【བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད།】བརྒྱད་པའི་སྨད།

文摘   文化   2024-10-03 19:29   甘肃  

རྒྱལ་སྲས་ཟ་འོག
 སྒྲུང་གི་ཀློང་བརྡོལ་ས།།   
 མཚན་གྱི་ཞེ་ཆགས་ས།།       

བྲག་གདོང་བཀྲས་གླིང་དབང་རྡོར།

བྲག་གདོང་བཀྲས་གླིང་དབང་རྡོར།    1934ལོར་བོད་ལྗོངས་རྒྱལ་རྩེ་ཁུལ་བྲག་གདོང་བཀྲས་གླིང་ཞེས་པའི་ཁྱིམ་དུ་སྐྱེས། 1940ལོ་ནས་རྒྱལ་རྩེ། ལྷ་ས་བཅས་སུ་བོད་ཀྱི་ལུགས་རྙིང་སློབ་གྲྭར་ཞུགས། 1946ལོ་ནས་རྒྱ་གར་རྡོ་རྗེ་གླིང་སེན་འཇོ་སེབ་ཏུ་གྲགས་པའི་དབྱིན་ཇིའི་སློབ་གྲྭར་སློབ་སྦྱོང་མཛད་ཅིང་། 1953ལོར་ཕྱིར་ཕེབས་ནས་ལྷ་ལྡན་ཟས་ཞིང་སློབ་གྲྭ་དང་རྒྱལ་རྩེ་སློབ་ཆུང་དུ་དགེ་མིང་མཛད། 1958-1976ལོར་རྒྱལ་རྩེ་གཞོན་ནུ་སྡེ་ཚོགས་ལས་དོན་ཨུ་ཡོན་ལྷན་ཁང་དང་གཞིས་རྩེ་ས་གནས་ལས་བྱེད་སློབ་གྲྭ།  གཞིས་རྩེ་རྟ་ནག་གློག་ཁང་སོགས་སུ་ཕྱག་ལས་མཛད། 1977-1984ལོར་རང་སྐྱོང་ལྗོངས་སློབ་གསོ་ཐིན་དུ་སློབ་གྲྭ་འབྲིང་ཆུང་གི་སློབ་དེབ་རྩོམ་སྒྱུར་མཛད། 1985-1991ལོར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་སུ་ཕྱག་ལས་གནང་མྱོང་།བརྩམས་ཆོས་ལ། རང་རྩོམ་དང་སྒྱུར་རྩོམ་གཉིས་སུ་འདུ། «བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད»ཅེས་སྒྲུང་གཏམ་རིང་གྲས་བོད་ཡིག་དང་དབྱིན་ཡིག་གཉིས་སུ་འབྲི་གནང་མཛད་ལ། «བོད་ཡུལ་དང་བོད་མི»ཞེས་པ་རྒྱ་ཡིག་ནས་དབྱིན་ཡིག་ཏུ་བསྒྱུར།«ཡུལ་སྐོར་སྣེ་ཤན་པའི་ཉིན་དེབ»ཅེས་པ་དབྱིན་ཡིག་གིས་བྲིས་པ་མ་ཟད། «བོད་དབྱིན་རྒྱ་གསུམ་ཤན་སྦྱར་ཚིག་མཛོད»ཅེས་པའི་དེབ་ཆུང་ཞིག་ཀྱང་རྩོམ་སྒྲིག་མཛད། དེ་དག་ལས«བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད»ལ1997ལོར་བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་གི་རླུང་རྟ་བུམ་པའི་བྱ་དགའ་དང་། 1999ལོར་སྐབས་གཉིས་པའི་བོད་ལྗོངས་དུས་རབས་གསར་པའི་རྩོམ་རིག་བྱ་དགའ་ཐོབ།

བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་ཀྱི་ཐ་སྙད་མཆན་འགྲེལ།

འབྲུ་ཚ་རིན་ཆེན་མཁར།


ལེའུ་བརྒྱད་པ།

དོམ་དོམ།  གཙུག་གཡུའི་ནང་གི་སྙིང་དོམ་དང་འདྲའོ།

གོས་ཁ གོས་ཆེན་གྱི་ཁ་གདན་གྲུ་བཞི་ལ་ཟེར།

ཨབ་ཅོར། སློང་མོ་མཁན་ལ་གོ  ཨམ་སྐད་དུ་ཨ་སྐྱོ་བ་དང་དོན་གཅིག་གམ་སྙམ། 

གྲུ་རྫོང་།   གྲུའི་ནང་དུ་འཇུག་རྒྱུའི་དངོས་པོ། 

བོང་རྗེས།   བོང་བུ་འདེད་མཁན།  

མཉན་དཔོན།  གྲུ་གཏོང་མཁན་གྱི་མིང་། 

བརླ་བསྒྲིམས།ས་ལམ་ཞུས།   དམག་མིའི་གུས་འདུད་བྱེད་སྟངས་ཤིག་ལ་གོ། རྒྱ་སྐད་དུ་立正,敬礼ཟེར།

