【གཙུག་གཡུ།】བཅུ་བཞིའི་སྟོད།

文摘   文化   2024-04-16 20:47   青海  

རྒྱལ་སྲས་ཟ་འོག
 སྒྲུང་གི་ཀློང་བརྡོལ་ས།།   
 མཚན་གྱི་ཞེ་ཆགས་ས།།       

ཁྱེད་ཀྱིས་ཀློག་མ་ཐུབ་པའི་སྒྲུང་དེ། ཁྱེད་རང་ཀློག་ཁོམ་མ་ཡོད་པའི་དེབ་དེ།

རྒྱལ་སྲས་ཟ་འོག་ན་ཡོད། འབྲུ་ཚའི་ངག་ན་ཡོད།


བོད་ཀྱི་སྒྲུང་གཏམ་གཙུག་གཡུ་ལས་ཁོལ་བཏོན་དབུས་སྐད་ཐ་སྙད་ཁག་ཅིག་གི་མཆན་བུ་བཞུགས།

དེ་ཡང་བོད་ཀྱི་དེང་རབས་སྒྲུང་གཏམ་ཆེས་ཐོག་མའི་མཚན་སྙན་གདན་ཐོབ་ཅན་གཙུག་གཡུ་ཞེས་བྱ་བ་འདི་བཞིན་རྒན་གླང་མདུན་དཔལ་འབྱོར་མཆོག་ནས་རྩོམ་གནང་མཛད་པའི་སྒྱུ་རྩལ་བརྩམ་བྱ་ཕུལ་དུ་བྱུང་བ་ཞིག་ཡིན་པ་གླེང་མེད་ཐོག། འདི་ཉིད་ཀྱི་ཁྲོད་དུ་ཅ་ལག་ཕལ་ཆེར་གྱི་མིང་ནི་ལྷ་སའི་སྐད་ལྟར་དུ་བཞུགས་པ་རྣམས་མཁས་དབང་མང་ཆེ་བས་མཁྱེན་ཚོད་ལགས་ཀྱང་ངེད་ཀྱི་ཨ་མདོའི་གྲོགས་པོ་ཁ་ཅིག་དབུས་སྐད་མགོ་མ་ཚོས་པའམ་སྐབས་སྐབས་གོ་ལོག་ཏུའང་འགྲོ་བ་བཅས་ད་ལམ་གྲོགས་པོ་འབྲུ་ཚ་རིན་ཆེན་མཁར་ལགས་ནས་ཆེད་མངག་གཙུག་གཡུ་འདི་བཞིན་ཨམ་སྐད་དུ་སྒྲོག་འདོན་བྱེད་རྩིས་ཀྱིས་ངེད་ནས་ཐ་སྙད་ཨམ་སྐད་དུ་མེད་པ་རྣམས་ལ་ཟུར་དུ་མཆན་ཐོ་ཞིག་འབྲི་རྒྱུར་ཁས་ལེན་བྱས་པ་ཡིན་ཀྱང་། སྔོན་ཆད་གཙུག་གཡུ་ཞིབ་ཏུ་ཀློག་མྱོང་མེད་སྟབས་ང་རང་ལའང་གོ་དོན་ཞིབ་ཆ་རྟོགས་རྒྱུར་ཆགས་ཐོགས་ཆེན་པོ་བྱུང་སྟེ། གྲོགས་པོས་བློ་བཀལ་བ་ཆུད་ཟོས་སུ་བཏང་སོང་སྙམ་པའི་འཚེར་སྣང་ཡང་སྐྱེས། ཡིན་ནའང་དེང་སང་དྲ་བའི་སྟོབས་ཤུགས་ལ་བརྟེན་ནས་ཚིག་མཛོད་སྣ་ཚོགས་ལག་པས་ལེན་ཆོག་ཏུ་ཡོད་སྟབས། བོད་རྒྱ་ཚིག་མཛོད་དང་དུང་དཀར་ཚིག་མཛོད་ཆེན་མོ། ལྷ་སའི་ཁ་སྐད་ཚིག་མཛོད་བཅས་ལ་གཞི་བཅོལ་གྱིས་སྒྲུང་གཏམ་གྱི་བྱུང་རིམ་ལྟར་མཆན་བུ་འདི་ཙམ་ཞིག་སྒྲིག་ཐུབ་པ་བྱུང་བ་འདི་སྒྲུང་དེབ་རང་དང་ཤན་སྦྱར་དུ་བལྟས་ན་བདེ་བར་སྙམས་ལ། ཐ་སྙད་དཔྱད་གཞི་མ་རྙེད་པའི་རིགས་ལ་མཆན་གནས་སྟོང་པར་བཞག་ཡོད་སྟབས་བློ་ལྡན་སུ་ཞིག་གིས་ཤེས་ཀྱང་ཁ་སྣོན་གསལ་བཀྲོལ་བཀའ་དྲིན་ཆེ་བ་དང་། འདི་ལ་འགལ་འཛོལ་བྱུང་རིགས་རྣམས་ཡང་དག་པར་ཞུ་བའི་རེ་བ་བཅས།

