【གཙུག་གཡུ།】བཅུ་གཉིས་པའི་སྨད།

文摘   文化   2024-04-12 21:22   青海  

རྒྱལ་སྲས་ཟ་འོག
 སྒྲུང་གི་ཀློང་བརྡོལ་ས།།   
 མཚན་གྱི་ཞེ་ཆགས་ས།།       

ཁྱེད་ཀྱིས་ཀློག་མ་ཐུབ་པའི་སྒྲུང་དེ། ཁྱེད་རང་ཀློག་ཁོམ་མ་ཡོད་པའི་དེབ་དེ།

རྒྱལ་སྲས་ཟ་འོག་ན་ཡོད། འབྲུ་ཚའི་ངག་ན་ཡོད།

བོད་ཀྱི་སྒྲུང་གཏམ་གཙུག་གཡུ་ལས་ཁོལ་བཏོན་དབུས་སྐད་ཐ་སྙད་ཁག་ཅིག་གི་མཆན་བུ་བཞུགས།

དེ་ཡང་བོད་ཀྱི་དེང་རབས་སྒྲུང་གཏམ་ཆེས་ཐོག་མའི་མཚན་སྙན་གདན་ཐོབ་ཅན་གཙུག་གཡུ་ཞེས་བྱ་བ་འདི་བཞིན་རྒན་གླང་མདུན་དཔལ་འབྱོར་མཆོག་ནས་རྩོམ་གནང་མཛད་པའི་སྒྱུ་རྩལ་བརྩམ་བྱ་ཕུལ་དུ་བྱུང་བ་ཞིག་ཡིན་པ་གླེང་མེད་ཐོག། འདི་ཉིད་ཀྱི་ཁྲོད་དུ་ཅ་ལག་ཕལ་ཆེར་གྱི་མིང་ནི་ལྷ་སའི་སྐད་ལྟར་དུ་བཞུགས་པ་རྣམས་མཁས་དབང་མང་ཆེ་བས་མཁྱེན་ཚོད་ལགས་ཀྱང་ངེད་ཀྱི་ཨ་མདོའི་གྲོགས་པོ་ཁ་ཅིག་དབུས་སྐད་མགོ་མ་ཚོས་པའམ་སྐབས་སྐབས་གོ་ལོག་ཏུའང་འགྲོ་བ་བཅས་ད་ལམ་གྲོགས་པོ་འབྲུ་ཚ་རིན་ཆེན་མཁར་ལགས་ནས་ཆེད་མངག་གཙུག་གཡུ་འདི་བཞིན་ཨམ་སྐད་དུ་སྒྲོག་འདོན་བྱེད་རྩིས་ཀྱིས་ངེད་ནས་ཐ་སྙད་ཨམ་སྐད་དུ་མེད་པ་རྣམས་ལ་ཟུར་དུ་མཆན་ཐོ་ཞིག་འབྲི་རྒྱུར་ཁས་ལེན་བྱས་པ་ཡིན་ཀྱང་། སྔོན་ཆད་གཙུག་གཡུ་ཞིབ་ཏུ་ཀློག་མྱོང་མེད་སྟབས་ང་རང་ལའང་གོ་དོན་ཞིབ་ཆ་རྟོགས་རྒྱུར་ཆགས་ཐོགས་ཆེན་པོ་བྱུང་སྟེ། གྲོགས་པོས་བློ་བཀལ་བ་ཆུད་ཟོས་སུ་བཏང་སོང་སྙམ་པའི་འཚེར་སྣང་ཡང་སྐྱེས། ཡིན་ནའང་དེང་སང་དྲ་བའི་སྟོབས་ཤུགས་ལ་བརྟེན་ནས་ཚིག་མཛོད་སྣ་ཚོགས་ལག་པས་ལེན་ཆོག་ཏུ་ཡོད་སྟབས། བོད་རྒྱ་ཚིག་མཛོད་དང་དུང་དཀར་ཚིག་མཛོད་ཆེན་མོ། ལྷ་སའི་ཁ་སྐད་ཚིག་མཛོད་བཅས་ལ་གཞི་བཅོལ་གྱིས་སྒྲུང་གཏམ་གྱི་བྱུང་རིམ་ལྟར་མཆན་བུ་འདི་ཙམ་ཞིག་སྒྲིག་ཐུབ་པ་བྱུང་བ་འདི་སྒྲུང་དེབ་རང་དང་ཤན་སྦྱར་དུ་བལྟས་ན་བདེ་བར་སྙམས་ལ། ཐ་སྙད་དཔྱད་གཞི་མ་རྙེད་པའི་རིགས་ལ་མཆན་གནས་སྟོང་པར་བཞག་ཡོད་སྟབས་བློ་ལྡན་སུ་ཞིག་གིས་ཤེས་ཀྱང་ཁ་སྣོན་གསལ་བཀྲོལ་བཀའ་དྲིན་ཆེ་བ་དང་། འདི་ལ་འགལ་འཛོལ་བྱུང་རིགས་རྣམས་ཡང་དག་པར་ཞུ་བའི་རེ་བ་བཅས།

