཅིག་ཡིན་ནམ་སྙམ། 

ཤ་སློམ།  ཁ་ཟས་སོགས་འཇོག་སྣོད་སྨྱུག་མ་དང་ལྕུག་མས་སླས་པ་ཞིག་སྟེ། སློ་མ་དང་གཅིག་ཡིན།

བཤུགས། གྲོགས་པོའམ་བཟང་ས་ནང་ཁུལ་ལ་དངོས་ཟོག་སོགས་ཁེ་བཟང་མི་ལེན་པར་འཚོང་བའི་དོན་ཡིན་མོད། །འདིར་བྱིན་པར་གོའམ་སྙམ།

ཙག་བཤགས།  ཤ་ཁོག་སོགས་དཀྱིལ་ནས་བཤགས་པ།

ཐང་རྐྱལ། སྤགས་གཡོ་བྱེད་ཀྱི་པགས་སྣོད་ཅིག་སྟེ། ཐང་ཁུག་དང་དོན་གཅིག

ཏི་ག   ཆུང་ངུ་ལ་གོའམ་སྙམ། 

ཐོར་རྩྭ།  ཐོ་རེངས་ལ་སྟེར་རྒྱུའི་གཟན་རྩྭ་ཡིན་ནམ་སྙམ།

རྫབ་དོང་།   སྤྱིར་འདམ་རྫབ་ཀྱི་ས་དོང་ལ་གོ་མོད།  འདིར་གཅིན་སྐྱག་གཏོང་སའི་དོང་ཡིན་ནམ་སྙམ།

བཞུ་བཀྱགས། སྒྲོན་མེ་འཇོག་སའི་སྟེགས་བུ་ཡིན་ནམསྙམ  

ཤིང་སྒྲོག    བེད་མེད་ཀྱི་ཤིང་ཆ་ཙག་ཙིག་ཡིན་ནམ་སྙམ།

སི་ར།   ལྕུག་མས་བཏགས་པའི་སླེལ་པོའམ་སྨྱུག་གཤགས་ཀྱིས་བཟོས་པའི་སྣོད།

ཕད་ཁོག   ཅ་དངོས་བླུག་སའི་སྣོད་དམ་སྒྱེ་མོ་ཅུང་ཆེ་རིགས། དཔེར་ན། ཕད་གོག་གི་ནང་དུ་འབྲུ་རིགས་བླུག་དགོས་ལྟ་བུ།

ཨ་ཤིང་།  ཁང་པ་སོགས་ཀྱི་སྒོ་གནོན་བྱེད་གཏན་ཤིང་ལ་ཟེར། 

རྩྭ་རས།   རྩྭ་ཡིས་བཟོས་པའི་རས། ཨམ་སྐད་དུ་རྩོ་སྒྱེ་ཟེར།  

ཁྱི་འདོགས་སར་པེལ་པེལ།  མེ་མདའ་འགེལ་སར་ཨང་གསེས།   སྔར་གྱི་དངོས་པོའི་ཚབ་ཏུ་དངོས་པོ་གཞན་ཞིག་བཞག་པ།   ཚིག་ངོས་ཀྱི་དོན་ནི་ཁྱི་འདོགས་སར་བེའུ་བཏགས། མེ་མདའ་འགེལ་སར་ལྕགས་ཚེབ་བཀལ་ལྟ་བུ་ཡིན་པ་འདྲ།

ཨ་དྲུང་རྟ་ཤད།   ཨ་དྲུང་རྟ་ཞོན་དང་དོན་གཅིག་སྟེ། སྔར་དགའ་ལྡན་ཕོ་བྲང་གཞུང་གི་རྟ་བཞོན་ནས་ཡི་གེ་སྐྱེལ་མཁན་གྱི་བང་ཆེན་གྱི་མིང་།  དཔེར་ན། ཨ་དྲུང་རྟ་ཤད་ལམ་ལ་ཆས། ཨ་དྲུང་རྟ་ཤད་ཀྱི་བཀའ་ཡིག་ལྟ་བུ།

