【བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད།】དགུ་བ།

文摘   文化   2024-10-05 18:44   青海  

རྒྱལ་སྲས་ཟ་འོག
 སྒྲུང་གི་ཀློང་བརྡོལ་ས།།   
 མཚན་གྱི་ཞེ་ཆགས་ས།།       

བྲག་གདོང་བཀྲས་གླིང་དབང་རྡོར།

བྲག་གདོང་བཀྲས་གླིང་དབང་རྡོར།    1934ལོར་བོད་ལྗོངས་རྒྱལ་རྩེ་ཁུལ་བྲག་གདོང་བཀྲས་གླིང་ཞེས་པའི་ཁྱིམ་དུ་སྐྱེས། 1940ལོ་ནས་རྒྱལ་རྩེ། ལྷ་ས་བཅས་སུ་བོད་ཀྱི་ལུགས་རྙིང་སློབ་གྲྭར་ཞུགས། 1946ལོ་ནས་རྒྱ་གར་རྡོ་རྗེ་གླིང་སེན་འཇོ་སེབ་ཏུ་གྲགས་པའི་དབྱིན་ཇིའི་སློབ་གྲྭར་སློབ་སྦྱོང་མཛད་ཅིང་། 1953ལོར་ཕྱིར་ཕེབས་ནས་ལྷ་ལྡན་ཟས་ཞིང་སློབ་གྲྭ་དང་རྒྱལ་རྩེ་སློབ་ཆུང་དུ་དགེ་མིང་མཛད། 1958-1976ལོར་རྒྱལ་རྩེ་གཞོན་ནུ་སྡེ་ཚོགས་ལས་དོན་ཨུ་ཡོན་ལྷན་ཁང་དང་གཞིས་རྩེ་ས་གནས་ལས་བྱེད་སློབ་གྲྭ།  གཞིས་རྩེ་རྟ་ནག་གློག་ཁང་སོགས་སུ་ཕྱག་ལས་མཛད། 1977-1984ལོར་རང་སྐྱོང་ལྗོངས་སློབ་གསོ་ཐིན་དུ་སློབ་གྲྭ་འབྲིང་ཆུང་གི་སློབ་དེབ་རྩོམ་སྒྱུར་མཛད། 1985-1991ལོར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་སུ་ཕྱག་ལས་གནང་མྱོང་།བརྩམས་ཆོས་ལ། རང་རྩོམ་དང་སྒྱུར་རྩོམ་གཉིས་སུ་འདུ། «བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད»ཅེས་སྒྲུང་གཏམ་རིང་གྲས་བོད་ཡིག་དང་དབྱིན་ཡིག་གཉིས་སུ་འབྲི་གནང་མཛད་ལ། «བོད་ཡུལ་དང་བོད་མི»ཞེས་པ་རྒྱ་ཡིག་ནས་དབྱིན་ཡིག་ཏུ་བསྒྱུར།«ཡུལ་སྐོར་སྣེ་ཤན་པའི་ཉིན་དེབ»ཅེས་པ་དབྱིན་ཡིག་གིས་བྲིས་པ་མ་ཟད། «བོད་དབྱིན་རྒྱ་གསུམ་ཤན་སྦྱར་ཚིག་མཛོད»ཅེས་པའི་དེབ་ཆུང་ཞིག་ཀྱང་རྩོམ་སྒྲིག་མཛད། དེ་དག་ལས«བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད»ལ1997ལོར་བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་གི་རླུང་རྟ་བུམ་པའི་བྱ་དགའ་དང་། 1999ལོར་སྐབས་གཉིས་པའི་བོད་ལྗོངས་དུས་རབས་གསར་པའི་རྩོམ་རིག་བྱ་དགའ་ཐོབ།

བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་ཀྱི་ཐ་སྙད་མཆན་འགྲེལ།

འབྲུ་ཚ་རིན་ཆེན་མཁར།


ལེའུ་དགུ་བ།

གྲིབ་ཁུང་།    ཉི་འོད་ཤར་མི་ཐུབ་པའི་ཁང་པ། 

ལྕགས་མདོང་། འདིར་ལྕགས་ཀྱི་དུ་ཁུང་ལ་གོའམ་སྙམ། 

སྤུས་འབོར།    སྤུས་ཀ་དང་གྲངས་ཀའི་བསྡུས་མིང་།

དོས།      དགལ་བྱའི་ཁལ་ལམ་ཁུར་བོའི་མིང་སྟེ།བལ་དོས་སྔོན་ལ་བསྐྱལ་ལྟ་བུ།

དཀར་རྟགས།   གྲོ་ཕྱེ་མཐེབ་ཆེན་ལ་བྱུགས་ནས་གདུང་མ་དང་རྩིག་ངོས་སུ་བྱུགས་པའི་དབུས་ཀྱི་རྟེན་འབྲེལ་གྱི་མཚོན་རྟགས་ཤིག

བསྐོལ་ལྡན།   དགུན་དུས་སུ་བོད་ཆང་ལ་བུ་རམ་དང་སྔོ་ཕྱུར། རྩམ་ཕྱེ་གསུམ་བཏབ་ནས་བསྐོལ་བའི་བཏུང་བྱ་ཞིག  དཔེར་ན།   དགུན་དུས་གྲངས་ངར་ཆེ་སྐབས་སྐོལ་ལྡན་འཐུང་ལྟ་བུ། 

ཐེབས་པད།   བྱ་སྒྲོ་སོགས་ལས་བཟོས་པའི་རྐང་རྩེད་རྩེད་ཆས་ཤིག ལག་པ་མི་འཆང་བར་རྐང་པ་དང་མགོ ཕྲག་པ་དང་བྲང་སོགས་ཀྱིས་གཞུས་ནས་ས་ལ་ལྷུང་དུ་མི་འཇུག་པར་ཕན་ཚུན་ལ་འཕེན་རེས་བྱ་རྒྱུ་ཞིག་ཡིན།

ཨབ་ཅུག   ར་ལུག་སོགས་ཀྱི་པུས་ཚིགས་རུས་ཆུང་བྱིས་པ་རྣམས་ཀྱིས་རྩེད་སྤྱད་བྱེད་པ་དེ་ལ་ཨ་ཅུག་ཟེར་འདུག་མོད་དེ་ཡིན་ནམ་སྙམ། ཨམ་སྐད་ཐེ་གེ་ཟེར། 

དངུལ་སྐྱུར།     དངུལ་སྒོར་སར་གཡུགས་ནས་རྩེད་རྒྱུའི་རྩེ་མོ་ཞིག

རྒྱ་ལུ་ཆས།   སྔར་བོད་གཞུང་གི་མཛད་སྒོ་གལ་ཆེན་ཁག་གི་སྐབས། དྲུང་འཁོར་ཚོས་གྱོན་རྒྱུའི་ཆས་ཤིག་སྟེ། དེར་རྒྱལ་སྲིད་སྣ་བདུན་ཚང་ལུགས་ནི། གཟན་གྱིས་གླང་ཆེན། ཀོང་རྣས་འཁོར་ལོ། པན་ཏོག་གིས་བཙུན་མོ། སྐེད་གྲིས་དམག་དཔོན། ཁུག་ཁྲ་ཐིག་ཤུབས་ཀྱིས་རྟ་མཆོག ཨར་ཀོང་གིས་བློན་པོ། རིན་ཆེན་སྤྱིས་ནོར་བུ་རིན་པོ་ཆེ་བཅས་མཚོན། འདིའི་སྲོལ་གཏོད་པ་པོ་ནི་དུས་རབས་བཅུ་བཞི་པར་སྣེའུ་གདོང་མི་དབང་གྲགས་པ་རྒྱལ་མཚན་ཡིན། 