གུས་དབྱངས་ཅན་ལྡིང་ཁང་བས།

ལེའུ་བཅུ་གཉིས་པ།

རྒྱུ། བུ་ག་ཕྲ་མོའི་ནང་དུ་སྐུད་པ་སོགས་འཇུག་པའི་དོན་ད་ལྟ་བ། དུས་གསུམ་བརྒྱུ། རྒྱུ། བརྒྱུས། རྒྱུས། འདིའི་ད་ལྟ་བར་རྒྱུད་དང་རྒྱུ་གདམ་ང་ཡིན།

འོག་ཕྱུ། ཕྱུ་པའི་འོག་ཏུ་གྱོན་རྒྱུ་ཞིག་སྟེ། འོག་འཇུག་ཀྱང་ཟེར་བར་སྙམ།

བཟོ་ལྡེང་། ལྡེང་ནི་ཚད་ལོང་བའི་དོན་ཏེ། ལྡང་དང་འདང་ཞེས་ཀྱངའབྱུང་། གོས་ལྡེང་། གྱོན་ལྡེང་སོགས་ཚིག་གྲོགས་སྐབས་རས་སོགས་གྱོན་པ་གཅིག་གི་རྒྱུ་ལོང་ཚད་ལ་ཟེར། ཨམ་སྐད་གོས་བཟོ་མགོ་གཅིག་ཟེར་བ་ཡིན།

འགྲོ་རིམ་བཞིན་དུ། འདིར་འགྲོ་ཐེངས་རེ་ལ་ཞེས་པའི་དོན་ཡིན་པར་སྙམ།

སྦི་གསང་དོད་པོ། རྫིགསང་དོད་པོ་སྟེ། གནས་ཚུལ་ལྟ་རྟོག་གི་ཚོར་བ་གྲིམ་པོ།

སྡོད་བྱ། ལས་ཁུངས་སོགས་སུ་དུས་ལྟར་ལས་རེས་སྡོད་པའི་དོན་ཏེ། རྒྱ་སྐད་值班ཞེས་པ་ཡིན།

ཁུངས་སྐྱེལ། བདེན་པ་དང་དག་པའི་རྒྱུ་མཚན་ཤོད་པ།  ཁུངས་སྐྱེལ་དངོས་རིགས། ཁུངས་སྐྱེལ་ཡིག་རིགས།

གཞུང་བསྟང་། འདི་གཞུང་བསྲང་ཡིན་པར་སྙམ། དོན་གཞུང་དྲང་པོར་བསྲངས་པའི་དོན།

ཁྲིམས་འདོམས། ཁྲིམས་ཀྱིས་འདོམས་པའི་མིང་སྟེ། དྲང་བདེན་གྱི་སྒོ་ནས་ཁྲིམས་ཀྱིས་ཐག་གཅོད་པ་ལ་ཟེར་བར་སྙམ་པ་བརྟག

ཚ་འདྲི། ཁྲིམས་ཁང་གིས་ཉེས་ཅན་ལ་དྲག་ཤུགས་ཀྱིས་ཞུ་བ་ལེན་པ་སྟེ།  རྟ་ལྕག་བཞུས་ནས་ཚ་འདྲི་བྱེད་པ། རྒྱ་སྐད་刑讯逼供ཞེས་པ་ཡིན།

འབྱོར་ལྕག སྔར་མི་བསད་ཀྱི་གྱོད་དོན་བྱུང་ཕྱིན་གསོད་མཁན་འཛིན་གཟུང་བྱས་ནས་ཁྲིམས་ཁང་དུ་འབྱོར་མ་ཐག་འབྱོར་ལྕག་བརྒྱ་ཉིས་བརྒྱ་རེ་གཏོང་སྲོལ་ཡོད་པ་ལ་ཟེར།