ཟླ་ཕྲ་མོ།  ཅུང་ཙམ་ཞེས་པའི་དོན།

སྣོད་སྒོག་ཕྲུག    སུར་པན་ཆུར་རྡུང་གི་སྣོད།  རྒྱ་སྐད་དུ་辣酱盒ཟེར།

རྫོག་རྡོ།    དངོས་པོ་སོགས་གཅོག་པ་དང་རྡུང་བྱེད་ཀྱི་རྡོ་ཆེན་པོར་གོའམ་སྙམ། 

རྒྱལ་སྲས་ཟ་འོག་ལ་སྤེལ་བའི་བརྩམས་སྒྲུང་དང་ལྷུག་རྩོམ་གང་ཡིན་ཡང་གུས་པས་རང་གི་དགའ་ཕྱོགས་ལྟར་ཡག་པོར་མཐོང་བ་སྐོར་ཞིག་བདམས་པ་ཡིན་ཞིང་། སྒྲོག་འདོན་དང་འཁྲབ་བཤད་བྱེད་སྐབས་ཨ་མདོའི་འབྲོག་སྐད་ལས་མཚོ་སྔོན་པོའི་ཁ་སྐད་གཙོར་བཟུང་སྟེ་བཏོན་ཡོད་པས་ཁ་སྐད་དང་ཡིག་སྐད་གཉིས་དོ་མི་མཉམ་པ་དང་ཀློག་སྟངས་སོགས་ལ་ཡུལ་སྐད་གཞན་དང་མི་མཐུན་སའང་གང་མང་ཡོད་སྲིད། དེ་མིན་ལྷུག་རྩོམ་རྣམས་ཀློག་པའི་སྐབས་སུ་ཁ་སྐད་རྐྱང་རྐྱང་ངམ་ཚིག་ནག་ལ་ཕབ་དྲགས་ན་རྩོམ་པ་པོ་རྣམས་ཀྱིས་ཚིག་རྩལ་བཏོན་པའི་ཆ་རེ་ཉམས་ཨེ་འགྲོར་དོགས་ནས་ཡིག་སྐད་སོར་བཞག་དང་སྐབས་རེར་ཁ་སྐད་དང་ཡིག་སྐད་མཉམ་བསྲེས་བྱས་ཡོད། གཞན་ཡང་། གུས་པ་སྒྲོག་འདོན་ཞེས་པའི་ལམ་ཁར་ཞུགས་ཙམ་ཡིན་ཞིང་སྒྲོག་འདོན་ཞེས་པའི་ཐ་སྙད་འདིའི་སྦྱོར་སྟངས་སོགས་འགྲིག་མིན་གྱི་ཁ་ཚོན་ཡང་གཅོད་དཀའ་ལ། མང་པོས་ཁྱད་མེད་དུ་སྤྱོད་པའི་ཀློག་འདོན་དང་སྒྲོག་འདོན། སྙན་སྒྲོན། གྱེར་འདོན། ཟུར་བཤད། སེམས་གཏམ། འཁྲབ་བཤད་སོགས་ལའང་ཁྱད་པར་ཅུང་ཙམ་རེ་ཡོད་སྲིད་ནའང་ཁོ་བོས་དེ་དག་རེ་རེའི་མཚན་ཉིད་འདི་ཡིན་དང་ཁྱད་པར་འདི་ལྟར་དབྱེ་དགོས་སོགས་ཀྱི་ཐད་ནས་གང་ཡང་སྨྲ་བར་མི་སྤོབས་སོ།།
འབྲུ་ཚ་རིན་ཆེན་མཁར་ནས།

耳根有声
ལུས་ཀྱི་སྟངས་སྟབས་གདོང་གི་ཉམས་འགྱུར་དང་།།ངག་གི་དྲག་ཞན་ཁ་ཡི་འགུལ་སྟངས་སོགས།། མིག་གིས་ཟིན་ཟིན་སྐད་ཀྱིས་མཚོན་པར་བྱེད།།
 最新文章