ཀླུ་སྒུག  འདི་ལྷ་ས་གྲོང་ཁྱེར་གྱི་ནུབ་རྒྱུད་གཡུ་ཐོག་ཟམ་པའི་ཉེ་འདབས་སུ་ཡོད་པའི་ས་ཆའི་མིང་། འདིར་ཤོད་སྲོལ་ལ་ཇོ་བོ་ཤཱཀྱ་མུ་ནེ་དང་པོ་མི་ཡུལ་ནས་ཀླུ་ཡུལ་དུ་ཕེབས་པ་དང་། དེ་ནས་སླར་ཡང་རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་གདན་དྲངས་ཤིང་། དེ་ནས་རྒྱ་གར་ཤར་ཕྱོགས་དང་། རྒྱ་ནག་ཏུ་གདན་དྲངས་ནས་མཐར་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་བོད་དུ་གདན་དྲངས་པ་དེའི་སྐོར་ཞིབ་ཆ་ཇོ་ཤཱཀ་རྣམ་གཉིས་ཞེས་པའི་འགྲེལ་བཤད་ནང་གསལ་ཞིང་། ཇོ་བོ་ཤཱཀྱ་མུ་ནེ་ཀླུ་ཡུལ་ནས་མི་ཡུལ་དུ་གདན་འདྲེན་ཞུ་ཁར་ཀླུའི་རྒྱལ་པོས་ཇོ་བོ་ཤཱཀྱ་མུ་ནེ་མཐའ་མཇུག་ཀླུ་ཡུལ་དུ་ཕྱིར་ཕེབས་གནང་དགོས་པའི་ཞུ་བ་ཕུལ་བ་ལྟར་ཞལ་གྱིས་བཞེས་པ་དང་། ཇོ་བོ་བོད་དུ་གདན་འདྲེན་ཞུས་པའི་རྗེས་བྲག་ལྷ་ཀླུ་སྒུག་བྲག་གི་ལྡེབས་སུ་ཀླུའི་རང་བྱོན་བྱུང་སྟེ། ཀླུའི་ལག་པ་དཔྲལ་བ་ལ་བཞག་ནས་བྱ་ར་བྱེད་པའི་བཟོ་དབྱིབས་ཡོད་པ་དེ་ནི་ཇོ་བོ་ཀླུ་ཡུལ་དུ་ནམ་ཕེབས་ཀྱི་དུས་ཚོད་བསྒུགས་ནས་བསྡད་པ་ཡིན་པས་ཀླུ་སྒུག་ཅེས་འབོད་པ་ཡིན་ཀྱང་། རྗེས་སུ་ཀླུ་སྒུག་ཅེས་པ་སྒྲ་འགྱུར་ནས་ཀླུ་སྦུག་ཞེས་འབོད་པ་ཡིན་ཚུལ་དང་། ལྷ་སའི་གཙུག་ལག་ཁང་གི་ཇོ་བོ་ཀླུ་ཡུལ་དུ་ཕེབས་པའི་རྟགས་མཚན་དུ་ཀླུ་སྒུག་བྲག་ལྡེབས་སུ་ཡོད་པའི་ཇོ་བོ་དེ་ཡང་སྐུ་གཟུགས་ཡོངས་རྫོགས་རིམ་བཞིན་འབུར་དུ་ཐོན་ནས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་ཚབ་ཡིན་ཟེར་སྲོལ་ཡོད།

རྒྱལ་པོ་སྟེང་ཤོད། སྟེང་མར་རྒྱལ་པོ་བཞུགས་པའི་ཚུལ་དུ་ཁང་མིག་གཅིག་ཡོད་པ་དེ་ལ་ཟེར་རམ་སྙམ།

གཤམ་བུ།  སྐར་ཁུང་ངམ་སྒེའུ་ཁུང་གི་སྟེང་ཁྱམས་ཀྱི་རས་ཀྱི་གཤམ་བུའི་མིང་སྟེ།  དཔེར་ན། དྲྭ་མིག་ལ་གཤམ་བུ་གསར་པ་བཀལ་ལྟ་བུ།