དབུ་ཞྭ་ཨར་ཀོང་།   དཔོན་ཞྭ་དཀར་པོ་ཞིག་ལ་གོ

ལྷམ་འཇའ་ཆེན།     གཙུག་གཡུ་རུ་གསལ། 

ཚོགས་ཆེན་ཞལ་ངོ་། དགོན་པ་ཁག་གི་གྲྭ་པ་ཚོའི་འདུལ་ཁྲིམས་དང་སྒྲིག་ལམ་ལ་ལྟ་རྟོག་གནང་མཁན་གྱི་ལས་སྣེ་གཙོ་བོ།  དཔེར་ན། ཚོགས་ཆེན་ཞལ་ངོའི་ཡན་ལ་མི་མེད། གནས་ཆུང་ཆོས་རྒྱལ་ཡན་ལ་ལྷ་མེད་ཅེས་ཟེར་སྲོལ་ཡོད་པ་ལྟ་བུ།

དགེ་གཡོག།    དགེ་བསྐོས་ཀྱི་ཞབས་ཕྱིའམ་ཆབ་རིལ་གྱི་མིང་ལ་ཟེར།

གཏུན་ཁུང་ཆུ་མིག     ལྷ་སའི་གཙུག་ལག་ཁང་གི་ཕྱོགས་བཞིར་ཁྲོན་པ་བཞི་ཡོད་ལུགས་བརྗོད་སྲོལ་ཡོད་པའི་ཡ་གྱལ་ཏེ། དེ་ནི་ལྷ་སའི་གཙུག་ལག་ཁང་གི་ཡོན་ཆབ་ལེན་ས་ཡིན་སྟབས། ཤོ་བཤད་ནང་ལའང་གཏུན་ཁུང་ཆུ་མིག་ནས་ཆུ་ཞིག་ལེན། ལྷ་སའི་ཇོ་བོར་ཡོན་ཆབ་ཕུལ་ཞེས་བརྗོད་སྲོལ་ཡོད། དེ་སྔ་ལྷ་སའི་སྨོན་ལམ་ཆེན་མོ་དང་ཚོགས་མཆོད་སྐབས་བཞེས་ཐུག་གི་ཆུ་གཏུན་ཁུང་ཆུ་མིག་ནས་བླངས་ཡོད། དེང་སྐབས་ཁྲོན་པ་དེའི་རྒྱུད་དུ་སྡོད་མཁན་གྱིས་ཁྲོན་པ་དེར་གཙང་སྦྲ་ལེགས་པོ་ཡོང་ཕྱིར་རྫ་གོ་སེར་རྩིའི་རྒྱ་ཕིབས་དབྱིབས་ཀྱི་ཐོག་ལྡན་གྱི་ཀ་ཕིབས་དང་། རྒྱ་རྡོའི་སྒྲོམ་སྐྱོར་སོགས་ཚར་དུ་དངར་བ་བཟོས་འདུག དེ་བཞིན་གཙུག་ལག་ཁང་གི་ནུབ་ཏུ་ཡོད་པའི་རྡོ་སྒོར་གྱི་ཁྲོན་པའི་ཤུལ་དུའང་རྡོ་སྐྱོར་བསྐོང་ནས་བདག་གཅེས་གང་ལེགས་བྱས་ཏེ་ད་ལྟ་མཐོང་རྒྱུ་ཡོད།

ཞལ་ངོ་སྒང་།       སྐབས་དེའི་་སྒྲིག་ལམ་ལྟ་རྟོག་བྱེད་མཁན་གྱི་ལས་ཁུངས་ལ་གོ།

སྦང་འཛིན།       རྟ་སྦང་བཏང་ཆོག་པའི་ཆོག་མཆན་ཡི་གེ་ཞིག་ལ་གོ

ཐོག་བཤུས་ཟིན་ཏེ།      ཁང་ཀླད་བཀོག་ཟིན་པ་ཡིན་ནམ་སྙམ།

ཅི་ནི།      ཀ་ར་བྱེ་མ་ལ་གོའམ་སྙམ།

ཡི་ཙེ།     འདག་ཆལ་ལ་གོ  རྒྱ་སྐད胰子ཟེར།

མུ་ཟི།     འདིར་འབར་ཞུན་ལ་གོའམ་སྙམ།

བྱིང་ནག་པོ།      གཙུག་གཡུ་རུ་བྱིང་དཀར་པོ་ལ་འགྲེལ་བ་རྒྱབ་པ་ནང་བཞིན་ནོ།

ཨུ་མུ་སུ།      སོག་སྐད་ཡིན་པ་འདྲ་སྟེ།  རྐང་ཤུབས་ལ་གོ་མོད།   འདིར་སྐུད་པའི་སླེས་པའི་ཞྭ་མོ་ལ་གོ