ཁྲག་རལ།

མི་ཕུང་འཁྱིལ། མི་རེ་རེ་བ་ནས་མང་དུ་འཕེལ་ཏེ་མི་ཚོགས་སུ་གྱུར་བའི་དོན།

སྙིང་ཚིམ། གཞན་སྡུག་བསྔལ་བྱུང་བ་ལ་དགའ་སྤྲོ་སྐྱེས་པའམ་དགའ་བའི་ཚིག་བརྗོད་པ་ཞིག་སྟེ།  མི་ངན་ལ་གོད་ཆགས་བྱུང་ན་ཚང་མས་སྙིང་ཚིམ་བགྲང་ཡོང་ལྟ་བུ། འདི་ལ་སྙིང་ཚིམ་རྒྱག སྙིང་ཚིམ་བགྲང་། སྙིང་ཚིམ་འདེབས། སྙིང་ཚིམ་བདར་སོགས་བྱ་ཚིག་ཐོབ། 

མིག་བཞུར། མིག་གིས་མགྱོགས་མྱུར་ངང་བལྟས་པའི་དོན། རྒྱ་སྐད་一瞥ཞེས་པ་ཡིན་པར་སྙམ། འདི་ལ་དེང་སང་མིག་ཞགས་བལྟས་པའམ་མིག་ཞགས་འཕངས་ཟེར་བའང་འདུག་ཀྱང་། མིག་ཞགས་ནི་ཡུལ་སྐད་ཁ་ཤས་ནང་མིག་ལ་ཆུ་ཞགས་འཁོར་བ་སྟེ་མིག་མཐའ་མཆི་མ་འཁོར་བའི་དོན་དུ་བྱེད་པས་བརྟག

རྒྱལ་སྲས་ཟ་འོག་ལ་སྤེལ་བའི་བརྩམས་སྒྲུང་དང་ལྷུག་རྩོམ་གང་ཡིན་ཡང་གུས་པས་རང་གི་དགའ་ཕྱོགས་ལྟར་ཡག་པོར་མཐོང་བ་སྐོར་ཞིག་བདམས་པ་ཡིན་ཞིང་། སྒྲོག་འདོན་དང་འཁྲབ་བཤད་བྱེད་སྐབས་ཨ་མདོའི་འབྲོག་སྐད་ལས་མཚོ་སྔོན་པོའི་ཁ་སྐད་གཙོར་བཟུང་སྟེ་བཏོན་ཡོད་པས་ཁ་སྐད་དང་ཡིག་སྐད་གཉིས་དོ་མི་མཉམ་པ་དང་ཀློག་སྟངས་སོགས་ལ་ཡུལ་སྐད་གཞན་དང་མི་མཐུན་སའང་གང་མང་ཡོད་སྲིད། དེ་མིན་ལྷུག་རྩོམ་རྣམས་ཀློག་པའི་སྐབས་སུ་ཁ་སྐད་རྐྱང་རྐྱང་ངམ་ཚིག་ནག་ལ་ཕབ་དྲགས་ན་རྩོམ་པ་པོ་རྣམས་ཀྱིས་ཚིག་རྩལ་བཏོན་པའི་ཆ་རེ་ཉམས་ཨེ་འགྲོར་དོགས་ནས་ཡིག་སྐད་སོར་བཞག་དང་སྐབས་རེར་ཁ་སྐད་དང་ཡིག་སྐད་མཉམ་བསྲེས་བྱས་ཡོད། གཞན་ཡང་། གུས་པ་སྒྲོག་འདོན་ཞེས་པའི་ལམ་ཁར་ཞུགས་ཙམ་ཡིན་ཞིང་སྒྲོག་འདོན་ཞེས་པའི་ཐ་སྙད་འདིའི་སྦྱོར་སྟངས་སོགས་འགྲིག་མིན་གྱི་ཁ་ཚོན་ཡང་གཅོད་དཀའ་ལ། མང་པོས་ཁྱད་མེད་དུ་སྤྱོད་པའི་ཀློག་འདོན་དང་སྒྲོག་འདོན། སྙན་སྒྲོན། གྱེར་འདོན། ཟུར་བཤད། སེམས་གཏམ། འཁྲབ་བཤད་སོགས་ལའང་ཁྱད་པར་ཅུང་ཙམ་རེ་ཡོད་སྲིད་ནའང་ཁོ་བོས་དེ་དག་རེ་རེའི་མཚན་ཉིད་འདི་ཡིན་དང་ཁྱད་པར་འདི་ལྟར་དབྱེ་དགོས་སོགས་ཀྱི་ཐད་ནས་གང་ཡང་སྨྲ་བར་མི་སྤོབས་སོ།།
འབྲུ་ཚ་རིན་ཆེན་མཁར་ནས།

耳根有声
ལུས་ཀྱི་སྟངས་སྟབས་གདོང་གི་ཉམས་འགྱུར་དང་།།ངག་གི་དྲག་ཞན་ཁ་ཡི་འགུལ་སྟངས་སོགས།། མིག་གིས་ཟིན་ཟིན་སྐད་ཀྱིས་མཚོན་པར་བྱེད།།
 最新文章