གུས་དབྱངས་ཅན་ལྡིང་ཁང་བས།

ལེའུ་བཅུ་བཞི་པ།

བཞུགས་སྒྲོམ། སྡོད་སའི་ཤིང་སྒྲོམ་གྱི་མིང་སྟེ། རྒྱ་སྐད་坐榻ཞེས་པ་ཡིན་པར་སྙམ།

ག་ཟི། གསལ་པོ་མ་ངེས་ཀྱང་། བོད་མིའུ་གདུང་དྲུག་ཁྲོད་དུ། སྟག་ལུང་ག་ཟིའི་གདུང་ཞེས་པ་དང་། ཡང་མདོ་མཁར་བ་སོགས་ལ་་ག་ཟའི་གདུང་རྒྱུད་ཅེས་སྟག་ལུང་གི་གདུང་རྒྱུད་རྩ་ཆེར་བརྩི་སྲོལ་ཡོད་པ་དེའི་གདུང་རྒྱུད་ཅིག་ཨེ་ཡིན་སྙམ། དེས་ན་ཞོར་དུ་ཚོད་དཔག་བྱས་ཆོག་པ་ལ་གཙུག་གཡུའི་ནང་གི་ས་དབང་ཞབས་པད་དེ་མདོ་མཁར་བའི་མི་རྒྱུད་ཅིག་ལ་དཔེ་བལྟས་ནས་བྲིས་པར་སྙམ་པ་འདི་འཕྲོས་བཤད་ཡིན།

དྲག་ངོ་། ནད་གཞི་དྲག་སྐྱེད་ཀྱི་ཚད་ལ་གོ་བར་སྙམ།

མོ་ཡན། བདག་མེད་ཀྱི་བུ་མེད་ཧྲང་ཧྲང་ངམ། ཁང་པ་གླས་ཏེ་སྡོད་པའི་དུད་ཚང་གཉིས་ལ་གོ་བ་ལས་འདིར་ཕྱི་མ་ལ་གོ་བར་སྙམ་པ་བརྟག

གསེད་བཀྲོལ། གསེད་ནི་བལ་སོགས་སྣེ་འཛིངས་པ་རྨེལ་བའི་དོན་དང་། གསེད་བཀྲོལ་ཞེས་རྙོག་འཛིང་ཆེ་རིགས་ཞིབ་ཏུ་སོ་སོར་དབྱེ་བའམ་རྒྱུ་མཚན་གསལ་པོར་བཤད་པའི་དོན་སྟེ། འདི་ལ་ཚིག་སྦྱངས་གསེད་བཀྲོལ་དང་བདེན་མིན་གསེད་བཀྲོལ་ཞེས་སྣེ་འཛིངས་པའི་རིགས་དང་རྩོད་གཞི་སོགས་ལ་སྦྱོར་མང་བ་ཡིན། རྒྱ་སྐད་辩解、理清头绪ཞེས་པ་ལྟ་བུ་ཡིན་པར་སྙམ།