གོས་ཀྱིས་མི་བཟོ་བ་ཐག་ཆོད་རེད།    གོས་ཀྱིས་མི་བརྒྱན་ཡོང་བ་ཐག་ཆོད་རེད་ཟེར་བ་ལྟ་བུ།  

རྒྱལ་སྲས་ཟ་འོག་ལ་སྤེལ་བའི་བརྩམས་སྒྲུང་དང་ལྷུག་རྩོམ་གང་ཡིན་ཡང་གུས་པས་རང་གི་དགའ་ཕྱོགས་ལྟར་ཡག་པོར་མཐོང་བ་སྐོར་ཞིག་བདམས་པ་ཡིན་ཞིང་། སྒྲོག་འདོན་དང་འཁྲབ་བཤད་བྱེད་སྐབས་ཨ་མདོའི་འབྲོག་སྐད་ལས་མཚོ་སྔོན་པོའི་ཁ་སྐད་གཙོར་བཟུང་སྟེ་བཏོན་ཡོད་པས་ཁ་སྐད་དང་ཡིག་སྐད་གཉིས་དོ་མི་མཉམ་པ་དང་ཀློག་སྟངས་སོགས་ལ་ཡུལ་སྐད་གཞན་དང་མི་མཐུན་སའང་གང་མང་ཡོད་སྲིད། དེ་མིན་ལྷུག་རྩོམ་རྣམས་ཀློག་པའི་སྐབས་སུ་ཁ་སྐད་རྐྱང་རྐྱང་ངམ་ཚིག་ནག་ལ་ཕབ་དྲགས་ན་རྩོམ་པ་པོ་རྣམས་ཀྱིས་ཚིག་རྩལ་བཏོན་པའི་ཆ་རེ་ཉམས་ཨེ་འགྲོར་དོགས་ནས་ཡིག་སྐད་སོར་བཞག་དང་སྐབས་རེར་ཁ་སྐད་དང་ཡིག་སྐད་མཉམ་བསྲེས་བྱས་ཡོད། གཞན་ཡང་། གུས་པ་སྒྲོག་འདོན་ཞེས་པའི་ལམ་ཁར་ཞུགས་ཙམ་ཡིན་ཞིང་སྒྲོག་འདོན་ཞེས་པའི་ཐ་སྙད་འདིའི་སྦྱོར་སྟངས་སོགས་འགྲིག་མིན་གྱི་ཁ་ཚོན་ཡང་གཅོད་དཀའ་ལ། མང་པོས་ཁྱད་མེད་དུ་སྤྱོད་པའི་ཀློག་འདོན་དང་སྒྲོག་འདོན། སྙན་སྒྲོན། གྱེར་འདོན། ཟུར་བཤད། སེམས་གཏམ། འཁྲབ་བཤད་སོགས་ལའང་ཁྱད་པར་ཅུང་ཙམ་རེ་ཡོད་སྲིད་ནའང་ཁོ་བོས་དེ་དག་རེ་རེའི་མཚན་ཉིད་འདི་ཡིན་དང་ཁྱད་པར་འདི་ལྟར་དབྱེ་དགོས་སོགས་ཀྱི་ཐད་ནས་གང་ཡང་སྨྲ་བར་མི་སྤོབས་སོ།།
འབྲུ་ཚ་རིན་ཆེན་མཁར་ནས།

耳根有声
ལུས་ཀྱི་སྟངས་སྟབས་གདོང་གི་ཉམས་འགྱུར་དང་།།ངག་གི་དྲག་ཞན་ཁ་ཡི་འགུལ་སྟངས་སོགས།། མིག་གིས་ཟིན་ཟིན་སྐད་ཀྱིས་མཚོན་པར་བྱེད།།
 最新文章