བརྫངས་ཐོ།  ཅ་ལག་བསྐུར་བའི་ཐོ་ཡིག  རྒྱ་སྐད།订单ཞེས་པ་ཡིན་ནམ་སྙམ།

རྒྱ་རུམ།  རྒྱ་ནག་ནས་ཐོན་པའི་རུམ་གདན་ནམ་ཁེ་བུ་སུ། 

རྒྱ་ཟས་སྒང་།  འདིར་ཟས་གཡོ་སྐོལ་བྱེད་སའི་གཡོས་ཁང་ལ་གོ

སླ་སྤྱོད།  ལས་སླ་མོར་སྤྱོད་པའི་བསྡུས་ཚིག

གཤོམ་སྐྱེས། ཁྱིམ་ཆས་ལ་གོའམ་སྙམ།

ཞལ་བར་འདྲེད་བདར།    ཞལ་ནི་ཁང་པའི་མཐིལ་དང་ངོས་ཀྱི་ཞེ་ས། དེ་རུ་འགྱེལ་པ་ལ་གོའམ་སྙམ། 

རྡོ་ཏིང་། མཚམས་པ་དང་དགོན་པ་གྲྭ་ཚང་གི་བརྡ་གཏོང་བྱེད་ཀྱི་རྡོ་རྔ་ཞིག་ལ་གོ

བདལ་གླ   མིའམ་རྟ་ཁལ་སོགས་ཀྱིས་ཅ་དངོས་སྐྱེལ་འདྲེན་བྱས་པར་སྤྲད་པའི་གླ་ཆ།   དཔེར་ན། བོད་ནས་རྒྱ་གར་བར་དངོས་ཟོག་སྐྱེལ་བར་བདལ་གླ་ཧ་ཅང་ཆེ་ལྟ་བུ།

རྒྱལ་སྲས་ཟ་འོག་ལ་སྤེལ་བའི་བརྩམས་སྒྲུང་དང་ལྷུག་རྩོམ་གང་ཡིན་ཡང་གུས་པས་རང་གི་དགའ་ཕྱོགས་ལྟར་ཡག་པོར་མཐོང་བ་སྐོར་ཞིག་བདམས་པ་ཡིན་ཞིང་། སྒྲོག་འདོན་དང་འཁྲབ་བཤད་བྱེད་སྐབས་ཨ་མདོའི་འབྲོག་སྐད་ལས་མཚོ་སྔོན་པོའི་ཁ་སྐད་གཙོར་བཟུང་སྟེ་བཏོན་ཡོད་པས་ཁ་སྐད་དང་ཡིག་སྐད་གཉིས་དོ་མི་མཉམ་པ་དང་ཀློག་སྟངས་སོགས་ལ་ཡུལ་སྐད་གཞན་དང་མི་མཐུན་སའང་གང་མང་ཡོད་སྲིད། དེ་མིན་ལྷུག་རྩོམ་རྣམས་ཀློག་པའི་སྐབས་སུ་ཁ་སྐད་རྐྱང་རྐྱང་ངམ་ཚིག་ནག་ལ་ཕབ་དྲགས་ན་རྩོམ་པ་པོ་རྣམས་ཀྱིས་ཚིག་རྩལ་བཏོན་པའི་ཆ་རེ་ཉམས་ཨེ་འགྲོར་དོགས་ནས་ཡིག་སྐད་སོར་བཞག་དང་སྐབས་རེར་ཁ་སྐད་དང་ཡིག་སྐད་མཉམ་བསྲེས་བྱས་ཡོད། གཞན་ཡང་། གུས་པ་སྒྲོག་འདོན་ཞེས་པའི་ལམ་ཁར་ཞུགས་ཙམ་ཡིན་ཞིང་སྒྲོག་འདོན་ཞེས་པའི་ཐ་སྙད་འདིའི་སྦྱོར་སྟངས་སོགས་འགྲིག་མིན་གྱི་ཁ་ཚོན་ཡང་གཅོད་དཀའ་ལ། མང་པོས་ཁྱད་མེད་དུ་སྤྱོད་པའི་ཀློག་འདོན་དང་སྒྲོག་འདོན། སྙན་སྒྲོན། གྱེར་འདོན། ཟུར་བཤད། སེམས་གཏམ། འཁྲབ་བཤད་སོགས་ལའང་ཁྱད་པར་ཅུང་ཙམ་རེ་ཡོད་སྲིད་ནའང་ཁོ་བོས་དེ་དག་རེ་རེའི་མཚན་ཉིད་འདི་ཡིན་དང་ཁྱད་པར་འདི་ལྟར་དབྱེ་དགོས་སོགས་ཀྱི་ཐད་ནས་གང་ཡང་སྨྲ་བར་མི་སྤོབས་སོ།།
འབྲུ་ཚ་རིན་ཆེན་མཁར་ནས།

耳根有声
ལུས་ཀྱི་སྟངས་སྟབས་གདོང་གི་ཉམས་འགྱུར་དང་།།ངག་གི་དྲག་ཞན་ཁ་ཡི་འགུལ་སྟངས་སོགས།། མིག་གིས་ཟིན་ཟིན་སྐད་ཀྱིས་མཚོན་པར་བྱེད།།
 最新文章