རྡེག་འཚོག རྡུང་རྡེག་བྱས་པའི་དོན་ཏེ། འཚོག་འདི་དུས་གསུམ་དབང་དུ་འཚོག་བྱེད། བཙོག་བྱ། བཙོགས་ཟིན། འཚོགས་ཤིག་བཅས་འབྱུང་བ་ལ། ལྷ་སའི་ཡུལ་སྐད་ནང་རྫོག་ཅེས་རྡུང་བའི་དོན་གྱི་ཡུལ་སྐད་དེའང་འདི་ལས་བྱུང་ངམ་སྙམ་པ་བརྟག

གདོང་བཤེར་ར་སྤྲོད། དངོས་སུ་གདོང་ཐུག་ནས་ར་སྤྲོད་བྱེད་པ།  ཕན་ཚུན་གཉིས་ཀྱི་བཤད་ཚུལ་འགལ་འཛོལ་ཆེ་བས་གདོང་བཤེར་ར་སྤྲོད་མི་བྱེད་ཐབས་མེད་བྱུང་ལྟ་བུ། རྒྱ་སྐད་对证、当面质对ཞེས་པ་ཡིན།

ཁྲིམས་ས། ཁྲིམས་ཁང་ངམ་ཁྲིམས་ར་ཞེས་པ་དང་འདྲ་སྟེ། རྒྱ་སྐད་法院、法庭ཞེས་པ་ཡིན།

ངོ་ཤེས་གཏོང་བ། འགྲུལ་པའི་སྣེ་འདྲེན་ནམ་ཁ་ཡ་ངོ་ཡ་བྱས་པའི་དོན། རྒྱ་སྐད་打招呼ཞེས་པ་ཡིན།  འདིའི་ཁ་ཡ་ངོ་ཡ་ཞེས་པ་ནི་ཨམ་སྐད་ནང་འགྲན་ཟླར་ལངས་པའི་དོན་དེ་མ་ཡིན། 

མཐའ་བཀར། ལོགས་སུ་བཀར་བའམ་འདིར་མཐའ་གཅིག་ཏུ་དོན་དག་གཅིག་རང་དམིགས་སུ་བཟུང་བའི་དོན་མིན་ནམ་སྙམ།

སྡིགས་ར། འཇིགས་སྐུལ་གྱི་སྟངས་ཀ་སྟེ། སྡིགས་ར་སྐུལ་ཞེས་པ་ལྟ་བུ།  འདི་ལ་སྡིགས་རི་ཞེས་ཡང་ཟེར་རམ་སྙམ། རྒྱ་སྐད་威胁、恐吓ཞེས་པ་ཡིན།

དགོངས་འཇགས། ཡིད་འཇགས་ཞེས་ཀྱང་བྱ་སྟེ། ཡིད་ལ་ངེས་པའམ་ངེས་དགོས་པའི་དོན།

ངན་རྒྱབ། ངན་པའི་རྒྱབ་རོགས་ཏེ། རྒྱ་སྐད་帮凶ལྟ་བུ་དང་། ངན་རྒྱབ་བསྟེན་བསྐྱིལ་ཞེས་ནག་ཅན་སྐུང་ཉར་རམ་སྦ་འགེབས་བྱས་པ་སྟེ། རྒྱ་སྐད包庇、窝藏ཞེས་པ་ཡིན།

སྦེད་འགེབས། སྦ་འགེབས་ཏེ། ཉེས་སྐྱོན་མི་མངོན་པར་བྱེད་ཐབས། རྒྱ་སྐད་包庇、隐匿ཞེས་པ་ཡིན།

རྐྱེན་འགྱུར། ལུས་ཀྱི་བཟོ་ལྟ་རྣམ་འགྱུར་བརྗེས་པའི་དོན་ཡིན་པར་སྙམ་པ་བརྟག

དཔྲལ་ལྤགས་མཐུག་པོ། དཔྲལ་ཀོ་མཐུག་པོ་ཞེས་ཀྱང་བྱ་སྟེ། གདོང་ལྤགས་མཐུག་པོ་དང་གདོང་ཚན་ཆེ་བའམ་ངོ་ཚ་འཛེམ་བག་ཆུང་བའི་དོན།

རྒྱལ་སྲས་ཟ་འོག་ལ་སྤེལ་བའི་བརྩམས་སྒྲུང་དང་ལྷུག་རྩོམ་གང་ཡིན་ཡང་གུས་པས་རང་གི་དགའ་ཕྱོགས་ལྟར་ཡག་པོར་མཐོང་བ་སྐོར་ཞིག་བདམས་པ་ཡིན་ཞིང་། སྒྲོག་འདོན་དང་འཁྲབ་བཤད་བྱེད་སྐབས་ཨ་མདོའི་འབྲོག་སྐད་ལས་མཚོ་སྔོན་པོའི་ཁ་སྐད་གཙོར་བཟུང་སྟེ་བཏོན་ཡོད་པས་ཁ་སྐད་དང་ཡིག་སྐད་གཉིས་དོ་མི་མཉམ་པ་དང་ཀློག་སྟངས་སོགས་ལ་ཡུལ་སྐད་གཞན་དང་མི་མཐུན་སའང་གང་མང་ཡོད་སྲིད། དེ་མིན་ལྷུག་རྩོམ་རྣམས་ཀློག་པའི་སྐབས་སུ་ཁ་སྐད་རྐྱང་རྐྱང་ངམ་ཚིག་ནག་ལ་ཕབ་དྲགས་ན་རྩོམ་པ་པོ་རྣམས་ཀྱིས་ཚིག་རྩལ་བཏོན་པའི་ཆ་རེ་ཉམས་ཨེ་འགྲོར་དོགས་ནས་ཡིག་སྐད་སོར་བཞག་དང་སྐབས་རེར་ཁ་སྐད་དང་ཡིག་སྐད་མཉམ་བསྲེས་བྱས་ཡོད། གཞན་ཡང་། གུས་པ་སྒྲོག་འདོན་ཞེས་པའི་ལམ་ཁར་ཞུགས་ཙམ་ཡིན་ཞིང་སྒྲོག་འདོན་ཞེས་པའི་ཐ་སྙད་འདིའི་སྦྱོར་སྟངས་སོགས་འགྲིག་མིན་གྱི་ཁ་ཚོན་ཡང་གཅོད་དཀའ་ལ། མང་པོས་ཁྱད་མེད་དུ་སྤྱོད་པའི་ཀློག་འདོན་དང་སྒྲོག་འདོན། སྙན་སྒྲོན། གྱེར་འདོན། ཟུར་བཤད། སེམས་གཏམ། འཁྲབ་བཤད་སོགས་ལའང་ཁྱད་པར་ཅུང་ཙམ་རེ་ཡོད་སྲིད་ནའང་ཁོ་བོས་དེ་དག་རེ་རེའི་མཚན་ཉིད་འདི་ཡིན་དང་ཁྱད་པར་འདི་ལྟར་དབྱེ་དགོས་སོགས་ཀྱི་ཐད་ནས་གང་ཡང་སྨྲ་བར་མི་སྤོབས་སོ།།
འབྲུ་ཚ་རིན་ཆེན་མཁར་ནས།

耳根有声
ལུས་ཀྱི་སྟངས་སྟབས་གདོང་གི་ཉམས་འགྱུར་དང་།།ངག་གི་དྲག་ཞན་ཁ་ཡི་འགུལ་སྟངས་སོགས།། མིག་གིས་ཟིན་ཟིན་སྐད་ཀྱིས་མཚོན་པར་བྱེད།།
 最新文章